ཚེས་ཉེར་གསུམ་ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཐང་ཆེན་དུ་དགའ་བསུ་མཛད་སྒོ་སྤེལ་ནས་ཨ་ཟེར་བྷེ་ཇན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཨ་ལི་ཡེ་ཧྥུའུ་ཡིས་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་གནང་བར་བསུ་མ་གནང་བ་རེད།
ཀྲུའུ་ཞི་ཞི་ཅིན་ཕིང་གི་ལྕམ་མོ་ཕེང་ལི་ཡོན་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་ཕྱི་ཕྱོགས་ལས་དོན་ཨུ་ལྷན་གྱི་གཞུང་ལས་ཁང་གི་ཀྲུའུ་རེན་ཝང་དབྱིས་སོགས་དགའ་བསུའི་མཛད་སྒོའི་ནང་ཞུགས་པ་རེད། ཨ་ལི་ཡེ་ཧྥུའུ་ཀྲུང་གོར་འཚམས་འདྲིར་ཕེབས་རོགས་ལ་ཙུང་ཐུང་གི་ལྕམ་མོ་དང་། ཙུང་ལི་གཞོན་པ། ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་སོགས་ཡོད།
དམག་དཔུང་རོལ་དབྱངས་རུ་ཁག་གིས་ཨ་ཟེར་བྷེ་ཇན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་ཞིང་། གུས་སྒྱོགས་ཉེར་གཅིག་འཕངས། ཨ་ལི་ཡེ་ཧྥུའུ་ཞི་ཅིན་ཕིང་གི་ཕེབས་རོགས་འོག་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་གཟིགས་ཞིབ་སྟེགས་བུའི་ཐོག་ནས་གཟབ་སྦྲེང་རུ་ཁག་གི་རུ་སྟར་དབྱེ་འབྱེད་ལ་གཟིགས་ཞིབ་གནང་བ་རེད།
ཨ་ལི་ཡེ་ཧྥུའུ་ནི་ཞི་ཅིན་ཕིང་གི་གདན་ཞུས་ལྟར་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲིར་ཕེབས་པ་རེད།
འཕྲིན་སྟེགས། weikangba