ཉིན་བསྟུད་མར། ས་གནས་ཁག་གིས་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་སྙིང་དོན་སློབ་སྦྱོང་སློབ་གསོའི་ལས་ཀ་ཏན་ཏིག་སྤེལ་ཞིང་། སློབ་སྦྱོང་དང་རྩད་གཅོད། དག་ཐེར་བཅས་ཀྱི་བྱ་བ་མཉམ་སྤེལ་བྱས་ནས། སློབ་སྦྱོང་སྤུས་ཀ་ཅན་དང་ རྩད་གཅོད་ཟབ་མོ། དག་ཐེར་ལ་གྲུབ་འབྲས་ཐོབ་པར་བྱས་ཐུབ་ཡོད།
ཞིན་ཅང་གིས་སློབ་སྦྱོང་སློབ་གསོའི་ལས་ཀ་ཏན་ཏིག་གིས་བསྒྲུབས་ཤིང་། ལས་ཀའི་བྱེད་ཐབས་བཅུ་གསུམ་ཞིབ་མོར་སྤེལ་ལ། དཔེ་ཀློག་འཛིན་གྲྭ་དང་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོ་ཆུང་། ཆེད་དོན་ཟུར་ཁྲིད་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་སློབ་སྦྱོང་དང་ཞིབ་འཇུག་བགྲོ་གླེང་བྱས་ནས། སློབ་སྦྱོང་བྱེད་ཞོར་ཞིབ་འཇུག་དང་བགྲོ་གླེང་བྱེད་ཞོར་རྟོག་ཞིབ་དང་དག་ཐེར་བྱས་ཤིང་།དེ་དང་དུས་མཚུངས་སུ། ཞིན་ཅང་གིས་ད་དུང་དོན་དངོས་དང་འབྲེལ་ནས། འབུར་ཐོན་གནད་དོན་ལ་གཞིགས་ནས་གཅིག་བསྡུས་བཅོས་སྐྱོང་བྱས་ནས། རྒྱ་ཆེའི་ཏང་ཡོན་ལས་བྱེད་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་སྙིང་དོན་ལག་བསྟར་བྱེད་པར་སྣེ་ཁྲིད་པ་རེད།
ནང་སོག་རང་སྐྱོང་ལྗོངས་ཏང་ཨུས་ལག་བསྟར་ཇུས་གཞི་གཏན་འབེབས་བྱས་པ་དང་། ཆེད་དོན་ཟུར་ཁྲིད་དང་གཅིག་བསྡུས་རང་སྦྱོང་ཟུང་འབྲེལ་ཡག་པོ་བྱས་ནས། རིམ་པ་ཁག་གི་ཏང་ཡོན་ལས་བྱེད་རྩ་འཛུགས་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ཇེ་དྲག་སྐོར་གྱི་བརྗོད་པ་གལ་ཆེན་སློབ་སྦྱོང་གོ་ལེན་བྱས་ཡོད་ལ། སློབ་སྦྱོང་མཐར་ཕྱིན་དང་གོ་བ་ཟབ་མོ་ལོན་པ། བྱ་སྤྱོད་དོན་འབབ་བཅས་ལ་ཧུར་བརྩོན་བྱེད་ཅིང་། ཁྱོན་ཡོངས་ནས་གནད་དོན་རྩད་གཅོད་ནན་མོ་དང་། གཅིག་བསྡུས་བཅོས་སྐྱོང་ལས་ཀ་ནན་སྤེལ་བྱས་ནས། སློབ་སྦྱོང་སློབ་གསོ་ལ་གྲུབ་འབྲས་དངོས་ལོན་གང་ཐུབ་བྱེད་བཞིན་ཡོད།
ལིའོ་ཉིང་ཞིང་ཆེན་ཏང་ཨུས་སྣེ་ཁྲིད་དེ་རང་སྦྱོང་དང་སྤེལ་རེས། ཞིབ་འཇུག་བགྲོ་གླེང་བཅས་ཟུང་འབྲེལ་ཐོག་ནས་ རིམ་པ་ཁག་གི་ཏང་ཡོན་ལས་བྱེད་ཀྱིས་སློབ་སྦྱོང་སློབ་གསོའི་ལས་ཀ་ནན་མོ་སྒྲུབ་པར་སྣེ་ཁྲིད་ཡོད།
ས་གནས་ཁག་དང་སྡེ་ཁག་དང་ལས་ཁུངས་སོ་སོས་ཀྲུང་དབྱང་གི་གཏན་འབེབས་བརྒྱད་དང་ལག་བསྟར་ཞིབ་སྲོལ་དོན་འཁྱོལ་བྱེད་པའི་གནད་དོན་ལ་གསལ་འབྱེད་ལག་བསྟར་ཞིབ་ཆ་བྱེད་པ་དང་། གནད་དོན་ཞིབ་ཐོ་ལས་ཤིང་དག་ཐེར་བྱེད་ཐབས་གཏན་འབེབས་བཅས་བྱས་ནས། དག་ཐེར་བཅོས་སྐྱོང་ལ་འབྲས་བུ་མངོན་ཐོབ་བྱེད་བཞིན་ཡོད།
འཕྲིན་སྟེགས། weikangba