ཚོང་དོན་པུའུ་ཡི་གསར་འགྱུར་མགྲིན་ཚབ་པས་ཀྲུང་གོ་དང་ཨ་རིའི་བར་གྱི་དཔལ་འབྱོར་ཉོ་ཚོང་གྲོས་མོལ་ལ་དམིགས་ནས་གསར་འགོད་པའི་དྲི་བར་ལན་བཏབ་ཡོད།
གསར་འགོད་པས། ཉེ་དུས། ཨ་རིས་ཀྲུང་གོ་དང་དཔལ་འབྱོར་ཉོ་ཚོང་གནད་དོན་ལ་དམིགས་ནས་གྲོས་མོལ་ཐེངས་མང་བྱས་པ་མ་ཟད་གྲོས་མཐུན་བྱ་རྒྱུ་ཡིན་ཟེར། ཚོང་དོན་པུའུ་ཡིས་དེའི་སྐོར་ལ་ཆ་འཕྲིན་དང་དཔྱད་བརྗོད་གསར་པ་ཡོད་དམ་ཞེས་དྲིས།
ལན། ཀྲུང་གོས་ཨ་རིའི་མཐོ་རིམ་གྱི་བསམ་ཚུལ་ལ་དོ་སྣང་བྱས་ཡོད། ཀྲུང་གོ་དང་སྒོ་ཁྲལ་གནད་དོན་ལ་དམིགས་ནས་གྲོས་མོལ་བྱེད་པའི་མོས་པ་ཡོད་ཟེར། དེ་དང་དུས་མཚུངས་སུ། ཨ་རིས་ཉེ་དུས་འབྲེལ་ཡོད་ཕྱོགས་བརྒྱུད་ནས་རང་འགུལ་གྱིས་ཀྲུང་གོར་ཆ་འཕྲིན་བརྒྱུད་སྒྲོག་བྱས་ནས། ཀྲུང་གོ་དང་གྲོས་མོལ་བྱེད་པའི་རེ་བ་བཏོན། དེར་ཀྲུང་གོས་དཔྱད་དཔོག་བྱེད་བཞིན་ཡོད།
ཀྲུང་གོའི་ལངས་ཕྱོགས་ལ་ནམ་ཡང་འགྱུར་བ་མེད། འཐབ་རྩོད་བྱས་ན་ཕྱིར་ནུར་བྱ་རྒྱུ་མིན། གྲོས་མོལ་བྱ་བསམ་ན་དགའ་བསུ་ཡོད། སྒོ་ཁྲལ་འཐབ་རྩོད་དང་ཉོ་ཚོང་འཐབ་རྩོད་ནི་ཨ་རིས་བསླངས་པ་རེད། ཨ་རིས་གྲོས་བྱ་འདོད་ན། ལྷག་བསམ་ཡོད་དགོས། ནོར་འཁྲུལ་ཡོ་བསྲང་དང་ཕྱོགས་གཅིག་ནས་སྒོ་ཁྲལ་ཁ་སྣོན་བྱ་རྒྱུ་མེད་པ་བཟོ་བ་སོགས་གནད་དོན་ཐོག་གྲ་སྒྲིག་བྱས་ནས་ལག་ལེན་སྤེལ་དགོས། ང་ཚོས་ཨ་རིས་ཉེ་དུས་རྒྱུན་ཆད་མེད་པར་སྒོ་ཁྲལ་ལེགས་སྒྲིག་བྱེད་པར་བརྡ་གཏོང་བཞིན་ཡོད་པ་ཤེས་བྱུང་། ཀྲུང་གོས་དམིགས་སུ་བཤད་འདོད་པ་ནི། ཁ་བརྡ་དང་གྲོས་མོལ་གང་རུང་ཁྲོད། གལ་ཏེ་ཨ་རིས་ཕྱོགས་ནས་སྒོ་ཁྲལ་བྱེད་ཐབས་ནོར་འཁྲུལ་དེ་ཡོ་བསྲང་མ་བྱས་ན། ཨ་རིར་རྦད་དེ་ལྷག་བསམ་མེད་པ་མཚོན། དེ་འདྲ་བྱས་ན་ཕྱོགས་གཉིས་བར་གྱི་ཡིད་ཆེས་ལ་གནོད་འཚེ་བཟོ་སྲིད། ཁ་དན་ཚིག་ལ་མི་གནས་པ། ཐ་ན་གྲོས་མོལ་ལ་ཁ་གཡར་ནས། བཙན་ཤེད་དང་བསྙད་བཏགས་བྱ་བསམ་ན། ཀྲུང་གོས་ཁས་མི་ལེན་ཤག་ཤག་ཡིན་ཞེས་བཤད།
ཡོང་ཁུངས། ཞིན་ཧྭ་གསར་འགྱུར་ཁང་།
རྩོམ་སྒྲིག་པ། ཐུབ་བསྟན་ཟླ་བ།
ཞུ་ཆེན། པ་སངས་རྡོ་རྗེ།
གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།
ལྟ་སྐུལ་པ། འཆི་མེད་དབང་མོ།
འཕྲིན་སྟེགས། weikangba