ས་གནས་དེ་གའི་དུས་ཚོད་ཚེས་19ཉིན། ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡིས་བརྡ་ཁྱབ་སྤེལ་ཏེ། ཨུ་རུ་སུ་དང་ཡུག་རེན་གྱིས་ཕྱོགས་གཉིས་ཀྱི་བཀག་ཉར་མི་སྣ་246ཕན་ཚུན་བརྗེ་རེས་བྱས་ཡོད་ཅེས་བརྗོད་ཡོད། མིག་སྔར་ཨུ་རུ་སུའི་མི་སྣ་དེ་དག་བྷེ་ཨུ་རུ་སུའི་མངའ་ཁོངས་སུ་ཡོད་པ་དང་། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་ཕྱོགས་གཉིས་པོས་མི་སྣ་བརྗེ་རེས་བྱེད་པར་རྒྱབ་སྐྱོར་བྱས་ཡོད། གཞན་ཡང་། སེམས་བཟང་གི་བྱ་སྤྱོད་མངོན་ཆེད། ཨུ་རུ་སུས་ཡུག་རེན་ཕྱོགས་ལ་རྨས་སྐྱོན་ཕོག་པའི་བཀག་ཉར་མི་སྣ་31རྩིས་སྤྲོད་བྱས་ནས། འཕྲལ་དུ་སྐྱོབ་བཅོས་བྱེད་དགོས་པའི་ཨུ་རུ་སུའི་རྨས་སྐྱོན་ཕོག་པའི་མི་སྣ་15དང་བརྗེ་རེས་བྱས་ཡོད།

ཡུག་རེན་གྱི་བཟུང་དམག་ཐོབ་ཐང་མཐུན་སྦྱོར་སྤྱི་ཁྱབ་པུའུ་ཡིས་ཚེས་19ཉིན། ཡུག་རེན་གྱི་དམག་མི་246བཟུང་དམག་བརྗེ་རེས་ཀྱི་ཆ་ཤས་ཤིག་ཏུ་བརྩིས་ནས་ཕྱིར་སྐྱེལ་བྱས་པ་དང་། གཞན་ཡང་བཟུང་དམག་31བརྗེ་རེས་སུ་མ་གཏོགས་པར་གློད་གྲོལ་བཏང་ཡོད་པ་ར་སྤྲོད་བྱས་འདུག
ཡུག་རེན་གྱི་ཙུང་ཐུང་ཙེ་ལན་སི་ཅིས་ཚེས་19ཉིན་རང་ཉིད་ཀྱི་གཞུང་ཕྱོགས་སྤྱི་འབྲེལ་སྨྱན་སྦྱོར་སྟེགས་བུའི་ཐོག གཞན་གྱི་བཟུང་དམག་ཏུ་གྱུར་པའི་ཡུག་རེན་གྱི་དམག་མི་277ཡུག་རེན་དུ་ཕྱིར་ལོག་ཡོད་པའི་ཁྱབ་བསྒྲགས་བྱས་ཡོད། 2022ལོའི་ཟླ་2པར་ཨུ་རུ་སུ་དང་ཡུག་རེན་གྱི་གདོང་ཐུག་ཁྱོན་ཡོངས་ནས་ཐོན་པ་ནས་བཟུང་། ཁྱོན་བསྡོམས་ཡུག་རེན་གྱི་དམག་མི་དང་མང་ཚོགས་དཀྱུས་མ་4552རང་ཡུལ་དུ་ཕྱིར་ལོག་ཡོད་པ་རེད།
འཕྲིན་སྟེགས། weikangba