ཞི་ཅིན་ཕིང་གིས་མ་ལེ་ཞི་ཡའི་ཆེས་མཐོའི་གཙོ་བདག་དབྱི་པུའུ་ལ་ཞིན་ལ་ཐུག་འཕྲད་གནང་།

2025-04-18
452

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4པའི་ཚེས16ཉིན་གྱི་སྔ་དྲོར། མ་ལེ་ཞི་ཡའི་ཆེས་མཐོའི་གཙོ་བདག་དབྱི་པུའུ་ལ་ཞིན་གྱིས་མ་ལེ་ཞི་ཡ་རྒྱལ་ཁབ་ཀྱི་ཕོ་བྲང་དུ་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ཐུག་འཕྲད་གནང་།

ཟླ4པའི་ཚེས16ཉིན་གྱི་སྔ་དྲོར། མ་ལེ་ཞི་ཡའི་ཆེས་མཐོའི་གཙོ་བདག་དབྱི་པུའུ་ལ་ཞིན་གྱིས་མ་ལེ་ཞི་ཡ་རྒྱལ་ཁབ་ཀྱི་ཕོ་བྲང་དུ་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ཐུག་འཕྲད་གནང་། འདི་ནི་དབྱི་པུའུ་ལ་ཞིན་གྱིས་རྒྱལ་ཁབ་ཕོ་བྲང་གི་ཐང་ཆེན་དུ་ཞི་ཅིན་ཕིང་ལ་གཟབ་རྒྱས་ཀྱི་དགའ་བསུའི་མཛད་སྒོ་བསྡུ་བའི་ཚུལ་རེད།

ཟླ4པའི་ཚེས16ཉིན་གྱི་སྔ་དྲོར། མ་ལེ་ཞི་ཡའི་ཆེས་མཐོའི་གཙོ་བདག་དབྱི་པུའུ་ལ་ཞིན་གྱིས་མ་ལེ་ཞི་ཡ་རྒྱལ་ཁབ་ཀྱི་ཕོ་བྲང་དུ་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ཐུག་འཕྲད་གནང་། འདི་ནི་དབྱི་པུའུ་ལ་ཞིན་གྱིས་རྒྱལ་ཁབ་ཕོ་བྲང་གི་ཐང་ཆེན་དུ་ཞི་ཅིན་ཕིང་ལ་གཟབ་རྒྱས་ཀྱི་དགའ་བསུའི་མཛད་སྒོ་བསྡུ་བའི་ཚུལ་རེད།

དབྱི་པུའུ་ལ་ཞིན་གྱིས་རྒྱལ་ཁབ་ཕོ་བྲང་གི་ཐང་ཆེན་དུ་ཞི་ཅིན་ཕིང་ལ་གཟབ་རྒྱས་ཀྱི་དགའ་བསུའི་མཛད་སྒོ་བསྡུས།

ཟླ4པའི་ཚེས16ཉིན་གྱི་སྔ་དྲོར། མ་ལེ་ཞི་ཡའི་ཆེས་མཐོའི་གཙོ་བདག་དབྱི་པུའུ་ལ་ཞིན་གྱིས་མ་ལེ་ཞི་ཡ་རྒྱལ་ཁབ་ཀྱི་ཕོ་བྲང་དུ་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ཐུག་འཕྲད་གནང་། དབྱི་པུའུ་ལ་ཞིན་གྱིས་རྒྱལ་ཁབ་ཕོ་བྲང་གི་ཐང་ཆེན་དུ་ཞི་ཅིན་ཕིང་ལ་གཟབ་རྒྱས་ཀྱི་དགའ་བསུའི་མཛད་སྒོ་བསྡུས། འདི་ནི་ཞི་ཅིན་ཕིང་གིས་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བའི་ཚུལ་རེད།

ཞི་ཅིན་ཕིང་རླངས་འཁོར་ལ་བསྡད་ནས་འབྱོར་སྐབས། དབྱི་པུའུ་ལ་ཞིན་དང་མ་ལེ་ཞི་ཡའི་ཙུང་ལི་ཨན་ཝ་ཨེར་རྣམ་གཉིས་ཀྱིས་རླངས་འཁོར་འབབ་སར་སྤྲོ་སེམས་འཁོལ་བའི་བསུ་མ་མཛད། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གཟིགས་ཞིབ་སྟེགས་བུའི་སྟེང་ཕེབས་པ་ན། དམག་དཔུང་གི་རོལ་དབྱངས་རུ་ཁག་གིས་ཀྲུང་མ་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་བ་དང་། གུས་སྒྱོགས་ཐེངས21འཕངས། ཞི་ཅིན་ཕིང་གིས་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་རྒྱལ་ཁབ་ཕོ་བྲང་གི་ཚོམས་ཆེན་དུ་ཕེབས་ནས། ཕྱོགས་གཉིས་ཀྱི་ཕེབས་རོགས་མི་སྣར་ཕྱག་འཇུ་གནང་ནས་གུས་ལན་གནང་།

ཟླ4པའི་ཚེས16ཉིན་གྱི་སྔ་དྲོར། མ་ལེ་ཞི་ཡའི་ཆེས་མཐོའི་གཙོ་བདག་དབྱི་པུའུ་ལ་ཞིན་གྱིས་མ་ལེ་ཞི་ཡ་རྒྱལ་ཁབ་ཀྱི་ཕོ་བྲང་དུ་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ཐུག་འཕྲད་གནང་།

ཟླ4པའི་ཚེས16ཉིན་གྱི་སྔ་དྲོར། མ་ལེ་ཞི་ཡའི་ཆེས་མཐོའི་གཙོ་བདག་དབྱི་པུའུ་ལ་ཞིན་གྱིས་མ་ལེ་ཞི་ཡ་རྒྱལ་ཁབ་ཀྱི་ཕོ་བྲང་དུ་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ཐུག་འཕྲད་གནང་།

ཟླ4པའི་ཚེས16ཉིན་གྱི་སྔ་དྲོར། མ་ལེ་ཞི་ཡའི་ཆེས་མཐོའི་གཙོ་བདག་དབྱི་པུའུ་ལ་ཞིན་གྱིས་མ་ལེ་ཞི་ཡ་རྒྱལ་ཁབ་ཀྱི་ཕོ་བྲང་དུ་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ཐུག་འཕྲད་གནང་། འདི་ནི་ཞི་ཅིན་ཕིང་དང་དབྱི་པུའུ་ལ་ཞིན། མ་ལེ་ཞི་ཡའི་ཙུང་ལི་ཨན་ཝ་ཨེར་བཅས་ཀྱི་མཉམ་པར་ལེན་པའི་ཚུལ་རེད།

དགའ་བསུའི་མཛད་སྒོ་རྗེས་སུ། ཞི་ཅིན་ཕིང་གིས་དབྱི་པུའུ་ལ་ཞིན་ལ་ཐུག་འཕྲད་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་མ་ལེ་ཞི་ཡ་ནི་ཁྱིམ་མཚེས་བཟང་པོ་དང་གྲོགས་པོ་བཟང་པོ། སྤུན་ཟླ་བཟང་པོ་བཅས་ཡིན་པས། ནམ་རྒྱུན་འགྲོ་འོང་བྱས་ནས་ཁྱིམ་ཚང་གཅིག་ལྟ་བུར་གྱུར་ཡོད། རྒྱལ་ཁབ་གཉིས་ཀྱི་འབྲེལ་བས་དུས་རབས་ཕྱེད་ཀ་བརྒྱུད་ནས་སྔར་ལས་མཛེས་སྡུག་ལྡན་པའི་མདུན་ལྗོངས་བསུས་ཡོད། ངས་ཆེས་མཐོའི་གཙོ་འཛིན་དབྱི་པུའུ་ལཱ་ཞིན་དང་མཉམ་དུ་འབད་པ་བྱས་ནས། ཀྲུང་གོ་དང་མ་ལེ་ཞི་ཡའི་འབྲེལ་བ་དུས་ཡུན་རིང་པོར་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་བར་ཁྲིད་སྟོན་བྱེད་པ་དང་། ཆུ་ཚད་མཐོ་བའི་འཐབ་ཇུས་རང་བཞིན་གྱི་ཀྲུང་གོ་དང་མ་ལེ་ཞི་ཡའི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་བསྐྲུན་པ། ཁྱིམ་མཚེས་མཛའ་མཐུན་དང་མཐུན་སྒྲིལ་མཉམ་ལས་ཀྱི་ལེའུ་གསར་བ་བྲིས་ཏེ། ཀྲུང་གོ་དང་མ་ལེ་ཞི་ཡའི་འབྲེལ་བའི་རྫོགས་ལྡན་གྱི་ལོ་ངོ50མགོ་རྩོམ་རྒྱུའི་རེ་བ་བཅངས་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་མ་ལེ་ཞི་ཡ་ཕྱོགས་གཉིས་ཀྱིས་ཆབ་སྲིད་ཀྱི་ཡིད་རྟོན་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། ཕན་ཚུན་གྱི་རྩ་བའི་ཁེ་ཕན་དང་འབྲེལ་ཞིང་སེམས་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ནས་ཕན་ཚུན་ལ་རྒྱབ་སྐྱོར་བྱེད་དགོས། འཕེལ་རྒྱས་འཐབ་ཇུས་ཀྱི་སྦྲེལ་མཐུད་ཟབ་སྤེལ་བྱེད་པ་དང་། དགེ་མཚན་གསབ་རེས་དང་གཉིས་ཕན་མཉམ་རྒྱལ་བྱས་ཏེ། ལག་གདང་སྦྲེལ་ནས་དེང་རབས་ཅན་གྱི་བགྲོད་ལམ་སྟེང་བསྐྱོད་དགོས། ཤར་ཕྱོགས་མཚོ་འགྲམ་ལྕགས་ལམ་སོགས་ལས་གཞི་གལ་ཆེན་འཛུགས་སྐྲུན་ལེགས་པོ་བྱེད་པ་དང་། མི་ཐབས་རིག་ནུས་དང་གཞི་གྲངས་དཔལ་འབྱོར། ལྗང་མདོག་དཔལ་འབྱོར་སོགས་མ་འོངས་ཐོན་ལས་མཉམ་ལས་དམ་འཛིན་སྐྱེད་སྲིང་བྱེད་དགོས། ཀྲུང་གོའི་ཕྱོགས་ཀྱིས་མ་ལེ་ཞི་ཡའི་སྤུས་ལེགས་ཞིང་ལས་ཐོན་རྫས་སྔར་ལས་མང་པོ་ཀྲུང་གོའི་ཁྲོམ་རར་འདྲེན་པར་དགའ་བསུ་ཞུ་བཞིན་ཡོད་ལ། ཀྲུང་གོའི་ཁེ་ལས་མ་ལེ་ཞི་ཡར་བསྐྱོད་དེ་དངུལ་གཏོང་ལས་སྤེལ་བྱེད་པར་སྐུལ་ལྕག་བྱེད་ཀྱིན་ཡོད། མ་ལེ་ཞི་ཡ་ཕྱོགས་དང་མཉམ་དུ་རུའུ་ལུགས་དང་དབྱི་སི་ལན་གྱི་དཔལ་ཡོན་གླེང་མོལ་ལ་སྐུལ་འདེད་གཏོང་བ་དང་། རིག་གནས་དང་ཡུལ་སྐོར། སློབ་གསོ་བཅས་མཉམ་ལས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་དམངས་སེམས་མཉམ་འབྲེལ་བྱེད་པར་སྐུལ་འདེད་གཏོང་དགོས། ཀྲུང་གོའི་ཕྱོགས་ཀྱིས་མ་ལེ་ཞི་ཡས་ཨེ་ཤེ་ཡའི་ཤར་ལྷོའི་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་བྱ་བའི་འགན་འཁུར་བར་རྒྱབ་སྐྱོར་བྱས་ཏེ། མ་ལེ་ཞི་ཡ་ཕྱོགས་དང་མཉམ་དུ་གོ་ལ་ཧྲིལ་བོའི་འཕེལ་རྒྱས་གྲོས་གཞི་དང་གོ་ལ་ཧྲིལ་བོའི་བདེ་འཇགས་གྲོས་གཞི། གོ་ལ་ཧྲིལ་བོའི་དཔལ་ཡོན་གྲོས་གཞི་བཅས་དོན་འཁྱོལ་བྱེད་པ་དང་། གོ་ལ་ཧྲིལ་བོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཉམ་འབྲེལ་རང་སྟོབས་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ས་གནས་དང་འཛམ་གླིང་ལ་གཏན་འཁེལ་རང་བཞིན་དང་དྲང་ནུས་སྔར་ལས་མང་པོ་འདོན་སྤྲོད་བྱེད་འདོད་ཡོད།

དབྱི་པུའུ་ལ་ཞིན་གྱིས་བསྟན་དོན། ཀྲུའ་ཞི་ཞི་ཅིན་ཕིང་གིས་མ་ལེ་ཞི་ཡར་རྒྱལ་དོན་འཚམས་འདྲི་བྱེད་པ་ནི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཁྲོད་ཀྱི་དོན་དག་གལ་ཆེན་ཞིག་ཡིན་པ་དང་། མ་ལེ་ཞི་ཡ་དང་ཀྲུང་གོའི་འབྲེལ་བའི་ཆུ་ཚད་མཐོན་པོ་མངོན་ཡོད། ངས་ན་ནིང་གི་ཟླ9པར་བདེ་བླག་ངང་ཀྲུང་གོར་འཚམས་འདྲི་བྱས་པས། སྐབས་དེའི་སྣང་ཚུལ་ད་དུང་ཡིད་ལ་གསལ་བོ་དྲན་བཞིན་ཡོད།   ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེངས་འདིར་མ་ལེ་ཞི་ཡར་འཚམས་འདྲི་མཛད་པ་དེ་ཕྱོགས་ཡོངས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་མཐོར་འདེགས་བཏང་ནས། ཁྱབ་ཁོངས་སོ་སོའི་མཉམ་ལས་ཡར་རྒྱས་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་བའི་ཡིད་ཆེས་ཡོད། ཀྲུང་གོས་ཚང་མས་བསྔགས་བརྗོད་བྱེད་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་བླངས་ཡོད་ལ། དེ་ཀྲུའུ་ཞི་ཞི་ཅིན་ཕིང་གི་མཐོང་རྒྱ་ཡངས་པོ་དང་ཀྲུང་གོའི་མི་དམངས་ཀྱི་དཀའ་སྤྱད་ངལ་རྩོལ་ལ་རག་ལས་ཡོད། མ་ལེ་ཞི་ཡས་ཀྲུང་གོའི་འབྲེལ་བར་མཐོང་ཆེན་ཚད་མེད་གནང་བཞིན་ཡོད་དེ། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཇི་འདྲ་བྱུང་རུང་། ལག་གདང་སྦྲེལ་ནས་མཉམ་བསྐྱོད་བྱེད་པ་དང་མཉམ་ལས་མཉམ་རྒྱལ་བྱས་ནས། ཆུ་ཚད་མཐོ་བའི་འཐབ་ཇུས་རང་བཞིན་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་རྒྱུ་ཡིན། མ་ལེ་ཞི་ཡ་ཕྱོགས་ཀྱིས་ཁུལ་ཁོངས་དཔལ་འབྱོར་གཞི་གཅིག་ཅན་ལ་མཐོང་ཆེན་བྱེད་པ་དང་། བློ་རྩ་བརྟན་པོས་རྒྱུད་གཅིག་ལམ་གཅིག་གྲོས་འགོར་རྒྱབ་སྐྱོར་བྱས་ཏེ། ཀྲུང་གོ་ཕྱོགས་དང་མཉམ་དུ་ཉོ་ཚོང་དངུལ་གཏོང་མཉམ་ལས་ལ་ཤུགས་སྣོན་པ་དང་། མཉམ་དུ་ཐོན་ལས་ཕྲེང་སྦྲེལ་དང་འདོན་སྤྲོད་ཕྲེང་སྦྲེལ་བརྟན་པོ་ཡོང་བར་བྱེད་པ། མཉམ་འབྲེལ་མཉམ་མཐུད་ཀྱི་ཆུ་ཚད་མཐོར་འདེགས་གཏོང་བ་དང་། སློབ་གསོ་དང་མི་གཞུང་བརྗེ་རེས་ལ་ཤུགས་སྣོན་འདོད་ཡོད། མ་ལེ་ཞི་ཡ་ཕྱོགས་ཀྱིས་ཉེ་སྔོན་ཀྲུང་གོས་བསྡུས་པའི་ཀྲུང་དབྱང་གི་ཉེ་འཁོར་བྱ་བའི་གྲོས་ཚོགས་ལ་གདེང་འཇོག་མཐོན་པོ་བྱེད་ཀྱིན་ཡོད་ལ། ཀྲུང་གོས་གོ་ལ་ཧྲིལ་བོ་དང་ས་ཁུལ་གྱི་འགྲན་རྩོད་ལ་ཁ་གཏད་གཅོག་པར་ནུས་པ་གལ་ཆེན་བཏོན་པར་མཐོང་ཆེན་བྱེད་བཞིན་ཡོད། ཨེ་ཤེ་ཡའི་ཤར་ལྷོའི་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་དང་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་འབྲེལ་བའི་མཐུན་སྦྱོར་རྒྱལ་ཁབ་ཡིན་པའི་ཆ་ནས། མ་ལེ་ཞི་ཡ་ཕྱོགས་ཀྱིས་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་། མཉམ་དུ་ཞི་བདེ་དར་རྒྱས་ཀྱི་མ་འོངས་པ་གསར་སྐྲུན་བྱེད་པར་ནུས་ཤུགས་འདོན་རྒྱུ་ཡིན།

ཟླ4པའི་ཚེས16ཉིན་གྱི་སྔ་དྲོར། མ་ལེ་ཞི་ཡའི་ཆེས་མཐོའི་གཙོ་བདག་དབྱི་པུའུ་ལ་ཞིན་གྱིས་མ་ལེ་ཞི་ཡ་རྒྱལ་ཁབ་ཀྱི་ཕོ་བྲང་དུ་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ཐུག་འཕྲད་གནང་། ཐུག་འཕྲད་རྗེས་སུ། ཞི་ཅིན་ཕིང་དབྱི་པུའུ་ལ་ཞིན་གྱིས་བཤམས་པའི་དགའ་བསུའི་གསོལ་སྟོན་ལ་ཞུགས། འདི་ནི་ཞི་ཅིན་ཕིང་གིས་མང་ཚོགས་ལ་ཕྱག་གཡུག་གནང་ནས་གུས་འདུད་ཞུ་བའི་ཚུལ་རེད།

ཐུག་འཕྲད་རྗེས་སུ། ཞི་ཅིན་ཕིང་དབྱི་པུའུ་ལ་ཞིན་གྱིས་བཤམས་པའི་དགའ་བསུའི་གསོལ་སྟོན་ལ་ཞུགས། 

ཚའེ་ཆི་དང་ཝང་དབྱི། ཝང་ཞའོ་ཧུང་སོགས་གོང་གསལ་གྱི་བྱ་འགུལ་ལ་ཞུགས། །


  • 顶