ཞི་ཅིན་ཕིང་གིས་ནུའོ་ཨོ་ཡ་ཨེ་ཁོ་དོར་གྱི་ཙུང་ཐུང་གི་འགན་བསྟུད་བཞེས་པར་རྟེན་འབྲེལ་གློག་འཕྲིན་སྤྲིངས།

2025-04-22
719

  ཟླ་བ་བཞི་པའི་ཚེས་བཅུ་དགུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཅིན་ཕིང་གིས་ཏན་ནི་ཨེར་ནུའོ་ཨོ་ཡ་ལ་གློག་འཕྲིན་སྤྲིངས་ནས། སྐུ་ཉིད་ཀྱིས་ཨེ་ཁོ་དོར་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་གི་འགན་བསྟུད་བཞེས་པར་རྟེན་འབྲེལ་ཞུས། 

  ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཨེ་ཁོ་དོར་ནི་ཕྱོགས་ཡོངས་འཐབ་ཇུས་རོགས་ཟླ་རེད། ཉེ་བའི་ལོ་ཤས་རིང་། ཀྲུང་གོ་དང་ཨེ་ཁོ་དོར་བར་གྱི་འབྲེལ་བ་འཕེལ་རྒྱས་ཡག་པོ་འགྲོ་བཞིན་ཡོད། རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་ཡིད་ཆེས་ཇེ་ཟབ་ཕྱིན་པ་དང་། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་མཛའ་བརྩེ་མིའི་སེམས་ལ་འཇགས་ཡོད། ད་ལོ་ནི་ཀྲུང་གོ་དང་ཨེ་ཁོ་དོར་བར་ཕྱི་འབྲེལ་བཙུགས་ནས་ལོ་ཞེ་ལྔ་འཁོར་བའི་ལོ་ཡིན་ལ། ངས་སྐུ་ཞབས་ཙུང་ཐུང་དང་མཉམ་དུ་འབད་འབུངས་ཆེན་པོས། རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བར་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་སྤེལ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་ཕན་བདེ་སྐྲུན་འདོད་ཡོད་ཅེས་གསུངས་པ་རེད། 

  ཉིན་དེར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་གིས་ཨེ་ཁོ་དོར་གྱི་བདམས་ཐོན་བྱུང་བའི་ཙུང་ཐུང་གཞོན་པ་ཕིང་ཐོར་གློག་འཕྲིན་སྤྲིངས ནས་རྟེན་འབྲེལ་ཞུས་པ་རེད །


  • 顶