ཞི་ཅིན་ཕིང་གིས་མཛད་སྒོ་སྤེལ་ནས་ཁེ་ཉི་ཡའི་ཙུང་ཐུང་ཀྲུང་གོར་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས།

2025-04-25
1069

  ཚེས་ཉེར་བཞི་ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོ་ཐང་ཆེན་དུ་མཛད་སྒོ་སྤེལ་ནས། ཁེ་ཉི་ཡ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཝེ་ལེན་་ལུའུ་ཐོ་རང་རྒྱལ་དུ་རྒྱལ་དོན་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས་པ་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གི་ལྕམ་མོ་ཕེང་ལི་ཡོན་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་ཕྱི་དོན་ལས་སྒྲུབ་ཨུ་ལྷན་གཞུང་ལས་ཁང་གི་འགོ་འཛིན་ཝང་དབྱི་སོགས་དགའ་བསུ་མཛད་སྒོའི་ནང་ཞུགས། ལུའུ་ཐོ་དང་འགྲོགས་ནས་ཀྲུང་གོར་འཚམས་འདྲིར་ཡོང་མཁན་ཙུང་ཐུང་གི་ལྕམ་མོ་དང་། ནང་སྲིད་ལས་ཁུངས་ཀྱི་དབུ་བཞུགས་འགོ་འཛིན་དང་ཕྱི་འབྲེལ་འགོ་འཛིན་གྱི་འགན་གཅིག་ལྕོགས་བཞེས་མཁན། བགྲོད་ལམ་དང་འགྲིམ་འགྲུལ་པུའུ་ཡི་འགོ་འཛིན་སོགས་ཡོད། དམག་དཔུང་རོལ་དབྱངས་ཚོགས་པས་ཁེ་ཉི་ཡ་དང་ཀྲུང་གོའི་རྒྱལ་གླུ་དཀྲོལ་བ་དང་། གུས་སྒྱོགས་ཉེར་གཅིག་འཕངས་ཤིང་། ལུའུ་ཐོ་ཞི་ཅིན་ཕིང་གི་ཕེབས་རོགས་འོག་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་དང་། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གཟིགས་ཞིབ་སྟེགས་བུར་ཕེབས་ནས་གཟབ་སྦྲེང་རུ་ཁག་གི་དབྱེ་འབྱེད་རུ་སྟར་ལ་གཟིགས་གནང་ཕེབས་པ་རེད། ལུའུ་ཐོ་ནི་ཞི་ཅིན་ཕིང་གི་གདན་ཞུས་ལྟར་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲིར་ཕེབས་པ་རེད།


  • 顶