ཞི་ཅིན་ཕིང་གིས་ཨུ་རུ་སུ་ལ་རྒྱལ་དོན་འཚམས་འདྲི་གནང་རྒྱུ་ཡིན་པ་མ་ཟད་སུའུ་ལེན་གྱི་རླབས་ཆེ་བའི་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་བརྒྱད་ཅུ་འཁོར་བར་དྲན་གསོ་ཞུ་བའི་མཛད་སྒོའི་ནང་ཞུགས་རྒྱུ་རེད།

2025-05-05
386

  ཨུ་རུ་སུ་རྒྱལ་ཕྲན་མནའ་འབྲེལ་གྱི་ཙུང་ཐུང་ཕུའུ་ཅིང་གི་གདན་ཞུས་ལྟར། ཟླ་བ་ལྔ་པའི་ཚེས་བདུན་ཉིན་ནས་ཚེས་བཅུ་ཉིན་གྱི་བར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སུ་ལ་རྒྱལ་དོན་འཚམས་འདྲི་གནང་རྒྱུ་ཡིན་པ་མ་ཟད། མོ་སི་ཁོ་རུ་འཚོགས་པའི་སུའུ་ལེན་གྱི་རླབས་ཆེ་བའི་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་བརྒྱད་ཅུ་འཁོར་བར་དྲན་གསོ་ཞུ་བའི་མཛད་སྒོའི་ནང་ཞུགས་རྒྱུ་རེད།


  • 顶