རང་རྒྱལ་གྱི་ཤུལ་བཞག་ཡིག་ཚགས་3འཛམ་གླིང་དྲན་ཤེས་མིང་གཞུང་ནང་ཚུད།

2025-04-19
421

  གསར་འགོད་པར་རྒྱལ་ཁབ་ཡིག་ཚགས་ཅུས་ནས་ཤེས་རྟོགས་བྱུང་བར། ཧྥ་རན་སིའི་ཕ་རི་སིར་འཚོགས་པའི་མཉམ་སྦྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ལག་བསྟར་ཅུས་ཀྱི་གྲོས་ཚོགས་ཐེངས་221ཐོག རང་རྒྱལ་ནས་གོང་འབུལ་ཞུས་པའི་ཤུལ་བཞག་ཡིག་ཚགས་གསུམ་འཛམ་གླིང་དྲན་ཤེས་མིང་གཞུང་ནང་ཚུད་འདུག

图片

  འཛམ་གླིང་དྲན་ཤེས་ནི་ཤུལ་བཞག་ཡིག་ཚགས་སྲུང་སྐྱོབ་ལ་ཤུགས་སྣོན་བརྒྱབ་ནས་ཤུལ་བཞག་ཡིག་ཚགས་ཡོངས་ཁྱབ་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་བཏང་ཐོག མི་རྣམས་ཀྱིས་ཤུལ་བཞག་ཡིག་ཚགས་ཀྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་བྱེད་ཤུགས་ཆེ་རུ་གཏོང་ཆེད་ཡིན་པ་རེད། དེ་དང་འཛམ་གླིང་ཤུལ་བཞག་རྣམ་གྲངས་དང་། འཛམ་གླིང་དངོས་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བཅས་ལ་མཉམ་སྦྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་ཤུལ་བཞག་རིགས་ཀྱི་རྩེར་སོན་རྣམ་གྲངས་གསུམ་ཞེས་སུ་འབོད་ཀྱི་ཡོད། ད་ཐེངས་ཁ་སྣོན་བྱས་རྗེས་འཛམ་གླིང་དྲན་ཤེས་མིང་གཞུང་ནང་ཚུད་པའི་རང་རྒྱལ་གྱི་རྣམ་གྲངས་18བར་མང་དུ་ཕྱིན་ཡོད།

图片

  སྤྱི་ལོ་1992ལོར་སྤེལ་འགོ་ཚུགས་པའི་འཛམ་གླིང་དྲན་ཤེས་རྣམ་གྲངས་ཀྱི་དམིགས་ཡུལ་ནི་འཛམ་གླིང་རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རིག་གནས་ཤུལ་བཞག་བེད་སྤྱོད་ལ་སྐུལ་འདེད་གཏོང་བ། མི་རྣམས་ཀྱིས་ཤུལ་བཞག་ཡིག་ཚགས་ཀྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་བྱེད་ཤུགས་ཆེ་རུ་གཏོང་ཆེད་ཡིན་པ་རེད། ཤུལ་བཞག་ཡིག་ཚགས་ཀྱི་རྣམ་པ་མང་ཞིང་། ལུག་ལྤགས་ཤོག་བུ་དང་། ཤིང་ལོ། རྡོ་གཡམ་སོགས་ནས་སྒྲ་ཕབ་དང་བརྙན་ཕབ་བརྩམས་ཆོས། དེ་བཞིན་གྲངས་འཛིན་སྨྱན་སྦྱོར་སོགས་ཚང་མ་གོང་འབུལ་ཞུས་ཆོག་གི་ཡོད།

  རང་རྒྱལ་གྱིས་འཛམ་གླིང་དྲན་ཤེས་རྣམ་གྲངས་ལ་གོང་འབུལ་ཞུས་ནས་དེའི་ཚུད་པའི་རྣམ་གྲངས་དང་པོ་དེ་ནི་སྤྱི་ལོ་1997ལོར་འཛམ་གླིང་དྲན་ཤེས་མིང་གཞུང་ནང་ཚུད་པའི་ཀྲུང་གོའི་སྲོལ་རྒྱུན་རོལ་མོའི་སྒྲ་ཕབ་ཡིག་ཚགས་རེད།

图片

  རྒྱལ་ཁབ་ཡིག་ཚགས་ཅུས་འཛམ་གླིང་དྲན་ཤེས་རྣམ་གྲངས་ཀྱི་འགན་ཁུར་བ་ཝང་ཧུང་རྨིན་གྱིས། འཛམ་གླིང་དྲན་ཤེས་མིང་གཞུང་ནང་ཚུད་པར་ཐོག་མར་འཛོམས་དགོས་པའི་ཆ་རྐྱེན་ནི་དངོས་ཡོད་རང་བཞིན་ཡིན་པ་དང་། ངེས་པར་དུ་བཟོ་བཅོས་བྱས་མེད་པའི་ཐོག་མའི་དངོས་པོ་དེ་ཡིན་དགོས། དེ་ནས་གཉིས་པ་ནི་ཆ་ཚང་རང་བཞིན་ཡིན། དེ་ནི་རྣམ་གྲངས་དེའི་ནང་དོན་ཆ་ཚང་བ་དང་། ཆད་ལྷག་མེད་པ། གསུམ་པ་ནི་གཅིག་མ་གཏོགས་མེད་པ་དེ་ཡིན་ཞིང་། རྣམ་པ་དང་ནང་དོན་གང་རུང་ནས་གཅིག་ལས་མེད་པ་དེ་རེད་ཅེས་བརྗོད་འདུག


  • 顶