ས་གནས་དེ་གའི་དུས་ཚོད་སྤྱི་ཟླ་5ཚེས་10ཉིན་གྱི་སྔ་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སུར་རྒྱལ་དོན་འཚམས་འདྲི་དང་ཆབས་ཅིག་སུའུ་ལེན་གྱི་རླབས་ཆེའི་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་མཛད་སྒོར་ཞུགས་གྲུབ་ནས་པེ་ཅིང་ལ་ཕྱིར་ལོག་གནང་བ་རེད།
ཨུ་རུ་སུ་ནས་ཞལ་གྱེས་སྐབས། ཨུ་རུ་སུའི་ཙུང་ལི་གཞོན་པ་ཆེར་ནེ་ཧྲེན་ཁེ་སོགས་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་གནམ་གྲུ་ཐང་དུ་ཕེབས་སྐྱེལ་ཞུ་བར་བཅར་ཡོད་པ་རེད།
ཨུ་རུ་སུ་ཕྱོགས་ནས་གནམ་ཐང་དུ་ཞི་ཅིན་ཕིང་ལ་དགའ་སྐྱེལ་ཞུ་བའི་མཛད་སྒོ་གཉེར་ཡོད། དམག་དཔུང་རོལ་མོ་རུ་ཁག་གིས་ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་པོའི་རྒྱལ་གླུ་དཀྲོལ་བ་དང་། ཞི་ཅིན་ཕིང་གིས་གཟབ་སྦྲེང་རུ་ཁག་ལ་གཟིགས་པ་རེད།
ཞི་ཅིན་ཕིང་བཞུགས་པའི་ཆེད་གཏོང་གནམ་གྲུ་འཕུར་རྗེས་ཨུ་རུ་སུའི་མཁའ་དམག་གི་དམག་འཐབ་གནམ་གྲུ་མཁའ་དབྱིངས་སུ་འཕུར་ནས་སྲུང་སྐྱེལ་ཞུས།
གནམ་ཐང་ལ་ཕེབས་པའི་ལམ་བར་དུ། ས་གནས་དེ་གའི་མང་ཚོགས་དང་། དེ་བཞིན་ཀྲུང་གོའི་མ་འཇོག་ཁེ་ལས་དང་ཕྱི་འགྲིམ་སློབ་མའི་འཐུས་མིས་ལམ་གྱི་གཞོགས་གཉིས་སུ་ལངས་ནས་ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་པོའི་རྒྱལ་དར་གཡུག་གཡུག་བྱས་ནས། ཞི་ཅིན་ཕིང་ནས་ཨུ་རུ་སུར་འཚམས་འདྲི་གནང་བ་ཡིད་བཞིན་ལེགས་གྲུབ་བྱུང་བར་སྤྲོ་སེམས་འཁོལ་པོས་བཀྲ་ཤིས་བདེ་ལེགས་ཞུས་པ་རེད།
འཕྲིན་སྟེགས། weikangba