ངལ་རྩོལ་གྱིས་དུས་རབས་ཀྱི་གཟི་དཔལ་གཏོད་བཞིན་པ།

2025-05-03
906

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ངལ་རྩོལ་གྱིས་དུས་རབས་ཀྱི་གཟི་དཔལ་གཏོད་པ་དང་། འབད་འཐབ་ཀྱིས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་སྐྲུན་དགོས་ཞེས་ནན་སྟོན་གནང་ནས། རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱིས་སྤུས་མཐོའི་གོང་འཕེལ་ལ་བརྟེན་ནས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ལག་ལེན་དངོས་ནང་ཧུར་ཐག་ངང་ཞུགས་པ་དང་། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་པའི་ཐུགས་རེ་བཅོལ་གནང་ཡོད།

ལྔ་གཅིགགུང་གསེང་རིང་། འཛུགས་སྐྲུན་པ་ཚོས་ལས་གནས་བརྟན་སྲུང་དང་རྩོལ་ཤུགས་རབ་རྒྱས་ཀྱིས་ལས་གྲྭའི་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་བྱེད་པ་སྤུས་ལེགས་དང་ལས་ཕྱོད་མཐོ་པོའི་སྒོ་ནས་སྐུལ་འདེད་གཏོང་རྒྱུར་འགན་ལེན་བྱས་ཏེ། སྤུས་མཐོའི་གོང་འཕེལ་ཆེད་སྒུལ་ནུས་གསར་པ་བསྣན་ཡོད།

ལྔ་གཅིགགུང་གསེང་རིང་། ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པའི་རྐང་འཛིན་ལས་གྲྭ་ཕིང་ལུའུ་མི་བཟོས་གཙང་པོའི་ཡུལ་དངོས་སུ་ཚ་ཚ་འུར་འུར་ངང་ནས་ལས་སྒྲུབ་བྱེད་བཞིན་པ་དང་། འཛུགས་སྐྲུན་པ་ཁྲི་གཉིས་ལ་ཉེ་བ་དང་སྒྲིག་ཆས་4400ཡིས་ཉིན་མཚན་དབྱེར་མེད་སྒོ་ནས་ལས་ལ་གཞོལ་བཞིན་ཡོད། ཕིང་ལུའུ་མི་བཟོས་གཙང་པོ་སྐྲུན་ཚར་ནས་བགྲོད་ལམ་ཤར་གཏོང་ཐུབ་རྗེས། ཀོང་ཞི་དང་ལྷོ་ནུབ་ས་ཁུལ་བར་སྐྱེལ་འདྲེན་བྱེད་པའི་བར་ཐག་ཐུང་བ་དང་། མ་གནས་གྲོན་ཆུང་ཐུབ་པ། སྟབས་བདེ་ཤོས་བཅས་ཀྱི་ཨ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ས་ཁུལ་དུ་སྐྱོད་པའི་བགྲོད་ལམ་ཞིག་ཐད་ཀར་ཤར་གཏོང་ཐུབ་ཀྱི་ཡོད། ཕིང་ལུའུ་མི་བཟོས་གཙང་པོའི་ལས་གྲྭ་འཛུགས་སྐྲུན་བཀོད་འདོམས་པུའི་བཀོད་འདོམས་པ་གཞོན་པ་ཕན་ཅན་གྱིས། ལྔ་གཅིགགུང་གསེང་རིང་། ང་ཚོས་ཆིན་ཀྲོའུ་ཆུ་ཐོག་ཞབས་ཞུ་ཁུལ་གྱི་ས་རྡོ་སྔོག་འདོན་དང་དེ་བཞིན་ཆུ་འོག་གྲུབ་གཞིའི་དངོས་པོའི་ལས་ཀ་སྒྲུབ་ཚར་བ་བྱ་རྒྱུ་ཡིན། ལོ་མཇུག་ཏུ་ང་ཚོས་ལྟེ་བའི་གྲུ་ལམ་འགག་སྒོ་གསུམ་གྱི་གཙོ་གཟུགས་ཀྱི་ཨར་འདམ་ལུགས་རྒྱག་ཚར་བ་བྱ་རྒྱུ་དང་། གྲུ་ལམ་འཛུགས་སྐྲུན་གྱི་རྨང་གཞིའི་བཟོ་དབྱིབས་ཆགས་པ། ཟམ་ཆེན་བཅུ་དགུ་བསྐྲུན་ཚར་བ་བྱས་ཏེ་རླངས་འཁོར་ཤར་གཏོང་ཐུབ་པ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

འགྲིམ་འགྲུལ་ལས་གྲྭ་གལ་ཆེན་གྱིས་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་སྣེ་ཁྲིད་ནུས་པ་གལ་ཆེན་ལྡན་ཡོད། ལྔ་གཅིགགུང་གསེང་རིང་། ཆུ་ཐོག་སྐྱེལ་འདྲེན་དང་། ལྕགས་ལམ། གཞུང་ལམ་སོགས་འགྲིམ་འགྲུལ་ལས་གྲྭ་གལ་ཆེན་ཁག་འཛུགས་སྐྲུན་བྱེད་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གང་མགྱོགས་གཏོང་བཞིན་ཡོད།

ཀྲེ་ཅང་ཉིང་པོ་རུ་གནས་པའི་ཡུང་ཀྲོའུ་ལྕགས་ལམ་གྱི་ཅིན་ཐང་མཚོ་འོག་ཕུག་ལམ་གྱི་ལས་ཡུལ་དངོས་སུཡུང་ཀྲོའུ་རྟགས་ཅནསོར་འབིག་འཕྲུལ་འཁོར་དེས་ཉིན་རེར་ཆ་སྙོམས་ཐོག་སྨི་16ཡི་མྱུར་ཚད་ཐོག་ནས་མདུན་ཕྱོགས་སུ་སྔོག་འདོན་བྱེད་བཞིན་ཡོད། ཅིན་ཐང་མཚོ་འོག་ཕུག་ལམ་ནི་འཛམ་གླིང་ཐོག་ཆེས་རིང་ཤོས་ཀྱི་མཚོ་འོག་མྱུར་བགྲོད་ལྕགས་ལམ་གྱི་ཕུག་ལམ་ཞིག་ཡིན་པ་དང་། འཆར་གཞི་ལྟར་ན། ཕུག་ལམ་ལས་གྲྭ་འདི་2027ལོར་ལེགས་སྒྲུབ་ཐུབ་པ་བྱ་རྒྱུ་དང་། ཡུང་ཀྲོའུ་ལྕགས་ལམ་ཧྲིལ་པོ་སྔོན་དཔག་བྱས་ན་2028ལོའི་ཟླ་10པའི་ཟླ་མཇུག་ཏུ་རླངས་འཁོར་ཤར་གཏོང་ཐུབ་པ་བྱ་རྒྱུ་རེད། ཡུང་ཀྲོའུ་ལྕགས་ལམ་ཏ་ཏུན་ཀོའུ་རུ་ཁག་དང་པོའི་ཧྲུའུ་ཅི་ཀྲའོ་ཏུང་ཧུང་གིས། 2028ལོར་མྱུར་བགྲོད་ལྕགས་ལམ་ཤར་གཏོང་ཐུབ་སྐབས། ཉིང་པོ་ནས་ཀྲོའུ་ཧྲན་བར་མ་གཞི་ཆུ་ཚོད་གཅིག་འགོར་བའི་ལམ་ཐག་དེ་སྐབས་དེ་དུས་སྐར་མ་26ནང་སླེབས་ཐུབ་ཅེས་གསུངས་པ་པ་རེད།

ལྔ་གཅིགགུང་གསེང་རིང་། ཆུ་བེད་ལས་གྲྭ་ཁག་གཅིག་འཛུགས་སྐྲུན་བྱེད་ཚད་ཀྱང་རྒྱུན་ཆད་མེད་པར་མགྱོགས་སུ་འགྲོ་བཞིན་ཡོད།

ལྷོ་ཆུ་བྱང་འདྲེན་གྱི་རྗེས་མཐུད་ལས་གྲྭའི་ལས་འགོ་བཙུགས་པའི་རྣམ་གྲངས་གལ་ཆེན་ཐོག་མ་སྟེ། ལམ་ཐིག་དཀྱིལ་མའི་འབྲི་ཆུའི་འགག་གསུམ་ཆུ་མཛོད་ནས་ཆུ་དྲངས་ཏེ་ཧན་ཅང་ཏན་ཅང་ཁོའུ་ཆུ་མཛོད་ཀྱི་སྨད་རྒྱུད་ཨན་ལེ་ཧོ་ཁོའུ་ལ་ཆུ་གསབ་པའི་ལས་གྲྭའི་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད། འབྲི་ཆུའི་འགག་གསུམ་ཆུ་མཛོད་ནས་ཆུ་དྲངས་ཏེ་ཧན་ཅང་ཏན་ཅང་ཁོའུ་ཆུ་མཛོད་ཀྱི་སྨད་རྒྱུད་ཨན་ལེ་ཧོ་ཁོའུ་ལ་ཆུ་གསབ་པའི་ལས་གྲྭའི་འཛུགས་སྐྲུན་དོ་དམ་པུའུ་གསུམ་པའི་ཀྲུའུ་རེན་གཞོན་པ་ཅའོ་ཞའོ་ཡན་གྱིས། འབྲི་ཆུའི་འགག་གསུམ་ཆུ་མཛོད་ནས་ཆུ་དྲངས་ཏེ་ཧན་ཅང་ཏན་ཅང་ཁོའུ་ཆུ་མཛོད་ཀྱི་སྨད་རྒྱུད་ཨན་ལེ་ཧོ་ཁོའུ་ལ་ཆུ་གསབ་པའི་རིང་ཚད་ལ་སྤྱི་ལེ་194.7ཡོད་ཅིང་། ལས་གྲྭ་དེས་ཧན་ཅང་གཙང་པོའི་འབབ་རྒྱུད་དང་ས་ཁོངས་ཀྱི་ཆུ་བཀོད་སྒྲིག་བྱེད་པའི་ནུས་པ་ཆེ་རུ་གཏོང་ཐུབ་པ་དང་། ལྷོ་ཆུ་བྱང་འདྲེན་ལམ་ཐིག་དཀྱིལ་མའི་ལས་གྲྭའི་བྱང་འདྲེན་གྱི་ཆུའི་འབོར་ཚད་མང་དུ་གཏོང་ཐུབ་ཅེས་གསུངས་པ་རེད།

ད་ལོའི་དུས་ཚིགས་དང་པོར། རང་རྒྱལ་གྱིས་ཆུ་བེད་ལས་གྲྭ་གལ་ཆེན་ཁག་8གསར་དུ་འགོ་བཙུགས་པ་དང་། མ་འཇོག་གཞི་ཁྱོན་ན་ནིང་གི་དུས་མཚུངས་ལས་བརྒལ་ཡོད། འདི་ལོ་ཆུ་བེད་པུའུ་ཡིས་ཆུ་བེད་ལས་གྲྭ་གལ་ཆེན་ཁག་གཅིག་ལས་འགོ་འཛུགས་རྒྱུར་མུ་མཐུད་སྐུལ་འདེད་གཏོང་རྒྱུ་རེད། ཆུ་བེད་པུའི་པུའུ་ཀྲང་གཞོན་པ་ཁྲེན་རྨིན་གྱིས། ཆུ་བེད་པུས་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལག་བསྟར་ལ་སྐུལ་འདེད་གཏོང་བ་དང་གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་ནུས་པ་འཛུགས་སྐྲུན་བྱེད་པའི་ཆུ་བེད་རྣམ་གྲངས་གཙོ་བོར་བཟུང་ནས། ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་གང་མགྱོགས་བཏང་ནས། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའིདམིགས་འབེན་ལས་འགན་སྤུས་ཚད་མཐོ་པོའི་སྒོ་ནས་ལེགས་སྒྲུབ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

ནུས་རྒྱུ་ནི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་དངོས་པོའི་རྨང་གཞི་གལ་ཆེན་དང་སྒུལ་ཤུགས་ཀྱི་འབྱུང་ཁུངས་ཡིན་པས། ནུས་རྒྱུའི་རྣམ་གྲངས་གལ་ཆེན་ཁག་གཅིག་ལ་སྐུལ་འདེད་གང་མགྱོགས་གཏོང་བཞིན་ཡོད།

མིག་སྔར། ཀོང་ཏུང་དང་། ཧྥུ་ཅན། ཀྲེ་ཅང་སོགས་ཀྱི་མཚོ་ཐོག་རླུང་གློག་རྟེན་གཞི་འཁོར་སྐྱོད་བྱེད་བཞིན་ཡོད་པ་དང་། རླུང་གློག་འོད་ཧྥུའི་རྣམ་གྲངས་ཀྱི་འཛུགས་སྐྲུན་མྱུར་ཚད་སྔོན་དཔག་བྱས་པའི་དམིགས་འབེན་ལས་བརྒལ་ཡོད།

འདི་ལོ་ནིལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པམཇུག་བསྡུ་བའི་ལོ་ཡིན་ལ། བསྒྱུར་བཅོས་སྔར་བས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་འགག་རྩའི་ལོ་ཞིག་ཀྱང་ཡིན། ལས་གྲྭ་གལ་ཆེན་འབོར་ཆེན་ཞིག་འཛུགས་སྐྲུན་གྱི་འགག་རྩའི་དུས་སྐབས་སུ་སླེབས་ཡོད། མིག་སྔའི་བར། རང་རྒྱལ་གྱིལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའིལས་གྲྭ་གལ་ཆེན་102དེ་ནུས་རྒྱུ་དང་། འགྲིམ་འགྲུལ། གཞི་རྩའི་འཛུགས་སྐྲུན་གསར་པ་སོགས་དང་འབྲེལ་བ་ཡོད་པའི་ཁྱབ་ཁོངས་ཀྱི་ཞིབ་ཕྲའི་རྣམ་གྲངས་5000ཁྲོད་ལས། འཆར་འགོད་ལས་འགན་དམིགས་ཚད་ལེགས་གྲུབ་ཟིན་པའི་བསྡུར་ཚད་བརྒྱ་ཆ་99ཟིན་ནས། དཔལ་འབྱོར་སྤྱི་ཚོགས་སྤུས་མཐོའི་གོང་འཕེལ་ལ་འདེགས་སྐྱོར་ནུས་ལྡན་ཐུབ་ཡོད།

  • 顶