ཡོ་རོབ་མནའ་འབྲེལ་གྱིས་ཨ་རིའི་ཚན་རྩལ་ཁེ་ལས་གྲགས་ཅན་ལ་ཡོ་སྒོར་དུང་ཕྱུར་བདུན་གྱི་ཆད་པ་བཅད།

2025-04-25
1510

  ཚེས་ཉེར་གསུམ་ཉིན། ཡོ་རོབ་མནའ་འབྲེལ་ཨུ་ལྷན་གྱིས་གསར་འགྱུར་སྤྱི་བསྒྲགས་སྤེལ་ནས། ཨ་རིའི་ཀུ་ཤུ་སྤྱི་གཉེར་ཁང་དང་དངོས་ཡོད་རྟོག་བཟོའི་བར་སྟོང་སྟེགས་བུའི་སྤྱི་གཉེར་ཁང་གིས་《ཨང་ཀིའི་ཚོང་རའི་ཁྲིམས་གཞི་》དང་འགལ་བ་ངོས་བཟུང་ནས། སྤྱི་གཉེར་ཁང་གཉིས་ལ་སོ་སོར་ཡོ་སྒོར་(欧元)དུང་ཕྱུར་ལྔ་དང་དུང་ཕྱུར་གཉིས་ཀྱི་ཆད་པ་བཅད། 

  གསལ་བསྒྲགས་ནང་། ཀུ་ཤུ་སྤྱི་གཉེར་ཁང་གིས་དེའི་བཀོལ་སྤྱོད་མ་ལག་ཚོང་ཁང་ནང་། བཀོལ་སྤྱོད་གསར་སྤེལ་མཁན་གྱིས་སྤྱོད་མཁན་ལ་ཕྱོགས་གསུམ་པ་ནས་བེད་སྤྱོད་བྱེད་པར་ཚད་བཀག་བྱས་པས། སྤྱོད་མཁན་གྱིས་གོང་བདེ་ཞབས་ཞུ་གཞན་དག་ལོངས་སུ་སྤྱོད་པའི་དབང་ཆ་འཕྲོག་ཡོད། ཀུ་ཤུ་སྤྱི་གཉེར་ཁང་གིས་འབྲེལ་ཡོད་ཚད་བཀག་ལ་དགོས་པ་ཡོད་པར་བདེན་དཔང་ཐུབ་མེད་པས། ཡོ་རོབ་མནའ་འབྲེལ་གྱིས་སྤྱི་གཉེར་ཁང་གིས་དེ་མ་ཐག་འབྲེལ་ཡོད་ཚད་བཀག་མེད་པ་བཟོ་དགོས་པར་མ་ཟད། རིགས་འདྲའི་ནུས་པ་ཐོན་པའི་བྱེད་ཐབས་སྤེལ་མི་ཆོག་པའི་བླང་བྱ་བཏོན།图片

  གསལ་བསྒྲགས་ནང་། དངོས་ཡོད་རྟོག་བཟོའི་བར་སྟོང་སྟེགས་བུའི་སྤྱི་གཉེར་ཁང་གིས་2023ལོར་ཡོ་རོབ་མནའ་འབྲེལ་ས་ཁུལ་དུ་མོས་མཐུན་ནམ་རིན་པ་སྤྲོད་པའི་བྱེད་ཐབས་བརྒྱུད། ཁོངས་གཏོགས་ཀྱི་ངོ་དེབ་དང་འདྲ་པར་གྱང་ཞེས་པའི་སྤྱོད་མཁན་གྱིས་སྒེར་གྱི་ཆ་འཕྲིན་ཕྱོགས་བསྡུས་བྱས་ནས་སྒེར་ཚུགས་ཅན་གྱི་འགྲེམ་བརྡ་དང་ལེན་ཐད་སྤྱོད་པ་དང་། ཡང་མིན་ན་ཟླ་བ་རེར་གླ་སྤྲད་ནས་འགྲེམ་བརྡ་མེད་པའི་དཔར་གཞི་སྤྱོད་བཅུག་པ་རེད་ཟེར། ཡོ་རོབ་མནའ་འབྲེལ་གྱིས་བྱེད་ཐབས་དེས་འབྲེལ་ཡོད་བཅའ་ཁྲིམས་བླང་བྱ་དང་འགལ་བ་འདོད་པས་ཆད་པ་བཅད་པ་རེད། 图片

  གསལ་བསྒྲགས་ནང་། གལ་ཏེ་ཀུ་ཤུ་དང་དངོས་ཡོད་རྟོག་བཟོའི་བར་སྟོང་སྟེགས་བུའི་སྤྱི་གཉེར་ཁང་གཉིས་ཀྱིས་ཉིན་དྲུག་ཅུའི་ནང་ཡོ་བསྲང་མ་བྱས་ན། དེ་བས་ཆད་པ་གཅོད་རྒྱུ་ཡིན་ཟེར། ཆད་པ་བཅད་ཐེངས་འདི་ནི་ཡོ་རོབ་མནའ་འབྲེལ་གྱིས་《ཨང་ཀིའི་ཚོང་རའི་ཁྲིམས་གཞི་》ལ་ནུས་པ་ཐོན་རྗེས་བཏོན་པའི་སྒྲིག་སྲོལ་དང་མི་ཐུབ་པར་ངོས་འཛིན་ཐོག་མ་དེ་རེད། 

ཡོང་ཁུངས། ཞིན་ཧྭ་གསར་འགྱུར་ཁང་།

རྩོམ་སྒྲིག་པ། ཐུབ་བསྟན་ཟླ་བ།

ཞུ་ཆེན། པ་སངས་རྡོ་རྗེ།

གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།

ལྟ་སྐུལ་པ། འཆི་མེད་དབང་མོ།


  • 顶