ཞི་ཅིན་ཕིང་གིས་ཨུ་རུ་སུ་ལ་རྒྱལ་དོན་འཚམས་འདྲི་གནང་ཞིང་སུའུ་ལེན་གྱི་རླབས་ཆེ་བའི་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་བརྒྱད་ཅུ་འཁོར་བར་དྲན་གསོ་ཞུ་བའི་རྟེན་འབྲེལ་མཛད་སྒོར་ཞུགས་པར་གྲུབ་འབྲས་ཆེན་པོ་ཐོབ།

2025-05-12
415

  ཞི་ཅིན་ཕིང་གིས་ཨུ་རུ་སུ་ལ་རྒྱལ་དོན་འཚམས་འདྲི་གནང་ཞིང་སུའུ་ལེན་གྱི་རླབས་ཆེ་བའི་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་བརྒྱད་ཅུ་འཁོར་བར་དྲན་གསོ་ཞུ་བའི་རྟེན་འབྲེལ་མཛད་སྒོར་ཞུགས་པར་གྲུབ་འབྲས་ཆེན་པོ་ཐོབ།

  ཉིས་སྟོང་ཉེར་ལྔ་ལོའི་ཟླ་ལྔ་པའི་ཚེས་བདུན་ཉིན་ནས་ཚེས་བཅུ་ཉིན་བར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གདན་ཞུ་ལྟར་ཨུ་རུ་སུ་ལ་རྒྱལ་དོན་འཚམས་འདྲི་གནང་བར་མ་ཟད། སུའུ་ལེན་གྱི་རླབས་ཆེ་བའི་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་བརྒྱད་ཅུ་འཁོར་བར་དྲན་གསོ་ཞུ་བའི་རྟེན་འབྲེལ་མཛད་སྒོར་ཞུགས། འགྲུལ་ཕེབས་ཕྱག་ལས་མཇུག་རྫོགས་ལ་ཉེ་བའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས་མཉམ་འགྲོགས་གསར་འགོད་པར་ཐེངས་འདིའི་འཚམ་འདྲིའི་གནས་ཚུལ་མཚམས་སྦྱོར་བྱས་ཏེ། ཐེངས་འདིའི་འཚམ་འདྲི་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཡི་འགན་བཞེས་ནས་བཟུང་ཨུ་རུ་སུ་ལ་འཚམ་འདྲི་གནང་ཐེངས་བཅུ་གཅིག་པ་ཡིན་ལ། ལོ་བཅུའི་རྗེས་སུ་སླར་ཡང་སུའུ་ལེན་གྱི་རླབས་ཆེ་བའི་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པར་དྲན་གསོ་ཞུ་བའི་རྟེན་འབྲེལ་མཛད་སྒོར་ཞུགས་པ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ནས་ཨུ་རུ་སུའི་མངའ་ཁོངས་ཀྱི་བར་སྣང་དུ་འབྱོར་རྗེས། ཨུ་རུ་སུའི་དམག་གྲུ་ཡིས་བར་སྣང་ནས་མཁའ་འགྲུལ་སྲུང་བསུ་སྐྱེལ་མ་བྱས་ཤིང་། སྲིད་གཞུང་གི་ཙུང་ལི་གཞོན་པས་གནམ་གྲུ་ཐང་ནས་བསུ་སྐྱེལ་གནང་། ལོ་བརྒྱའི་འགྱུར་ལྡོག་ཇེ་ཆེར་འགྲོ་ཞིང་རྒྱལ་སྤྱིའི་གནས་བབ་རྙོག་འཛིང་ཆེ་བའི་རྒྱབ་ལྗོངས་འོག ཐེངས་འདིའི་འཚམ་འདྲི་ཡིས་ལོ་རྒྱུས་ལ་ཕྱིར་མིག་བལྟས་པ་དང་། མ་འོངས་པར་མིག་རྒྱང་གཏད་ནས། མཛའ་བརྩེ་རྒྱུན་འཛིན་དང་། དྲང་བདེན་སྲུང་སྐྱོབ་བཅས་ལ་རྒྱལ་ཁ་ཆེན་པོ་ཐོབ་ཡོད། འཚམ་འདྲིའི་མཛད་རིམ་བཀོད་སྒྲིག་ཕུན་སུམ་ཚོགས་ཤིང་བྱེད་སྒོ་སྣ་མང་སྟེ། ཀྲུའུ་ཞི་ཞི་ཅིན་ཕིང་ཕྱོགས་གཉིས་དང་ཕྱོགས་མང་གི་བྱེད་སྒོ་ཉི་ཤུ་ལྷག་ནང་ཞུགས་ཡོད་པ་དང་། ཀྲུང་གོ་དང་ཨུ་རུ་སུའི་ཁྱབ་ཁོངས་ཁག་གི་འཐབ་ཇུས་མཉམ་ལས་ཇུས་ཆེན་ལ་མཉམ་དུ་གྲོས་མོལ་དང་། མཉམ་དུ་འཛམ་གླིང་གིས་ཧྥ་ཞི་སི་ལ་རྒོལ་བའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་བརྒྱད་ཅུ་འཁོར་བར་རྟེན་འབྲེལ་ཞུས། མཉམ་དུ་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོབ་བྱེད་པའི་ལེའུ་གསར་པ་འབྱེད་ཡོད་ལ། ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་རྡོ་རྗེ་ཕ་ལམ་ལྟར་བརྟན་པ་དང་། འཁྲུག་ཆེན་གཉིས་པའི་རྒྱལ་ཁའི་གྲུབ་འབྲས་ལ་འགྲན་སློང་མི་རུང་བ། འཛམ་གླིང་ལ་དྲང་བདེན་མཁོ་བ་ལས་བཙན་གནོན་མི་མཁོ་བའི་དུས་རབས་ཀྱི་སེམས་འདུན་དྲག་པོ་མཚོན་ཡོད། རྒྱལ་ཕྱི་ནང་གི་གླེང་ཕྱོགས་ཀྱིས་ཐེངས་འདིའི་འཚམ་འདྲི་ལ་དོ་སྣང་ཆེན་པོ་བྱས་ཤིང་བསྒྲགས་གཏོང་ཟབ་མོ་སྤེལ་ཏེ། ཚང་མས་ཐེངས་འདིའི་འཚམ་འདྲི་ཡིས་ཀྲུང་གོ་དང་ཨུ་རུ་སུའི་དུས་རབས་གསར་པའི་ཕྱོགས་ཡོངས་འཐབ་ཇུས་མཐུན་སྦྱོར་གྱི་རོགས་ཟླའི་འབྲེལ་བ་སྔར་བས་ཇེ་བརྟན་གཏོང་བ་དང་། འཛམ་གླིང་གི་སྣེ་ཁྲིད་ནས་ཚང་མས་མཉམ་དུ་འཁྲུག་ཆེན་གཉིས་པའི་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་གཞི་སྲུང་སྐྱོབ་བྱེད་ཐུབ་པ་དང་། འཛམ་གླིང་གི་སྣེ་མང་ཅན་དང་རྒྱལ་སྤྱིའི་ཆབ་སྲིད་བཀོད་པ་བསྐྱར་འཛུགས་ཐད་ལ་ཤུགས་བཏོན་ཡོད་པས། ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་པ་རེད་ཅེས་བརྗོད་ཀྱིན་ཡོད་པ་རེད། ཀྲུང་གོ་དང་ཨུ་རུ་སུ་ནི་རི་ཆུ་འབྲེལ་བའི་ཁྱིམ་མཚེས་བཟང་པོ་དང་། དཀའ་སྡུག་ངལ་དུབ་ལས་བཙོ་སྦྱངས་བྱས་པའི་བློས་ཐུབ་གྲོགས་པོ་ཡིན། ལོ་བདུན་ཅུ་རིང་གི་ངལ་བ་ཁྱད་བསད་བརྒྱུད། ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་དེ་ཉིན་བཞིན་ཕན་ཚུན་གུ་ཡངས་ཡིད་རྟོན་ལྡན་ཞིང་བརྟན་བརླིང་རྒྱུད་ངང་རིང་བས།ལོ་རྒྱུས་ཐོག་བསྐལ་བ་བཟང་ཤོས་སུ་གནས་པ་དང་། རྒྱལ་ཁབ་ཆེན་མོའི་འབྲེལ་བ་གསར་པའི་མིག་དཔེ་བཏོན་ཡོད། གཙོ་བདག་གི་དབུ་ཁྲིད་གནང་བ་ནི་ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་འཕེལ་རྒྱས་བརྟན་པོ་འགྲོ་བའི་རྩ་བའི་འགན་སྲུང་རེད། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཕུའུ་ཅིང་རྣམ་གཉིས་ཀྱིས་ཞལ་འཛོམས་ཐེངས་བཞི་བཅུ་ལྷག་གནང་ནས། ཕན་ཚུན་ཡིད་ཆེས་དང་ལྷག་བསམ་ཟོལ་མེད་ཀྱི་མཛའ་བརྩེ་ཆགས་ཡོད། ཨུ་རུ་སུས་ཐེངས་འདིར་ཚད་གཞི་ཆེས་མཐོ་བའི་ཐོག་ནས་ཀྲུའུ་ཞི་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས་པ་རེད། ཙུང་ཐུང་ཕུའུ་ཅིང་གིས་ཁེ་ལིན་མུའུ་ལིང་ཕོ་བྲང་དུ་དགའ་བསུ་མཛད་སྒོ་གཟབ་རྒྱས་སྤེལ་ཞིང་། ཙུང་ཐུང་གཞུང་ལས་ཁང་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གི་གཅིག་གཏད་གཅིག་གི་ཇ་མོལ་གནང་བར་མ་ཟད། ཁྱབ་ཁོངས་ཆུང་ས་དང་ཁྱབ་ཁོངས་ཆེན་མོའི་གྲོས་མོལ་གནང་ནས། མཉམ་དུ་དོ་སྣང་བྱེད་པའི་གནད་དོན་ཐད་ནས་ཆུ་ཚོད་བཅུ་ཙམ་ལ་བརྗེ་རེས་གནང་བ་རེད། ཐེངས་འདིའི་འཚམས་འདྲི་ལས་ཆབ་སྲིད་གྲུས་འབྲས་གལ་ཆེན་ཞིག་ནི་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་མཉམ་དུ་ཀྲུང་གོ་དང་ཨུ་རུ་སུའི་དུས་རབས་གསར་པའི་ཕྱོགས་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཟབ་སྤེལ་གཏོང་བའི་མཉམ་འབྲེལ་གསལ་བསྒྲགས་ལ་མཚན་བཀོད་ནས། དུས་རིམ་རྗེས་མའི་ཕྱོགས་གཉིས་འབྲེལ་བ་འཕེལ་རྒྱས་ལ་འཐབ་ཇུས་ཀྱི་མཛུབ་སྟོན་གསར་པ་བཏོན་པ་དེ་རེད། ཕྱོགས་གཉིས་ཀྱིས་ཕན་ཚུན་དེ་ནམ་ཡང་དམིགས་སུ་བཀར་བའི་མཉམ་ལས་རོགས་ཟླར་བརྩིས་ནས། མཉམ་དུ་ཀྲུང་གོ་དང་ཨུ་རུ་སུའི་སྲོལ་རྒྱུན་མཛའ་བརྩེ་དང་ཡིད་རྟོན་ཟབ་མོར་གཏོར་བརླག་གཏོང་བསམ་པའི་ཇུས་ངན་ཡོད་ཚད་ལ་ངོ་རྒོལ་བྱེད་པ་དང་། སོ་སོའི་འཕེལ་རྒྱས་ལ་མཐུན་རྐྱེན་བསྐྲུན་ཐོག འཛམ་གླིང་ལ་བརྟན་བརླིང་ནུས་པ་སྔར་ལས་མང་པོ་འདོན་རྒྱུ་བསྐྱར་བསྒྲགས་བྱས་ཡོད་ཅེས་གསུངས།

  ཀྲུའུ་ཞི་ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཨུ་རུ་སུས་འཐབ་ཇུས་གཏན་ཤུགས་རྒྱུན་འཁྱོངས་དང་། འཐབ་ཇུས་རམ་འདེགས་རྒྱུན་འཁྱོངས་བྱས་ན། སྟོབས་ཤུགས་གང་རུང་གིས་ཀྱང་རྒྱལ་ཁབ་གཉིས་ཀྱིས་སོ་སོའི་འཕེལ་རྒྱས་མངོན་འགྱུར་བྱེད་པར་བཀག་འགོག་མི་ཐུབ་ལ། ཀྲུང་གོ་དང་ཨུ་རུ་སུའི་སྲོལ་རྒྱུན་མཛའ་མཐུན་གྱི་དམངས་སེམས་འཁོར་ཕྱོསག་བཀག་མི་ཐུབ་ཅིང་། འཛམ་གླིང་སྣེ་མང་ཅན་དང་དཔལ་འབྱོར་གོ་ལ་ཅན་གྱི་དུས་རབས་ཀྱི་འཕེལ་ཕྱོགས་ལའང་བཀག་འགོག་བྱེད་མི་ཐུབ་ཞེས་གསུངས་པ་རེད།

  ཙུང་ཐུང་ཕུའུ་ཅིང་གིས། ཨུ་རུ་སུ་དང་ཀྲུང་གོས་ནམ་ཡང་ཕྱར་བ་གྲུབ་འདེགས་དང་ ཕན་ཚུན་རྒྱབ་སྐྱོར་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེ་རྡོ་རྗེ་བྲག་ལས་བརྟན། ཨུ་རུ་སུ་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་བརྟན་པོ་གཏོང་བ་དང་། གཉིས་ཁེ་མཉམ་ལས་རྒྱ་སྐྱེད་པ་ནི་ཨུ་རུ་སུའི་འཐབ་ཇུས་བདམས་ཀ་རེད་ཅེས་ནན་གསུངས་གནང་། རྒྱལ་སྤྱིའི་གླེང་ཕྱོགས་ཀྱིས་ཡོངས་ཁྱབ་ཏུ། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཕུའུ་ཅིང་ཞལ་འཛོམས་གནང་ཐེངས་རེར་ཀུན་གྱིས་དོ་སྣང་ཆེན་པོ་བྱེད་ཀྱིན་ཡོད་པ་འདོད་ལ། ཐེངས་འདིར། ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་རྒྱལ་སྤྱིའི་སྤྱི་ཚོགས་བརྟན་བརླིང་གོང་འཕེལ་དང་། འཛམ་གླིང་སྒྲིག་ལམ་སྲུང་སྐྱོང་གི་སྟོབས་ཤུགས་གལ་ཆེན་དུ་གཏན་འཁེལ་བྱས་པ་ལས། ཡང་བསྐྱར་ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བའི་ཆུ་ཚད་མཐོན་པོ་མངོན་ཡོད། ཀྲུང་གོ་དང་ཨུ་རུ་སུའི་བར་གྱི་འབྲེལ་བ་དཀྲུག་བསམ་མཁན་ཚོ་རི་བོང་གནམ་རྡིབ་ཀྱི་སྡུག་བསྔལ་ཡིན་ལ། ཀྲུང་གོ་དང་ཨུ་རུ་སུ་ནི་དེང་རབས་ཅན་བགྲོད་ལམ་ཐོག་གི་མཉམ་འགྲོགས་མཁན་ཡིན་བས། ཀྲུང་གོས་བསྟུད་མར་ལོ་བཅོ་ལྔ་རིང་ཨུ་རུ་སུའི་ཉོ་ཚོང་རོགས་ཟླའི་ཆེ་ཤོས་ཀྱི་གོ་གནས་བཟུང་བ་དང་། ཨུ་རུ་སུ་ནི་སྔར་ནས་ཀྲུང་གོའི་ནུས་ཁོངས་མཁོ་འདོན་རྒྱལ་ཁབ་ཆེ་ཤོས་སུ་གྱུར་ཡོད། 

  འཚམས་འདྲི་བྱེད་རིང་། ཕྱོགས་གཉིས་ཀྱིས་མཉམ་ལས་ཡིག་ཆ་ཉི་ཤུ་ལྷག་ལ་མཚན་བཀོད་པས། ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་དྲག་པོ་ཁ་སྣོན་བྱས་ཡོད། དམིགས་སུ་བཤད་དགོས་པ་ཞིག་ནི། ད་ལྟར་ཚོགས་བཞིན་པའི་ཀྲུང་གོ་དང་ཨུ་རུ་སུའི་རིག་གནས་ལོ་ལྟད་མོ་ཆེ་བས། ཀྲུང་གོར་དོ་སྣང་བྱེད་པ་དེ་ཨུ་རུ་སུའི་ས་གནས་སོ་སོ་རུ་དར་བཞིན་ཡོད་ལ། ཕྱོགས་གཉིས་ཀྱིས་མཉམ་དུ་ཕབ་པའི་གློག་བརྙན་དར་སྐུད་དམར་པོ་ཞེས་པར་ཀུན་གྱི་དགའ་བསུ་ཆེན་པོ་ཐོབ། ཕྱོགས་གཉིས་ཀྱིས་སློབ་གསོ་དང་ན་གཞོན། འཕྲིན་སྦྱོར། གློག་བརྙན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་མུ་མཐུད་དེ་ཇེ་དྲག་གཏོང་བ་དང་། རྒྱུན་ཆད་མེད་པར་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་བརྩེ་བ་ཇེ་ཟབ་བཏང་ནས། ཀྲུང་གོ་དང་ཨུ་རུ་སུའི་མཛའ་མཐུན་མི་རབས་ནས་མི་རབས་ལ་རྒྱུན་འཁྱོངས་བྱ་རྒྱུར་མོས་མཐུན་བྱུང་ཡོད། འཚམས་འདྲི་བྱེད་རིང་། ཕྱོགས་གཉིས་ཀྱིས་འཛམ་གླིང་འཐབ་ཇུས་བརྟན་བརླིང་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས་སྤེལ་ཞིང་། རྒྱལ་ཁབ་གཉིས་ཀྱི་དབུ་ཁྲིད་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས། བྷོད་གསེར་རྒྱལ་ཁབ་སོགས་ཕྱོགས་མང་པོ་སྒྲོམ་གཞིའི་ནང་གི་མཐུན་སྦྱོར་རམ་འདེགས་ཇེ་དྲག་ཏུ་གཏོང་བ་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་འཛམ་གླིང་བཅོས་སྐྱོང་མ་ལག་ཁྲོད་ཀྱི་བཤད་དབང་མཐོར་འདེགས་གཏོང་བ། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཡོངས་ཕན་གུ་ཡངས་ཀྱི་དཔལ་འབྱོར་གོ་ལ་ཅན་འབོད་སྐུལ་གཏོང་། རྒྱལ་ཁབ་གཉིས་ཀྱི་དབུ་ཁྲིད་ཀྱིས་ད་རུང་ཡུག་རེན་ཉམས་ཉེན་དང་ཕ་ལི་སི་ཐན་དང་ཨི་ཟི་རེལ་བར་གྱི་གདོང་གཏུག ཡ་གླིང་དང་ཞི་བདེ་རྒྱ་མཚོའི་གནས་བབ་སོགས་གནད་དོན་ལ་དམིགས་ནས་འབྲེལ་གཏུག་ཟབ་མོ་བྱས་ཏེ། ཆབ་སྲིད་བརྒྱུད་རིགས་སོ་སོའི་དོ་སྣང་ཆེ་བའི་གནད་དོན་ཐག་གཅོད་རྒྱུར་མོས་མཐུན་བྱུང་ཡོད།

  ཀྲུའུ་ཞི་ཞི་ཅིན་ཕིང་ཡང་བསྐྱར་ལྔ་པའི་ཚེས་དགུའི་རྒྱལ་ཁའི་ཉིན་མོའི་མཛད་སྒོ་ནང་ཡང་བསྐྱར་ཞུགས་ནས། རྒྱལ་ཁབ་སོ་སོ་དང་མཉམ་དུ། ཐུན་མིན་གྱི་ལོ་ཟླར་ཕྱིར་དྲན་དང་ཡང་དག་པའི་འཛམ་གླིང་འཁྲུག་ཆེན་གཉིས་པའི་ལྟ་བ་དར་སྤེལ་བཏང་ནས། མཉམ་དུ་དམག་འཁྲུག་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བྱེད་པ་རེད། ཙུའུ་ཐུང་ཕུའུ་ཅིན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་མཛད་སྒོའི་ནང་ཆེས་གུས་པར་འོས་པའི་སྐུ་མགྲོན་དུ་བརྩིས་ཡོད། རྒྱལ་ཁབ་གཉིས་ཀྱི་དབུ་ཁྲིད་ཀྱིས་ཧུང་ཁྲང་ནས་མཉམ་དུ་དམག་གཟིགས་མཛད་སྒོ་ལ་གཟིགས་གནང་ཞིང་། མཉམ་དུ་མཚན་མེད་དཔའ་བོར་མེ་ཏོག་ཕུལ་ནས། གཟབ་རྒྱས་བྱེད་ཐབས་ཆེ་ཤོས་ཀྱིས་སྲོག་དོར་དམར་འཛིང་གི་སྔོན་གཤེགས་དཔའ་བོར་བླ་ན་མེད་པའི་གུས་འདུད་ཞུས། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་གསུམ་གཟབ་སྦྲེང་རུ་ཁག་གིས་དམག་གོས་གཟབ་ནན་དང་དཔའ་ཉམས་ལྡན་པའི་རྣམ་པས་ཧུང་ཁྲང་དམག་གཟིགས་ནང་ཡང་བསྐྱར་ཞུགས་ནས། ཀྲུང་གོའི་དམག་མིས་ཞི་བདེ་སྲུང་སྐྱོང་བྱེད་པར་ཞུམ་པ་མེད་པའི་འདུན་པ་མངོན།

  ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་སུའུ་ལེན་གཉིས་སོ་སོ་འཛམ་གླིང་འཁྲུག་ཆེན་གཉིས་པའི་ཡ་གླིང་དང་ཡོ་རོབ་ཀྱི་གཡུལ་ས་གཙོ་བོ་ཡིན་པས། འཇར་པན་དམག་རྒྱལ་རིང་ལུགས་དང་འཇར་མན་ན་ཚུའེ་རིང་ལུགས་ལ་ངོ་རྒོལ་བྱས་པའི་སྟོབས་ཤུགས་གཙོ་བོ་ཡིན་ལ། འཛམ་གླིང་གིས་ཧྥ་སི་ཞི་ལ་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ཐུབ་པའི་བྱས་རྗེས་བཞག་ཡོད། འཛམ་གླིང་འཁྲུག་ཆེན་གཉིས་པའི་ལོ་རྒྱུས་དོན་དངོས་བསྒྱུར་བ་དང་། འཛམ་གླིང་འཁྲུག་ཆེན་གཉིས་པའི་རྒྱལ་ཁའི་གྲུབ་འབྲས་རྩིས་མེད་གཏོང་བ། ཀྲུང་གོ་དང་ཨུ་རུ་སུའི་ལོ་རྒྱུས་བྱས་རྗེས་ལ་མ་ཉེས་ཁ་གཡོག་བྱེད་པའི་ཇུས་ངན་འགྲུབ་མི་ཐོབ་ཅེས་གསུངས་པ་རེད།

  ཙུང་ཐུང་ཕུའུ་ཅིན་གྱིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་བརྟན་པོའི་འོག ཀྲུང་གོའི་མི་དམངས་ཀྱིས་དཔའ་ངར་ཞུམ་མེད་ཀྱིས་འཐབ་འཛིང་བྱས་པས་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་རླབས་ཆེན་ཐོབ་པར་མ་ཟད། མིའི་རིགས་ཀྱི་ཐུན་མོང་གི་མ་འོངས་གཏོད་པར་བྱས་རྗེས་ཆེན་པོ་བཞག་ཡོད། ཨུ་རུ་སུ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་དཀའ་སྡུག་ཆེ་བའི་འཐབ་འཛིང་གི་ལོ་ཟླའི་ཁྲོད་ཕན་ཚུན་རྒྱབ་སྐྱོར་བྱས་པས་མཛའ་བརྩེ་ཟབ་མོ་ཆགས་ཡོད་ལ། ཕྱོགས་གཉིས་ཀྱིས་ལོ་རྒྱུས་འཁྱོག་བཤད་བྱས་པའི་དམིགས་འབེན་ལ་མཉམ་དུ་ངོ་རྒོལ་བྱས་པ་དང་། ཡང་དག་པའི་ལོ་རྒྱུས་གླེང་བར་སྲུང་སྐྱོང་བྱས་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་དང་རྒྱལ་སྤྱིའི་དྲང་བདེན་དྲང་གཞག་སྲུང་སྐྱོང་བྱེད་དགོས། ད་ལོའི་སྟོན་ཀར་ཀྲུང་གོས་ཀྲུང་གོ་མི་དམངས་ཀྱིས་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་བརྒྱད་ཅུ་འཁོར་བར་དྲན་གསོ་རྒྱ་ཆེན་པོ་ཞུ་རྒྱུ་རེད། ལོ་རྒྱུས་ལ་ཕྱིར་ལྟ་བྱེད་པ་དང་ལྷག་པར་དུ་བརྗེད་ཐབས་མེད་པ་ཞིག་ནི་ཐེ་ཝན་ཀྲུང་གོའི་པང་དུ་ལོག་པ་དེ་ནི་འཛམ་གླིང་འཁྲུག་ཆེན་གཉིས་པའི་རྒྱལ་ཁའི་གྲུབ་འབྲས་ཡིན་ལ་དམག་འཁྲུག་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་གྱི་གྲུབ་ཆ་གལ་ཆེན་ཀྱང་རེད། ཐེངས་འདིའི་འཚམས་འདྲི་སྐབས་སུ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་མཛད་སྒོའི་ནང་ཞུགས་པའི་རྒྱལ་ཁབ་ཁག་གི་སྲིད་ཕྱོགས་མི་སྣ་ལ་ཐུག་འཕྲད་གནང་བར་མ་ཟད་གླིང་ཆེན་པོ་གསུམ་ནས་ཡོང་བའི་རྒྱལ་ཁབ་སོ་སོའི་དབུ་ཁྲིད་པ་དང་ཞལ་འཛོམས་གནང་ནས་ཕན་ཚུན་རྒྱབ་སྐྱོར་དང་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོང་། བཙན་དབང་བཙན་ཤེད་ངོ་རྒོལ་བྱས་ནས་ཐུན་མོང་གི་ལྟ་བ་གཅིག་ཏུ་ཆགས་ཡོད་ཅེས་གསུངས།

  ཀྲུའུ་ཞི་ཞི་ཅིན་ཕིང་གིས་འབར་མའི་དབུ་ཁྲིད་མི་སྣ་མིང་ཨང་ལའེ་དང་ཞལ་འཛོམས་གནང་སྐབས། ཁོང་གིས་མུ་མཐུད་དེ་རྒྱབ་སྐྱོར་བྱས་ནས་འབར་མའི་མི་དམངས་ཀྱིས་ཁྱིམ་གཞིས་བསྐྱར་དུ་འཛུགས་པར་རྒྱབ་སྐྱོར་ཡོད་ཅེས་གསུངས། འབར་མས་བཀའ་དྲིན་ཞུས་པར་མ་ཟད་འབར་མའི་མི་དམངས་ཀྱིས་ནམ་ཡང་བརྗེད་མི་སྲིད་ཅེས་གསུངས། ཕྱོགས་གཉིས་ཀྱིས་མུ་མཐུད་དེ་ཞི་བས་མཉམ་གནས་ཀྱི་རྩ་དོན་ལྔ་ལག་བསྟར་བྱེད་པ་དང་། ཝན་ལུང་གི་སྙིང་སྟོབས་དར་སྤེལ་བཏང་ནས་ཀྲུང་གོ་དང་འབར་མའི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་སྐྲུན་ཟབ་སྤེལ་བྱེད་པར་མོས་མཐུན་བྱུང་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁུ་པ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏི་ཡཱ་སི་ཁ་ནཱ་ཨར་དང་། ཝེ་ནེ་ཟུ་ཝེ་ལའི་ཙུང་ཐུང་མཱ་ཏུའུ་ལའོ་གཉིས་ལ་ཐུག་འཕྲད་གནང་ཞིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལ་ཏིང་མེ་གླིང་དང་ཅ་ལེ་པི་རྒྱལ་ཁབ་ཚང་མ་ནི་བདག་དབང་རང་བཙན་རྒྱལ་ཁབ་ཡིན་པ་ལས་རྒྱལ་ཁབ་གང་ཞིག་གི་གྲུབ་ཆ་མ་ཡིན། ད་ལོ་ནི་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་གླེང་སྟེགས་དངོས་སུ་འགོ་བརྩམས་ནས་ལོ་བཅུ་འཁོར་བའི་ལོ་རེད། ཀྲུང་གོས་ས་ཁུལ་དང་རྒྱལ་ཁབ་ཁག་དང་མཉམ་དུ་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་སྐྱོང་ཡག་མོ་བྱེད་འདོད་ཡོད། རྒྱལ་ཁབ་གཉིས་ཀྱི་དབུ་ཁྲིད་པས་ཀྲུང་གོས་དུས་ཡུན་རིང་པོར་རྒྱལ་ཁབ་གཉིས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་ལ་སྲུང་སྐྱོང་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་རོགས་རམ་རྒྱ་ཆེན་པོ་གནང་བར་བཀའ་དྲིན་ཞུས་པར་མ་ཟད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་མིའི་རིགས་ཀྱི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་སྐྱོང་གི་འདུ་ཤེས་དང་འཛམ་གླིང་གྲོས་འགོ་ཆེན་མོ་གསུམ་ལ་བསྟོད་བསྔགས་བྱས་ཤིང་། ཀྲུང་གོ་དང་མཉམ་དུ་ཕྱོགས་ལྷུང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་ལ་ངོ་རྒོལ་བྱས་ནས། ལ་ཏིང་མེ་གླིང་དང་ཀྲུང་གོའི་བར་གྱི་འབྲེལ་བར་སྐུལ་སྤེལ་བྱེད་པ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་གསུངས།

  ཀྲུང་གོ་དང་ཡོ་རབ་མནའ་འབྲེལ་བར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་ལྔ་བཅུ་འཁོར་ཡོད། སའེ་ཨར་ཝེ་ཡའི་ཙུང་ཐུང་ཝུའུ་ཆི་ཆི་དང་སི་ལོ་ཝ་ཁི་ཡའི་ཙུང་ལི་ཧྥེ་ཙུའོ་ལ་ཐུག་འཕྲད་གནང་དུས། ཀྲུའུ་ཞི་ཞི་ཅིན་ཕིང་གིས། ཀྲུང་གོས་ཡོ་རབ་ཀྱི་རྒྱལ་ཁབ་ཁག་དང་སྒོ་འབྱེད་མཉམ་ལས། གཉིས་ཁེ་མཉམ་རྒྱལ་གྱི་ལོ་རྒྱུས་འཕེལ་ཕྱོགས་ལྟར། མཉམ་དུ་ཕྱོགས་གཅིག་བཙན་དབང་བྱ་སྤྱོད་ལ་རྒོལ་བ་དང་། དཔལ་འབྱོར་འཛམ་གླིང་ཅན་གྱི་གྲུབ་འབྲས་ལ་སྲུང་སྐྱོང་བྱས་ནས། འཛམ་གླིང་གི་རང་མོས་ཉོ་ཚོང་མ་ལག་དང་རྒྱལ་སྤྱིའི་ཉོ་ཚོང་སྒྲིག་ལམ་ལ་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་ནན་གསུང་གནང་། ཙུང་ཐུང་ཝུའུ་ཆི་ཆི་ཡིས། ཀྲུང་གོ་དང་སའེ་ཨར་ཝེ་ཡ་ནི་ཆེས་བཟང་པའི་གྲོགས་པོ་ཡིན། ཀྲུང་གོ་དང་དཔལ་འབྱོར་ཉོ་ཚོང་ཐད་ཀྱི་འགྲོ་འོང་རྒྱ་སྐྱེད་འདོད་ཡོད་ལ། ཀྲུང་གོའི་འདུ་ཤེས་དང་བྱ་སྤྱོད་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོང་བྱེད་པའི་སྤོབས་པ་དང་ཡིད་ཆེས་ཇེ་ཆེར་བཏང་ཡོད་ཅེས་གསུངས། ཙུང་ལི་ཧྥེ་ཙུའོ་ཡིས། བདེ་འཇགས་བརྟན་བརླིང་གིས་ཡོ་རབ་དང་ཀྲུང་གོའི་བར་གྱི་འབྲེལ་བ་ནི་ཕྱོགས་གཉིས་ཀྱི་ཐུན་མོང་ཁེ་ཕན་དང་མཐུན་པས། སི་ལོ་ཝ་ཁེ་ཡ་ཡིས་མུ་མཐུད་དུ་ཕན་ཐོགས་པའི་ནུས་པ་བཏོན་ནས། ཀྲུང་གོའི་ཡུག་རེན་དང་ཨེ་ཤ་ཡ་དབུས་ཤར་རྒྱལ་ཁབ་སོགས་ཀྱི་གནད་དོན་ཐད་ཀྱི་ཡང་དག་པའི་ལངས་ཕྱོགས་ལ་ཡི་རངས་ཡོད་ཅེས་གསུངས།

  ཐེངས་འདིའི་ཨུ་རུ་སུ་ལ་ཕེབས་པ་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཁོག་ཆེན་པོ་གཉིས་གཅིག་གྱུར་འཆར་འགོད་བྱེད་པ་དང་། རྒྱལ་ཁབ་ཆེན་པོའི་འབྲེལ་བ་དང་ཕྱི་འབྲེལ་ཕྱོགས་ཡོངས་ལ་འཆར་འགོད་གནང་བའི་མཛད་པ་གལ་ཆེན་ཞིག་ཡིན་ལ། ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པའི་ལག་ལེན་ལ་རྒྱལ་ཁ་ཐོབ་པ་ཞིག་ཀྱང་རེད། ཕྱོགས་གཅིག་དང་ཕྱོགས་མང་གི་འགྲན་རྩོད་དྲག་པོའི་ཁྲོད། བཙན་དབང་ལ་སྲུང་སྐྱོང་དང་བཙན་དབང་ལ་ངོ་རྒོལ་བྱེད་པའི་འགྲན་རྩོད་ལོ་རྒྱུས་དུས་སྐབས་གལ་ཆེན་འདིར། ཀྲུང་གོ་ཀྲུའུ་ཞི་ཞི་ཅིན་ཕིང་གི་སྣེ་ཁྲིད་འོག ཡང་བསྐྱར་བློ་སྤོབས་ཆེན་པོས་ཀུན་གྱི་སྣེ་ཁྲིད་དེ་དུས་རབས་ཀྱི་སྲོག་ཤིང་འགན་འཁྲི་འཁུར་ནས་བློ་བརྟན་འགྱུར་མེད་ཀྱིས་ཡང་དག་པའི་ལོ་རྒྱུས་ཀྱི་ཕྱོགས་སུ་ལངས་པ་དང་། མིའི་རིགས་ཀྱི་ཤེས་དཔལ་འཕེལ་རྒྱས་ཀྱི་ཕྱོགས་སུ་ལངས་པ། རྒྱལ་ཁབ་མང་ཤོས་ཐུན་མོང་ཁེ་ཕན་གྱི་ཕྱོགས་སུ་ལངས་ནས། སྔར་ལས་གསལ་ཐག་ཆོད་པའི་འགན་ཁུར་ཞིང་འགན་ཁུར་ཀྱང་ཕོད་པ། ཡིད་རྟོན་བྱེད་རུང་བའི་རྒྱལ་ཁབ་ཆེན་པོའི་རྣམ་པ་ཅིས་ཀྱང་མངོན་ཡོད་པ་རེད།

  • 顶