སྐབས་བཅོ་ལྔ་པའི་པེ་ཅིན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་འགོ་ཚུགས།

2025-04-20
438

   ཚེས་བཅོ་བརྒྱད་ཉིན་གྱི་དགོང་མོར་སྐབས་བཅོ་ལྔ་པའི་པེ་ཅིན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་འགོ་ཚུགས། འགྲན་བསྡུར་གཙོ་བོ་སྟེ། ཐེན་ཐཱན་བྱ་དགའ་(天坛奖)ལ་རྒྱལ་ཁབ་དང་ས་ཁུལ་བརྒྱ་དང་གསུམ་གྱི་གློག་བརྙན་ཆིག་སྟོང་བདུན་བརྒྱ་གོ་བཞི་ཡིས་མིང་ཐོ་བཀོད་ནས་གྲངས་ཀའི་ཟིན་ཐོ་གསར་པ་བཏོད་ཡོད། བདམས་ཐོན་བྱུང་བའི་གློག་བརྙན་བརྩམས་ཆོས་བཅོ་ལྔ་ཡིས་ཐེན་ཐཱན་བྱ་དགའི་གློག་བརྙན་རྩེ་གྲ་སོགས་བྱ་དགའ་བཅུ་འགྲན་རྩོད་བྱ་རྒྱུ་རེད།  འགོ་ཚུགས་མཛད་སྒོའི་ཐོག རྒྱལ་ཁབ་གློག་བརྙན་ཅུས་དང་། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཁང་གིས་བཏོན་པའི་ཀྲུང་གོའི་གློག་བརྙན་འཛད་སྤྱོད་ལོའི་བྱེད་སྒོ་སྤེལ་བ་དང་། ལོ་གཅིག་ལ་སྒོར་དུང་ཕྱུར་བཅུའི་གློག་བརྙན་གཟིགས་སྐྱོང་ཁ་གསབ་སོགས་དམངས་ཕན་བྱེད་སྒོ་རབ་དང་རིམ་པ་བཏོན་ཡོད། 

  རྒྱལ་ཁབ་གློག་བརྙན་ཅུས་ཀྱིས་ད་རུང་ལྕགས་ལམ་དང་དམངས་སྤྱོད་མཁའ་འགྲུལ། ཨེར་ཏ་མའོ་ཏུའུ་རྟགས་ཅན་གྱི་རྒྱལ་ཐོན་སྦྲག་གཟིངས་ཆེན་པོ་སོགས་དང་ཟུང་འབྲེལ་བྱས་ནས་གློག་བརྙན་དང་བསྡོངས་ནས་ཀྲུང་གོ་རུ་སྐྱོད་པ་དང་། གློག་བརྙན་དང་བསྡོངས་ནས་ཡུལ་སྐོར་ལ་འགྲོ་བ་སོགས་ལ་དམིགས་ཏེ། གློག་བརྙན་བརྗོད་དོན་གཙོ་བོའི་མེ་འཁོར་དང་། འཕུར་ཐེངས། སྦྲག་སྐྱེལ་གྲུ་གཟིངས་སོགས་བཟོས་ནས། བྱེད་ཐབས་སྣ་མང་གིས་གློག་བརྙན་འཛད་སྤྱོད་ཀྱིས་ཚོང་རའི་སྟོབས་ཤུགས་རྒྱས་སུ་འཇུག་པ་རེད།

ཡོང་ཁུངས། ཀྲུང་དབྱང་བརྙན་འཕྲིན་གསར་འགྱུར།


རྩོམ་སྒྲིག་པ།  མཚོ་ལྷ།

ཞུ་ཆེན། པ་སངས་རྡོ་རྗེ།

གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།

ལྟ་སྐུལ་པ། འཆི་མེད་དབང་མོ།



  • 顶