བྱམས་ལྡན་ཨ་མའི་ཕྱག་ཏུ་ཁབ་སྐུད་ཐོགས།
གཞན་ཡུལ་འགྲིམ་པའི་བུ་ལ་གྱོན་ཆས་བཙེམ།
སྤྱི་ལོ་1969ལོའི་ཟླ་བ་1པོར། དགུང་ལོ་16ལའང་ཕེབས་མེད་པའི་ཞི་ཅིན་ཕིང་ཧྲའན་པེ་ལེའང་ཅ་ཧོ་རུ་རུ་ཁག་ནང་ཞུགས་པར་ཕེབས་པ་དང་། གཅེས་ཕྲུག་གཞན་ཡུལ་འགྲིམ་པའི་དུས་འདིར་ཨ་མའི་ཡ་ཆུང་ཁོག་ནང་ཐུགས་ཁྲལ་གྱིས་ཁེངས་ཤིང་། ཨ་མ་ཆིའི་ཤིན་ལགས་ཀྱིས་ཁོང་ལ་ཁབ་སྐུད་ཁུག་མ་ཞིག་བཙེམ་གནང་བ་མ་ཟད། ཁུག་མའི་ཐོག་ཏུ་འཚེམ་དྲུབ་ཀྱི་ཡི་གེ་དམར་པོ་གསུམ་བརྒྱབ་ཡོད་དེ། ཨ་མའི་སེམས་ཞེས་པ་དེ་རེད། ཁབ་ཤུལ་སྐུད་སྣོན་གྱི་འཚེམ་གྲུབ་རེ་རེ་ལས་མ་ཡི་ཐུགས་ཁྲལ་དང་མ་བུའི་དབར་གྱི་བརྩེ་བ་ཟབ་མོ་མཚོན་ཡོད།
ཨ་མ་ནི་ཕྲུ་གུའི་དགེ་བའི་བཤེས་གཉེན་དང་པོ་དེ་ཡིན་ཞེས་པ་ལྟར། བྱིས་དུས་ཀྱི་སྐབས་སུ་ཨ་མ་ཆིའི་ཤིན་གྱིས་ཞི་ཅིན་ཕིང་ཁྲིད་ནས་ཤིན་ཧྭ་དཔེ་ཁང་དུ་ཡུའེ་ཧྥེ་ཡི་རྣམ་ཐར་སོགས་ཀྱི་དཔེ་དེབ་ཉོས་གནང་བ་མ་ཟད། ཁོང་ལ་ལྷག་བསམ་ཟོལ་མེད་ཀྱིས་རྒྱལ་ཁབ་ཀྱི་དྲིན་ལན་འཇལ་དགོས་སྐོར་གྱི་ཡུའེ་ཧྥེ་ཨ་མས་ཡུའེ་ཧྥེ་ཡི་རྒྱལ་ཁབ་ལ་ལྷག་བསམ་ཟོལ་མེད་ཀྱིས་དྲིན་ལན་འཇལ་ཞེས་བྲིས་པའི་གཏམ་རྒྱུད་གསུང་མྱོང་ཡོད་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱིར་དྲན་གནང་བཞིན་དུ་ཨ་མ་ལགས་ལ་ཡི་གེ་དེ་འདྲ་བྲིས་ན་ན་ཟུག་ཆེན་པོ་གཏོང་གི་མ་རེད་དམ་ཞེས་ཞུས་པར་ཨ་མ་ལགས་ཀྱིས་ན་ཟུག་གཏོང་སྲིད། འོན་ཀྱང་བློ་ལ་དེ་བས་བརྟན་པོར་ངེས་ཐུབ་ཅེས་གསུངས་གནང་མྱོང་ཡོད། ལྷག་བསམ་ཟོལ་མེད་ཀྱིས་རྒྱལ་ཁབ་ཀྱི་དྲིན་ལན་འཇལ་ཞེས་པའི་ཡི་གེ་དེའང་སྐབས་དེ་དུས་ནས་ད་ལྟའི་བར་དུ་ཡིད་ལ་བརྟན་པོར་ངེས་ཡོད་ལ་དེ་ནི་ངའི་མི་ཚེ་གང་པོར་དོན་གཉེར་བྱེད་པའི་དམིགས་འབེན་ཞིག་ཀྱང་ཡིན་ཞེས་གསུངས་གནང་ཡོད།

འགོ་ཁྲིད་ཀྱི་ལས་གནས་ཐོག་ཏུ་ཕེབས་རྗེས། ཞི་ཅིན་ཕིང་དང་ཁོང་གི་ཨ་མ་ལགས་འཛོམས་པའི་གོ་སྐབས་ཉུང་ཞིང་བྲལ་བའི་དུས་ཚོད་མང་བར་གྱུར། ཨ་མ་ལགས་ཀྱིས་རྟག་ཏུ་ཁོང་ལ་འཕྲིན་ཡིག་སྤྲིངས་གནང་ནས་ཁོང་ལ་རང་ཉིད་ལ་བླང་བྱ་ནན་པོ་འདོན་དགོས་པའི་བཀའ་སློབ་གནང་གི་ཡོད། ཨ་མ་ལགས་ཀྱིས་ཞི་ཅིན་ཕིང་ལ་ཁྱེད་ཀྱིས་ལས་དོན་ཡག་པོ་བསྒྲུབས་ན་དེ་ནི་ཕ་མ་གཉིས་ལ་སྲི་ཞུ་ཡག་ཤོས་དེ་ཡིན་ཞེས་གསུངས་གནང་གི་ཡོད།
བསྙེན་བཀུར་བསམ་པ་ཕྲ་མོའི་རྩྭ་རྩེ་ཡིས།
དཔྱིད་གསུམ་དཔལ་གྱི་དྲིན་ལན་ཅི་ལྟར་གཟོ།
དེ་ལྟར་ཁྱིམ་སྲོལ་བཟང་པོའི་ཁྲོད་འཚར་ལོངས་བྱུང་ཞིང་། མི་དམངས་ཀྱི་ཁྲོད་ནས་ཕེབས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྒེར་དོན་རིང་དུ་སྤངས་ཤིང་དམངས་དོན་པང་དུ་ལེན་པའི་འགན་འཁུར་གྱི་ཐོག་ནས་མི་དམངས་དུང་ཕྱུར་14ལྷག་ཙམ་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་བསྐྱོད་རྒྱུའི་སྣེ་ཁྲིད་གནང་བ་རེད།
འཕྲིན་སྟེགས། weikangba