དགོངས་པ་གསར་པས་བགྲོད་ལམ་གསར་པར་སྣེ་ཁྲིད།

2025-04-21
460

  སྡོད་ཁང་གནད་དོན་ནི་དམངས་འཚོའི་དོན་ཆེན་ཡིན། མི་དམངས་མང་ཚོགས་སྡོད་ས་ཡོད་པ་དང་། སྐྱིད་པོ་སྡོད་ཐུབ་པ་ནི་ནམ་ཡང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་གནང་ས་རེད། ད་ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྨང་གཞི་རང་བཞིན་དང་ཡོངས་ཕན་རང་བཞིན། མཐའ་སྐྱོང་རང་བཞིན་བཅས་ཀྱི་དམངས་འཚོ་འཛུགས་སྐྱོང་ཇེ་དྲག་དང་མི་སེར་གྱིས་སེམས་ཁྲལ་ཆེ་བ་དང་དགོས་གལ་ཆེ་བའི་གནད་དོན་ཐོག་དོན་དངོས་མང་ཙམ་སྒྲུབ་དགོས་ཞེས་གསུངས་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཡིས་མཛུབ་སྟོན་བྱས་པའི་ཁ་ཕྱོགས་དེད་དེ། ས་གནས་སོ་སོས་རྒྱུན་ཆད་མེད་པར་སྡོད་ཁང་འགན་སྲུང་ནུས་པ་ཇེ་དྲག་གཏོང་ཞིང་། རང་རྒྱལ་གྱི་སྡོད་ཁང་འགན་སྲུང་མ་ལག་དང་མཁོ་འདོན་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་སོང་བས། མི་སེར་གྱི་བདེ་སྡོད་ཕུགས་འདུན་འགྲུབ་བཞིན་ཡོད།

ཧྲང་ཧའེ་མིང་ཧང་ཆུས་དུས་རབས་གསར་པའི་གྲོང་ཁྱེར་འཛུགས་སྐྲུན་པ་དང་དོ་དམ་པའི་ཁྱིམ་གཞིས་ནང་། ད་ལོར་སྡོད་མཁན་གསར་པ་ཁག་གཅིག་སླེབས་ཡོད། ཁོ་ཚོའི་ནང་དུ་དྲ་འབོད་རླངས་འཁོར་ཁ་ལོ་བ་དང་། མྱུར་སྐྱེལ་པ་ཡོད་ལ། མཐར་ཕྱིན་ནས་ཡུན་རིང་འགོར་མེད་པའི་སློབ་ཆེན་སློབ་མའང་ཡོད། འདརི་ཡོད་པའི་ཁང་ཤག་ནང་གོས་འཁྲུད་ཆས་དང་དྲོད་སྙོམ། ཆུ་སྲོ་ཆས་སོགས་སྒྲིག་ཆས་ཚང་ཞིང་། འདུས་ཁུལ་སྒོ་ཁ་རུ་ཐད་ཀར་ས་འོག་ལྕགས་ལམ་འབྱོར་བའི་སྤྱི་འཁོར་ལམ་ཐིག་ཡོད་ལ། འཕྲོད་བསྟེན་ཞབས་ཞུ་ས་ཚུགས་ཀྱང་བེད་སྤྱོད་འགོ་ཚུགས་ཡོད།

  ༢༠༢༣ལོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མིང་ཧང་ཆུས་དུས་རབས་གསར་པའི་གྲོང་ཁྱེར་འཛུགས་སྐྲུན་པ་དང་དོ་དམ་པའི་ཁྱིམ་གཞིས་སུ་རྟོག་ཞིབ་གནང་དུས། འདི་རུ་བསྡད་པའི་གྲོང་ཁྱེར་འཛུགས་སྐྲུན་ལས་སྒྲུབ་པའི་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་གནང་ཡོད།

དབུ་ཁྲིད་ཀྱིས་གཞིས་ཆགས་ཐུབ་སོང་ངམ། ཁྱེད་ཚོའང་ཧྲང་ཧའེ་ཡི་འཛུགས་སྐྲུན་པ་དང་བྱས་རྗེས་འཇོག་མཁན་ཡིན་བས། ཧྲང་ཧའེ་ཡིས་ཀྱང་ཁྱེད་ཚོར་སེམས་ཁུར་བྱེད་དགོས་ཞེས་གསུངས།


  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་ལ་དབང་བའི་གྲོང་ཁྱེར་གྱི་འདུ་ཤེས་ལག་ལེན་དུ་བསྟར་ནས། རྒྱུན་ཆད་མེད་པར་མི་དམངས་མང་ཚོགས་ཀྱིས་སྡོད་ཁང་སྣ་མང་ཅན་དང་སྣ་མང་ཅན་གྱི་དགོས་མཁོ་བསྐངས་ནས། ཕྱི་ནས་ཡོང་བའི་མི་ནང་ཞུགས་དང་འདུག་ཐུབ་པ། བདེ་བར་སྡོད་པ། ལས་ཞུགས་ཐུབ་རྒྱུར་འགན་སྲུང་བྱེད་དགོས་ཞེས་གསུངས་པ་རེད། ད་ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་ཐོག སྤྱི་ཁྱབ་ཧྲུའུ་ཅིས་རྨང་གཞིའི་རང་བཞིན་དང་ཀུན་ཕན་རང་བཞིན། མཐའ་སྐྱོང་རང་བཞིན་གྱི་དམངས་འཚོ་འཛུགས་སྐྱོང་ཇེ་དྲག་གཏོང་བ་དང་མི་སེར་གྱི་ཁ་ཚ་དགོས་གཏུག་ཡིན་པའི་དཀའ་གནད་ཐག་གཅོད་ཀྱི་དོན་དངོས་མང་པོ་སྒྲུབ་དགོས་ཞེས་ནན་གསུངས་གནང་བ་རེད། ད་ལོར། རང་རྒྱལ་གྱིས་དམངས་འཚོ་ཐད་ལས་སྒྲུབ་བྱེད་པར་འགན་སྲུང་དང་ལེགས་བཅོས་བྱེད་ཤུགས་ཇེ་དྲག་གཏོང་རྒྱུ་དེ་ལས་ཀའི་ལས་འགན་གཙོ་བོར་བཞག་ཡོད།

  ད་ལོར་ཧྲང་ཧའེ་ཡིས་འགན་སྲུང་རང་བཞིན་གྱི་གླ་ཁང་བདུན་ཁྲི་འཛུགས་སྐྲུན་དང་གྲབས་གསོག་བྱ་རྒྱུའི་འཆར་འགོད་བྱས་ཡོད་ལ། ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་པའི་དུས་མཇུག་ལ་སྡོད་ཁང་གི་བསྡོམས་འབོར་དྲུག་འབུམ་ཟིན་རྒྱུའི་དམིགས་འབེན་གྲུབ་རྒྱུ་དང་། དུས་རབས་གསར་པའི་གྲོང་ཁྱེར་འཛུགས་སྐྲུན་པ་དང་དོ་དམ་པའི་ཁྱིམ་གཞིས་ཞེས་པའི་ཉལ་ཁྲི་སུམ་ཁྲི་ཡན་གྲབས་གསོག་དང་འདོན་སྤྲོད་བྱ་རྒྱུ་རེད།

  སྡོད་ཁང་འགན་སྲུང་བྱེད་པ་ནས་འདོན་སྤྲོད་མ་ལག་འཛུགས་སྐྲུན་བྱེད་པ་དང་། གཞན་ཡུལ་གནས་སྤོས་ནས་སྤྱིལ་ཁུལ་བསྒྱུར་འགོད་བྱེད་པ་བཅས་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་དང་རྣམ་པ་ཀུན་ཏུ་མི་སེར་སྡོད་བདེ་ཡོང་བར་ཐུགས་འཁུར་གནང་བཞིན་ཡོད་དེ། གྲོང་གསེབ་ཀྱི་ཞིང་པའི་ཁང་པ་དང་གྲོང་ཁྱེར་འདུས་ཁུལ་དུ་ཟབ་ཞུགས་གནང་ཐེངས་རེ་རེར། མི་སེར་རྣམས་ཀྱིས་འདུག་སར་ལོབ་ཡོད་མེད་ལ་ བཀའ་དྲིན་གནང་ཞིང་། མི་སེར་རྣམས་ཀྱི་འདུག་ས་སྐྱིད་པོ་ཡིན་མིན་དང་ཁང་པ་དྲོ་སྐྱིད་ལྡན་མིན་བཅས་ལ་ཐུགས་འཁུར་གནང་དང་གནང་བཞིན་ཡོད།

  མཚོ་སྔོན་ཞིང་ཆེན་ཧོར་གྲོང་ཧོར་རིགས་རང་སྐྱོང་རྫོང་ནི་ལིའུ་ཕན་རི་བོའི་ཡུག་གཅིག་སྦྲེལ་བའི་དབུལ་ཕོངས་དབུལ་ནག་ས་ཁུལ་དུ་གནས་ཡོད་པར། ༢༠༡༦ ལོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གནས་འདིར་ཕེབས་ནས་གཞན་ཡུལ་དབུལ་སྐྱོར་གནས་སྤོས་ལག་བསྟར་བྱ་ཡུལ་པན་ཡན་གྲོང་ཚོར་རྟོག་ཞིབ་གནང་བ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཡིས་ཚང་མ་ལ། གྲོང་ཚོ་གསར་པ་འཛུགས་སྐྲུན་བྱ་རྒྱུ་ནི་ཐོན་སྐྱེད་འཕེལ་རྒྱས་དང་ལས་ཞུགས་སྐུལ་འདེད་གཏོང་རྒྱུ་གཉིས་དང་ཟུང་འབྲེལ་དང་། གཞི་རྩའི་  སྤྱི་པའི་ཞབས་ཞུ་འཐུས་ཚང་གཏོང་བ་དང་ཟུང་འབྲེལ། མི་རིགས་དང་ས་ཁུལ། རིག་གནས་ཁྱད་ཆོས་དང་རྣམ་པ་བཅས་སྲུང་སྐྱོབ་བྱ་རྒྱུ་ཟུང་འབྲེལ་བྱ་དགོས་ཞེས་གསུངས། ད་ལྟའི་པན་ཡན་གྲོང་ཚོའི་ར་སྐོར་ལ་ཁྱད་ཆོས་མངོན་གསལ་དང་། སྐྱེ་ཁམས་ཁོར་ཡུག་ཡག་པོ། རྨང་གཞིའི་སྒྲིག་ཆས་འཐུས་ཚང་ཞིང་། སྡོད་ཁུལ་དང་ཐོན་ལས་ཁུལ། སྤྲོ་གསེང་ཁུལ་སོགས་བྱེད་ནུས་ཁུལ་གསལ་བོ་འབྱེད་ཡོད།

  ད་ལོར་མཚོ་སྔོན་གྱིས་ཞིང་འབྲོག་མང་ཚོགས་ཀྱི་སྡོད་སའི་ཆ་རྐྱེན་ལེགས་བསྒྱུར་ལས་གཞིར་སྐུལ་འདེད་ཇེ་མགྱོགས་གཏོང་རྒྱུ་ཡིན་པ་དང་། སྡོད་ཁང་གི་དྲོད་འཛིན་ནུས་པ་ཇེ་ཆེ་དང་། ཁང་པའི་ནང་ལོགས་ཀྱི་སྒྲིག་ཆས་འཐུས་ཚང་གཏོང་རྒྱུ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས། ཞིང་འབྲོག་མང་ཚོགས་ཀྱི་སྡོད་ཁང་གི་བདེ་འཇགས་རང་བཞིན་དང་། སྐྱིད་སྣང་། སྡོད་ཁང་གི་སྤུས་ཚད་བཅས་སྔར་བས་མཐོར་འདེགས་གཏོང་རྒྱུ་རེད།

  བདེ་སྡོད་ཕུགས་འདུན་གྱིས་མི་དམངས་མང་ཚོགས་ལ་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་སྔར་བས་ཇེ་ཆེར་བཏང་ཡོད། ད་ལོར། རང་རྒྱལ་གྱིས་ད་དུང་དམངས་ཕན་དམངས་འཚོ་དང་། འཕེལ་རྒྱས་སྐུལ་འདེད། ཉེན་ཁ་སྔོན་འགོག་གི་གྲོང་ཁྱེར་གསར་བརྗེའི་རྣམ་གྲངས་སྐོར་ཞིག་ལག་བསྟར་བྱས་ནས། ཉིས་སྟོང་ཉི་ཤུ་ལོའི་སྔོན་དུ་བསྐྲུན་པའི་གྲོང་ཁྱེར་གྱི་འདུས་ཁུལ་རྙིང་པ་ནི་གྲོང་ཁྱེར་གསར་བརྗེའི་བསྒྱུར་བཀོད་ཁྱབ་ཁོངས་སུ་འགོད་རྒྱུ་དང་། གྲོང་ཁྱེར་དབུས་ཀྱི་གྲོང་ཚོ་བསྒྱུར་བཀོད་བྱ་རྒྱུ་ནི་ན་ནིང་ཁང་པ་ས་ཡ་གཅིག་གསར་སྣོན་བྱས་པའི་རྨང་གཞིའི་ཐོག མུ་མཐུད་དུ་བསྒྱུར་བཀོད་གཞི་ཁྱོན་ཇེ་ཆེར་བཏང་བ་དང་། མུ་མཐུད་དུ་ཞིང་སྡེའི་རྨང་གཞིའི་སྒྲིག་ཆས་དང་། སྤྱི་པའི་ཞབས་ཞུ་དང་མི་སྡོད་ཁོར་ཡུག་ལེགས་བསྒྱུར་བཏང་ནས། བདེ་སྡོད་ལས་དར་དང་འཆམ་མཐུན་མཛེས་སྡུག་གི་གྲོང་གསེབ་འཛུགས་སྐྲུན་བྱ་རྒྱུ་རེད།



  • 顶