ཞི་ཅིན་ཕིང་ཨུ་རུ་སུའི་མཛད་སྒོ་ཆེན་མོ་འདིར་ཞུགས་པ།

2025-05-10
221

图片


ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་9ཉིན། ཨུ་རུ་སུས་མཛད་སྒོ་གཟབ་རྒྱས་འཚོགས་ནས་སུའུ་ལེན་གྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུས་ཡོད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་འཛམ་གླིང་གི་རྒྱལ་ཁབ་20ལྷག་ཙམ་དང་དེ་བཞིན་རྒྱལ་སྤྱིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་མི་སྣ་གདན་ཞུས་ལྟར་མཛད་སྒོར་ཞུགས་ཡོད།


ཟླ་5པའི་མོ་སི་ཁོ་རུ་སྔོ་ལྗང་གོས་ཀྱིས་བཀླུབས་ཤིང་མེ་ཏོག་རྣམ་པར་བཞད། རྒྱལ་ཁའི་ཉིན་མོའི་དར་ཆ་རླུང་བུའི་ལྡང་ཕྱོགས་དང་བསྟུན་ནས་ལྷབ་ལྷུབ་ཏུ་གཡོ་བཞིན་པ་དང་། བརྗིད་ཉམས་ལྡན་པའི་ཐང་ཆེན་དམར་པོའི་ཐོག་མཛད་སྒོ་གཟབ་རྒྱས་ཀྱི་རྣམ་པས་ཁེངས་ཡོད།


图片

  ཞི་ཅིན་ཕིང་ཁེ་ལིན་མུའུ་ལིན་ཕོ་བྲང་དུ་ཕེབས་ནས་དེ་གར་ཕེབས་སྒུག་ཞུ་བཞིན་པའི་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་མཛའ་བརྩེའི་ངང་ཕྱག་བཏང་གནང་ཡོད། དེ་རྗེས། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཕུའུ་ཅིང་ལྷན་དུ་ཞབས་ཐང་མར་ཐང་ཆེན་དམར་པོའི་ཐོག་ཕེབས་ཏེ་གཟིགས་སྟེགས་གཙོ་བོར་ཕེབས་ཡོད། ཆུ་ཚོད་10པ་ཏག་ཏག་ལ་ཁེ་ལིན་མུའུ་ལིན་ཕོ་བྲང་ནས་ཅོང་སྒྲ་གྲགས་པ་དང་བསྟུན་མཛད་སྒོ་འགོ་ཚུགས་ཤིང་། དམག་དཔུང་རོལ་ཆ་རུ་ཁག་གིས《བླ་ན་མེད་པའི་དམག་འཁྲུག》ཅེས་པའི་རོལ་དབྱངས་དཀྲོལ་བ་དང་། གཟབ་སྦྲེང་རུ་ཁག་གིས་ཨུ་རུ་སུའི་རྒྱལ་དར་དང་རླབས་ཆེན་གྱི་རྒྱལ་སྲུང་དམག་འཁྲུག་གི་རྒྱལ་ཁའི་དར་ཆ་སྲུང་སྐྱེལ་བྱེད་བཞིན་མཛད་སྒོ་འཚོགས་ཡུལ་དུ་འཛུལ།

  ཕུའུ་ཅིང་གིས་ཤིས་ཚིག་སྤེལ་བ་དང་། སུའུ་ལེན་གྱིས་མི་ཁྲི་སྟོང་མང་པོའི་རང་སྲོག་བློས་བཏང་ནས་མིའི་རིགས་ཡོངས་ཀྱི་ཞི་བདེ་དང་རང་དབང་སྲུང་སྐྱོང་བྱས་ཡོད། ང་ཚོས་ནམ་ཡང་རྒྱལ་ཁའི་དུས་སྐབས་བློ་ལ་བརྟན་པོར་ངེས་ནས་ཕ་རབས་ཀྱི་ཤུལ་བཞག་རྒྱུན་འཛིན་དང་བློ་སེམས་གཅིག་སྒྲིལ་གྱིས་བླ་ན་མེད་པའི་གཟི་བརྗིད་འདི་ནམ་ཡང་སྲུང་སྐྱོང་བྱ་རྒྱུ་ཡིན། ཀྲུང་གོའི་མི་དམངས་ཀྱིས་དཔའ་ངར་ཆེན་པོས་ལྗར་འགོག་དམག་འཐབ་བྱས་ཡོད། ང་ཚོས་ཀྲུང་གོའི་མི་དམངས་ཀྱིས་མིའི་རིགས་ཐུན་མོང་གི་འབྱུང་འགྱུར་གཏོད་ཆེད་ལེགས་སྐྱེས་ཕུལ་བར་ཚད་མཐོའི་བསྔགས་བརྗོད་ཞུ་རྒྱུ་ཡིན། ང་ཚོས་འཛམ་གླིང་དམག་ཆེན་གཉིས་པའི་ལོ་རྒྱུས་བློ་ལ་བརྟན་པོར་ངེས་ནས་ལོ་རྒྱུས་དཔྱད་གཞིར་འཛིན་དགོས། རྒྱལ་ཁ་ནི་བླ་ན་མེད་པ་ཞིག་ཡིན་པས། ལོ་རྒྱུས་ལ་གཡོ་བཅོས་བྱེད་མི་ཆོག་ལ། རྒྱལ་ཁ་ཐོབ་མཁན་ལ་ངན་སྨྲས་བྱེད་མི་ཆོག ལོ་རྒྱུས་དང་དྲང་བདེན་ནམ་ཡང་ང་ཚོའི་ཕྱོགས་སུ་ཡོད་ཅེས་གསུངས་ཡོད།

  དེ་རྗེས། དམག་དཔུང་རོལ་ཆ་རུ་ཁག་གིས་ཨུ་རུ་སུའི་རྒྱལ་གླུ་དཀྲོལ་ཞིང་། ཐང་ཆེན་དམར་པོའི་ཐོག་གུས་ལུགས་མེ་སྒྱོགས་བརྒྱབ་པ་དང་བསྟུན་ནས་དམག་གཟིགས་མཛད་སྒོ་གཟབ་རྒྱས་ཀྱི་འགོ་ཚུགས་ཡོད། གཟིགས་སྦྲེང་རུ་ཁག་གིས་གྲལ་འགྲིག་པའི་གོམ་སྟབས་བསྒྱུར་ནས་ཐང་ཆེན་དམར་པོའི་ཐོག་ནས་རིམ་བཞིན་བསྐྱོད་ཡོད། དམག་གཟིགས་མཛད་སྒོའི“ལོ་རྒྱུས”ཚན་པའི་ནང་། ཨུ་རུ་སུའི་དཔོན་དམག་གིས་སུའུ་ལེན་གྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག་དུས་སྐབས་ཀྱི་དམག་ཆས་གྱོན་ནས་སྐབས་དེ་དུས་ཀྱི་དམག་དར་མཐོན་པོར་བསྒྲེངས་པ་དང་སྐབས་དེའི་མཚོན་ཆ་ལག་ཏུ་དམ་པོར་བཟུང་སྟེ། སྙིང་སྟོབས་ཆེན་པོས་གཟིགས་ཞིབ་དང་ལེན་བྱས་ནས་མི་རྣམས་ཧྥ་ཤི་སིར་འགོག་རྒོལ་བྱེད་པའི་གཡོ་འགུལ་ཆེ་བའི་ལོ་ཟླའི་ནང་དུ་དྲངས་ཡོད། དམག་གཟིགས་མཛད་སྒོའི“དེང་རབས”ཀྱི་ཚན་པའི་ནང་། ཨུ་རུ་སུའི་དམག་རིགས་ཁག་གི་རུ་སྟར་དང་དེང་རབས་མཚོན་ཆའི་སྒྲིག་ཆས་རུ་སྟར་གྱིས་གྲལ་འགྲིག་པོའི་ངང་ནས་གཟིགས་ཞིབ་དང་ལེན་བྱས་ཡོད། མཁའ་དབྱིངས་དམག་གི་འཕུར་སྐྱོད་རུ་སྟར་གྱིས་འུར་སྒྲ་དང་བཅས་ཐང་ཆེན་དམར་པོའི་མཁའ་དབྱིངས་སུ་འཕུར་བ་དང་། 《རྒྱལ་ཁའི་ཉིན་མོ》ཞེས་པའི་རོལ་དབྱངས་ཡུན་རིང་གྲགས་ཡོད། ཀྲུང་གོ་སོགས་རྒྱལ་ཁབ་10ལྷག་ཙམ་གྱི་དྲག་ཆས་སྟོབས་ཤུགས་རུ་སྟར་ཡང་གདན་ཞུས་ལྟར་དམག་གཟིགས་མཛད་སྒོར་ཞུགས་ཡོད། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་གསུམ་གཟབ་སྦྲེང་རུ་ཁག་གི་དམག་མི་རྣམས་དཔའ་ཉམས་ལྡན་ལ་རྔམ་བརྗིད་ཆེ་ཞིང་། བརྟན་ལ་ཤུགས་དང་ལྡན་པའི་གོམ་སྟབས་བསྒྱུར་ཏེ་ཐང་ཆེན་དམར་པོའི་མདུན་ཕྱོགས་ནས་བསྐྱོད་ཡོད།

  རྟེན་འབྲེལ་མཛད་སྒོ་མཇུག་འགྲིལ་རྗེས། ཞི་ཅིན་ཕིང་དང་རྒྱལ་ཁབ་གཞན་དག་གི་འགོ་ཁྲིད་མི་སྣ་ལྷན་དུ་ཐང་ཆེན་དམར་པོ་ནས་ཡ་ལི་ཧྲན་ཏ་མེ་ཏོག་ལྡུམ་རར་ཕེབས་ཏེ་མིང་མེད་དཔའ་བོའི་བང་སོར་མེ་ཏོག་ཕུལ་བ་དང་འབྲེལ་ངག་བསྡམས་ནས་མྱ་ངན་ཞུས་ཡོད། དེ་རྗེས་རྒྱལ་ཁབ་ཁག་གི་འགོ་ཁྲིད་མི་སྣ་ལྷན་དུ་བཞུགས་ནས་དྲན་རྟེན་སྐུ་པར་བསྐྱོན་ཡོད།

  ཉིན་དེའི་ཉིན་གུང་། ཞི་ཅིན་ཕིང་ཙུང་ཐུང་ཕུའུ་ཅིང་ནས་བཤམས་པའི་སུའུ་ལེན་གྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་གསོལ་སྟོན་ལ་ཞུགས་ཡོད།

ཚའེ་ཆི་དང་ཝང་དབྱི་སོགས་གོང་གསལ་གྱི་བྱེད་སྒོར་ཞུགས་པ་རེད།

  • 顶