ཁ་སང་། རྒྱལ་སྒྲོལ་གློག་རྡུལ་ཚོང་ལས་གླིང་འདིར་སྒོ་བྱང་བཀལ་འདུག

2025-05-10
433

  སྤྱི་ལོ་2025ལོའི་ཟླ་5ཚེས་9ཉིན་ལྷ་ས་ལྷོ་ཨེ་ཤེ་ཡའི་རྒྱལ་སྒྲོལ་གློག་རྡུལ་ཚོང་ལས་ཐོན་ལས་གླིང་བོད་ལྗོངས་ལྷ་སར་དངོས་སུ་སྒོ་བྱང་བཀལ་ནས་གཉེར་སྐྱོང་བྱ་འགོ་བརྩམས་པ་རེད།

图片

  ཐོན་ལས་གླིང་གཉེར་སྐྱོང་བྱ་འགོ་བརྩམས་པ་དེ་ཐོག་ནས་བོད་རང་སྐྱོང་ལྗོངས་ཀྱིས་ཕྱི་ཕྱོགས་སྒོ་འབྱེད་གཏིང་ཟབ་ཏུ་གཏོང་བ་དང་“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ནང་མཉམ་འདྲེས་བྱེད་པའི་ཐད་འཕེལ་རྒྱས་ཆེན་པོ་བྱུང་བ་མཚོན་པ་དང་། ཀྲུང་གོ་དང་ལྷོ་ཨེ་ཤེ་ཡའི་རྒྱལ་ཁབ་དབར་གྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་སྟེགས་བུ་གསར་པ་འཛུགས་རྒྱུ་ཡིན་པ་རེད།图片

  ལྷ་ས་ལྷོ་ཨེ་ཤེ་ཡའི་རྒྱལ་སྒྲོལ་གློག་རྡུལ་ཚོང་ལས་ཐོན་ལས་གླིང་གི་སྤྱིའི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་1.6ཟིན་པ་དང་། ནེ་པ་ལའི་ཕྱི་ཟོག་མཛོད་ཁང་ལ་སྨི་ངོས་གྲུ་1800བཀོད་སྒྲིག་བྱས་ཡོད་པ་རེད། རིག་ནུས་ཟོག་འགྲེམས་དང་། རྒྱལ་སྒྲོལ་ཚོང་ལས། གསར་གཏོད་གསོ་སྐྱོང་བཅས་གཞི་གཅིག་ཏུ་བསྡུས་ནས་ལྷོ་ཨེ་ཤེ་ཡའི་རྒྱལ་སྒྲོལ་གློག་རྡུལ་ཚོང་ལས་ལས་སྒོ་གཙོ་གནད་ཐོག་འཕེལ་རྒྱས་གཏོང་རྒྱུ་ཡིན་ཞིང་། མིག་སྔར་གླིང་ཁུལ་གྱིས་རྒྱལ་སྒྲོལ་གློག་རྡུལ་ཚོང་ལས་ཁེ་ལས་12ཞུགས་རྒྱུའི་ཡིད་དབང་བཀུག་ཡོད་པ་དང་སྔོན་དཔག་བྱས་ན་ལོ་རེའི་ཉོ་ཚོང་དངུལ་འབོར་སྒོར་དུང་ཕྱུར་20ལས་བརྒལ་རྒྱུ་ཡིན་པ་རེད།图片

  གླིང་ཁུལ་གྱིས་རྒྱལ་ནང་དངོས་ཟོག་བསྡུ་སྒྲིལ་+ལྷ་ས་བརྒྱུད་སྐྱེལ་+ཕྱི་ཟོག་མཛོད་ཁང་ཐད་སྐྱེལ་བཅས་ཀྱི་རིམ་གསུམ་ཟོག་འགྲེམས་དྲ་རྒྱ་བཙུགས་པས་ཟོག་འགྲེམས་ལས་ཆོད་50%མཐོ་རུ་ཕྱིན་པ་དང་ཕྱོགས་བསྡུས་མ་གནས་20%དམའ་རུ་ཕྱིན་ནས་ཁེ་ལས་ཀྱིས་ལྷོ་ཨེ་ཤེ་ཡའི་ཁྲོམ་རར་རྒྱ་བསྐྱེད་རྒྱུར་རྒྱབ་སྐྱོར་ནུས་ལྡན་བྱས་པ་རེད། སྤྱི་ལོ་2024ལོར་གླིང་ཁུལ་གྱིས་ནེ་པ་ལའི་ཉོ་ཚོང་ཚོང་དོན་སྒོར་དུང་ཕྱུར་26ཟིན་ནས་དུས་མཚུངས་ལས་བརྒྱ་ཆ་300འཕར་ཡོད།图片

  འབྱུང་འགྱུར་ཐོན་ལས་གླིང་གིས་རྨང་གཞིའི་སྒྲིག་བཀོད་དང་ལེ་ལག་ཚང་བའི་ཞབས་ཞུ་སྔར་བས་འཐུས་ཚང་དུ་བཏང་ནས་ཁེ་ལས་དེ་བས་མང་བ་ཞུགས་རྒྱུའི་ཡིད་དབང་འགུག་ཐོག་ཐོན་ལས་གཅིག་སྡུད་ཀྱི་ཕན་འབྲས་ཐོན་པ་བྱ་རྒྱུ་མ་ཟད། ཕན་ནུས་ཆེ་ཞིང་སྟབས་བདེ་བའི་ལྷོ་ཨེ་ཤེ་ཡའི་ཉོ་ཚོང་བར་ཁྱམས་མགྱོགས་མྱུར་ངང་འཛུགས་རྒྱུ་ཡིན་པ་རེད། དེ་དང་ཆབས་ཅིག་གླིང་ཁུལ་གྱིས་དྲ་ཐོག་ཕྱོགས་བསྡུས་ཞབས་ཞུའི་སྟེགས་བུའི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་ལྷ་ས་རྒྱལ་སྒྲོལ་གློག་རྡུལ་ཚོང་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱ་རྒྱུ་ཡིན་པ་རེད།图片

  ལྷ་ས་ལྷོ་ཨེ་ཤེ་ཡའི་རྒྱལ་སྒྲོལ་གློག་རྡུལ་ཚོང་ལས་ཐོན་ལས་གླིང་གིས་སྡེ་ཚན་མང་པོ་དང་མཉམ་ལས་བྱས་ཏེ་འགག་སྒོ་དང་། ཚོང་དོན། གཏོང་སྤྲོད་སྟབས་བདེ་བཅས་ཀྱི་བྱ་ཐབས་འཚོལ་ཞིབ་བྱས་ནས་ཁེ་ལས་ལ་ཕྱོགས་ཡོངས་ཀྱི་གཉེར་སྐྱོང་ཞབས་ཞུའི་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་རེད། ཐོན་ལས་གླིང་དེ་དངོས་སུ་གཉེར་སྐྱོང་བྱས་པ་དེས་བོད་རང་སྐྱོང་ལྗོངས་དང་ལྷོ་ཨེ་ཤེ་ཡའི་རྒྱལ་ཁབ་དབར་གྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་སྐུལ་འདེད་ནུས་ལྡན་བཏང་ནས་“ས་མཐོའི་ཁྱད་ལྡན་ཐོན་རྫས་ཕྱིར་ཚོང་དང་རྒྱལ་སྤྱིའི་སྤུས་ལེགས་ཚོང་ཟོག་ནང་འདྲེན་”བྱ་རྒྱུར་རོགས་རམ་ཐུབ་རྒྱུ་ཡིན་པ་རེད།图片


  • 顶