ལྔ་ལྔའི་གུང་གསེང་སྐབས། ས་གནས་སོ་སོས་ཕུན་སུམ་ཚོགས་པའི་ཁྱད་ལྡན་བྱེད་སྒོ་སྤེལ་ནས། མི་རྣམས་ཀྱིས་སྣྲོན་ཟླ་ལྔ་བའི་དམངས་སྲོལ་ནང་ཞུགས་ནས་གུང་གསེང་གི་བདེ་སྐྱིད་འཚོ་བར་རོལ་བ་རེད།
གུང་གསེང་སྐབས། ས་གནས་སོ་སོའི་མཛེས་ཁུལ་དུ་ཡུལ་སྐོར་པ་འཚང་ཁ་ཤིག་ཤིག་དང་ཁྱད་ལྡན་བྱེད་སྒོ་ཕུན་སུམ་ཚོགས་པོ་སྤེལ་ཞིང་། རྨ་ཆུ་ཧུའུ་ཁོའུ་རྦབ་ཆུ་ལ་དབྱར་གྱི་ལྟད་མོ་ཆེ་བའི་མཛེས་སྡུག་རྣམ་པ་མངོན་ཞིང་ མཛེས་ཁུལ་གྱིས་ཆེད་དུ་གཟུགས་མེད་རིག་གནས་ཤུལ་བཞག་དང་རིག་གནས་ཡུལ་སྐོར་ཟུང་འབྲེལ་བྱེད་པའི་བརྗོད་དོན་བྱེད་སྒོ་དུ་མ་སྤེལ་ཏེ། སྐམ་སའི་འབྲུག་གྲུ་འགྲན་བསྡུར་དང་ཧུའུ་ཁོའུ་རྔ་བྲོ་སོགས་ཁྱད་ལྡན་ལྟད་མོ་རེས་མོས་སུ་འཁྲབ་སྟོན་བྱས་ཡོད། ཧྲན་ཞི་ཐའེ་ཡོན་དུ། ཅིན་ཚིའི་དངོས་མང་བཤམས་སྟོན་ཁང་ལ་འགྲུལ་བ་ཆེས་མང་བའི་དུས་ལ་འབབ་ཡོད་པས། མཛེས་ཁུལ་གྱིས་དུས་མཉམ་དུ་བྱེད་སྒོ་སྣ་ཚོགས་སྤེལ་ནས། མི་རྣམས་ཀྱིས་ཞབས་བྲོ་དང་དམངས་ཁྲོད་རོལ་ཆས་འཁྲབ་སྟོན་རོལ་བ་དང་། གཟུགས་མེད་རིག་གནས་ཤུལ་བཞག་བཟོ་བའི་མྱོང་ཚོར་བྱས་ཆོག་པ་རེད། མཚོ་སྔོན་པོ་རུ། ཡུལ་སྐོར་བ་རྣམས་མཚོ་ཁ་ནས་སྐོར་བྲོ་འཁྲབ་པ་དང་མཚོ་ཡི་མཛེས་ལྗོངས་ལ་ལྟད་མོ་ལྟ་བ། ཆུ་བྱ་སྣ་ཚོགས་གཤོག་རྩལ་དང་མཉམ་དུ་པར་རྒྱག་པ་སོགས་སྐྱེ་ཁམས་ཀྱི་མཛེས་སྡུག་ལ་ངོམ་མེད་རོལ་བ་རེད།
ལྔ་ལྔའི་གུང་གསེང་སྐབས། ཀུའེ་ཀྲིའུ་ཆེན་ཏུང་ནན་ཀྲིའུ་ཧྲི་པིང་རྫོང་དུ་མི་སྟོང་གིས་ཤིང་འབྲུག་གྲུ་འཁྱིལ་དང་འབྲུག་གྲུ་ཆུར་ཞུགས་གཡེང་སྐོར། བྱ་གག་་འཕྲོག་རེས།མདུན་ཅོག་རིང་མོའི་གསོལ་སྟོན་སོགས་མུ་འབྲེལ་བྱེད་སྒོ་གང་མང་སྤེལ་ནས། ཡུལ་སྐོར་པ་དང་ས་གནས་མི་སེར་མཉམ་པོར་སྲོལ་རྒྱུན་དུས་ཆེན་གྱི་ངོ་མཚར་ཅིས་ཀྱང་རོལ་མྱོང་བྱས་ཡོད། ཧེ་ལུང་ཅང་ཧྲང་ཡ་རི་བོའི་དེང་རབས་ཞིང་ལས་ཚན་རྩལ་དཔེ་སྟོན་གླིང་ཁུལ་ནས། མུའུ་བདུན་ཅུའི་པད་ཁ་མེ་ཏོག་རྣམ་པར་བཞད་ཡོད་པས། ཡུལ་སྐོར་བ་ཚོས་ལྟད་མོ་དང་པར་ལེན་ཅི་དགའ་རོལ་ཡོད། ཧུའུ་པེ་ཝུའུ་ཧན་ནས་འཕྲུལ་མིའི་བསྐལ་བཟང་བྱེད་སྒོ་སྤེལ་ཏེ། འཕྲུལ་མི་རིགས་བརྒྱ་ལྷག་མཉམ་དུ་འགྲེམ་སྟོན་བྱས་ནས། ཡུལ་སྐོར་བ་ཚོས་དམིགས་བསལ་གྱི་གུང་གསེང་ཞིག་རོལ་བ་རེད།
གུང་གསེང་སྐབས་ཀྱི་མཚན་མོ་ལའང་ངོ་མཚར་ཆེན་པོ་ཡོད་དེ། ཡུན་ནན་མེ་ཧྲན་རྫོང་གིས་གཟུགས་མེད་རིག་གནས་ཤུལ་བཞག་དང་མཚན་མོའི་ཡུལ་སྐོར་ཟུང་འབྲེལ་གྱི་རྣམ་པ་བརྒྱུད་དེ། ཡུལ་སྐོར་བ་ཚོར་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ལག་རྩལ་དང་མི་རིགས་ཡུལ་སྲོལ་མཉམ་དུ་འདྲེས་པའི་རིག་གནས་གསོལ་སྟོན་གཟབ་རྒྱས་བཤམས། ཧོང་ཧའེ་མཚོ་འགྲམ་དུ་ཡོད་པའི་ཅང་སུའུ་རུའུ་ཏུང་ནས། ཚན་རྩལ་དང་སྣང་ཡན་ཟུང་དུ་འབྲེལ་བའི་ངོ་མཚར་ཆེ་བའི་ཚོན་མེ་བཤམས་སྟོན་བཤམས་པས། དུས་ཆེན་གྱི་སྤྲོ་བས་རབ་ཏུ་ཁེངས་ཡོད། ཤིན་ཅང་ཁ་ཧྲིའི་གནའ་མཁར་ནས། ས་སྲོས་སུ་གློག་སྒྲོན་རྣམ་པར་བཀྲ་ཞིང་། མི་མེད་གནམ་གྲུ་སྟོང་གིས་བར་སྣང་དུ་སྒྱུ་འཕྲུལ་རི་མོ་སྣ་ཚོགས་བྲིས་ནས། ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་ཡལ་སྐོར་བའི་ཡིད་ཀྱི་དབང་པོ་དབང་མེད་དུ་འཕྲོག
ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁོངས་སྲིད་གཞུང་གི་རྒྱལ་ཁོངས་སུ་འཛུལ་བའི་དོན་གཅོད་ཁྲུའུ་ཡིས། ལྔ་ལྔའི་དུས་ཆེན་གྱི་གུང་གསེང་ཉིན་གསུམ་རིང་། རྒྱལ་ཁོངས་ནས་འགྲུལ་སྐྱོད་ཚོད་དཔག་ལྟར་ན་མི་ཐེངས་ས་ཡ་གསུམ་འབུམ་གཉིས་ལ་ཟིན་ཡོད་ལ། ཨོ་མེན་གྱི་ཚོགས་པ་དང་སྡེ་ཁག་མང་པོས་རྩ་འཇུགས་བྱས་ནས་ལོན་ཆན་བཅའ་བ་དང་། སྤྲ་ཁུག་དྲི་ཞིམ་བཟོ་བ་སོགས་ཀྱི་བྱེད་སྒོ་སྤེལ་ནས། མང་ཚོགས་ལ་སྲོལ་རྒྱུན་རིག་གནས་ཉམས་རོལ་བྱེད་བཅུག་ཡོད་པ་རེད།
འཕྲིན་སྟེགས། weikangba