ཞི་ཅིན་ཕིང་གིས་མ་ལེ་ཞི་ཡའི་ཙུང་ལི་ཨན་ཝ་ཨེར་དང་གྲོས་མོལ་གནང་།

2025-04-18
1424

ཟླ4པའི་ཚེས16ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མ་ལེ་ཞི་ཡའི་ཙུང་ལི་ཨན་ཝ་ཨེར་དང་མཉམ་དུ་པུའུ་ཐི་ལ་ཅ་ཡ་ཙུང་ལིའི་བཞུགས་ཤག་ཏུ་གྲོས་མོལ་གནང་བ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4པའི་ཚེས16ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མ་ལེ་ཞི་ཡའི་ཙུང་ལི་ཨན་ཝ་ཨེར་དང་མཉམ་དུ་པུའུ་ཐི་ལ་ཅ་ཡ་ཙུང་ལིའི་བཞུགས་ཤག་ཏུ་གྲོས་མོལ་གནང་།

ཞི་ཅིན་ཕིང་རླངས་འཁོར་ལ་བསྡད་ནས་ཙུང་ལིའི་བཞུགས་ཤག་ཏུ་ཕེབས་པ་ན། ཨན་ཝ་ཨེར་གྱིས་སྤྲོ་སེམས་འཁོལ་བའི་བསུ་མ་གནང་། མ་ལེ་ཞི་ཡའི་ན་ཆུང་གཞོན་ནུས་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་གཡུག་གཡུག་གནང་བ་དང་། དགའ་སྤྲོའི་རོལ་མོ་དཀྲོལ་བ་དང་མི་རིགས་ཀྱི་ཞབས་བྲོ་འཁྲབ་ནས་རྒྱང་རིང་ནས་ཕེབས་པའི་མགྲོན་པོར་བསུ་མ་བྱས།

ཟླ4པའི་ཚེས16ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མ་ལེ་ཞི་ཡའི་ཙུང་ལི་ཨན་ཝ་ཨེར་དང་མཉམ་དུ་པུའུ་ཐི་ལ་ཅ་ཡ་ཙུང་ལིའི་བཞུགས་ཤག་ཏུ་གྲོས་མོལ་གནང་། ཞི་ཅིན་ཕིང་རླངས་འཁོར་ལ་བསྡད་ནས་ཙུང་ལིའི་བཞུགས་ཤག་ཏུ་ཕེབས་པ་ན། ཨན་ཝ་ཨེར་གྱིས་སྤྲོ་སེམས་འཁོལ་བའི་བསུ་མ་གནང་། མ་ལེ་ཞི་ཡའི་ན་ཆུང་གཞོན་ནུས་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་གཡུག་གཡུག་གནང་བ་དང་། དགའ་སྤྲོའི་རོལ་མོ་དཀྲོལ་བ་དང་མི་རིགས་ཀྱི་ཞབས་བྲོ་འཁྲབ་ནས་རྒྱང་རིང་ནས་ཕེབས་པའི་མགྲོན་པོར་བསུ་མ་བྱས།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་མ་ལེ་ཞི་ཡའི་སྲོལ་རྒྱུན་མཛའ་བརྩེ་ལ་ལོ་ངོ་སྟོང་ལྷག་གི་ལོ་རྒྱུས་ཡོད། རྒྱལ་ཁབ་གཉིས་ཀྱི་མཛའ་གྲོགས་ནི་ཡུན་རིང་གི་ལོ་རྒྱུས་ཁྲོད་དུ་གསོ་སྐྱོང་དང་། རིག་གནས་མཉམ་འདྲེས་ཁྲོད་དུ་འཚར་ལོངས་བྱུང་ལ། ཕན་ཚུན་གཉིས་ཕན་ཁྲོད་སྲ་བརྟན་དང་དཀའ་སྡུག་གི་ཆར་རླུང་ཁྲོད་གཏིང་ཟབ་དུ་ཕྱིན་ཡོད་པས། སེམས་པ་མཉམ་འདྲེས་དང་ལྷག་བསམ་རྣམ་དག དྲང་བདེན་རྒྱུན་འཁྱོངས། འཆམ་མཐུན་གཙིགས་སུ་བཟུང་བའི་ཞི་བདེ་ལ་བརྩི་བཀུར་བྱེད་པའི་ཐུན་མོང་གི་རིན་ཐང་དོན་གཉེར་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ལོ་རྒྱུས་ཀྱི་བློ་གྲོས་དང་བློ་སྤོབས་མངོན་པ་དེ་ནི་རྒྱལ་ཁབ་གཉིས་ཀྱི་ཐུན་མོང་གི་རྩ་ཆེའི་རྒྱུ་ནོར་ཞིག་རེད། ན་ནིང་། ཕྱོགས་གཉིས་ཀྱིས་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་འཁོར50ལོན་པར་གཟབ་རྒྱས་ངང་རྟེན་འབྲེལ་ཞུས། འདས་ཟིན་པའི་ལོ་ངོ50ཡི་རིང་ཀྲུང་གོ་དང་མ་ལེ་ཞི་ཡའི་འབྲེལ་བར་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པ་དང་། ཕྱོགས་གཉིས་ཀྱིས་རྗེས་ཕྱོགས་ཀྱི་ལོ་ངོ50རིང་མུ་མཐུད་དུ་ལོ་རྒྱུས་ཀྱི་རང་འགུལ་དམ་འཛིན་བྱས་ནས། དུས་རབས་ཀྱི་མདུན་ཕྱོགས་སུ་དཔའ་ངར་ཆེན་པོས་འགྲེངས་བ་དང་། ཆུ་ཚད་མཐོ་བའི་འཐབ་ཇུས་རང་བཞིན་གྱི་ཀྲུང་གོ་དང་མ་ལེ་ཞི་ཡའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་མང་བའི་བདེ་སྐྱིད་བསྐྲུན་ནས། ས་ཁུལ་གྱི་དར་རྒྱས་དང་བརྟན་ལྷིང་ལ་སྔར་ལས་ཆེ་བའི་ལེགས་སྐྱེས་འབུལ་དགོས།

ཞི་ཅིན་ཕིང་གིས་ཆུ་ཚད་མཐོ་བའི་འཐབ་ཇུས་རང་བཞིན་གྱི་ཀྲུང་གོ་དང་མ་ལེ་ཞི་ཡའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པར་བསམ་འཆར་གསུམ་བཏོན་པ་སྟེ། 

གཅིག་ནི། འཐབ་ཇུས་ཀྱི་རང་བདག་རྒྱུན་འཁྱོངས་བྱས་ཏེ་ཆུ་ཚད་མཐོ་བའི་འཐབ་ཇུས་མཐུན་སྦྱོར་སྤེལ་དགོས།

གཉིས་ནི། འཕེལ་རྒྱས་ཀྱི་མཉམ་ཤུགས་གཅིག་སྡུད་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མཉམ་ལས་དཔེ་མཚོན་བཏོད་དགོས།

གསུམ་ནི། མི་རབས་ཀྱི་མཛའ་མཐུན་རྒྱུན་འཛིན་བྱས་ཏེ་དཔལ་ཡོན་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ་གཏིང་ཟབ་ཏུ་གཏོང་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། མ་ལེ་ཞི་ཡ་ཕྱོགས་ཀྱིས་ད་ལོའི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་བརྗོད་བྱ་གཙོ་བོ“ཁོང་ཡངས་རང་བཞིན་དང་རྒྱུན་མཐུད་རང་བཞིན”དུ་གཏན་འཁེལ་བྱས་པ་དེས་དུས་བབ་ལ་གསལ་རྟོགས་གཏིང་ཟབ་བྱས་པ་མཚོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་མ་ལེ་ཞི་ཡས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རེས་འཁོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་ནུས་པ་འདོན་སྤེལ་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། ས་ཁུལ་རྒྱལ་ཁབ་དང་མཉམ་དུ་སྔ་མོ་ནས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རང་མོས་ཚོང་དོན་ཁུལ་གྱི་རིམ་སྤར་གྲོས་བཅད་ཡི་གེར་མིང་རྟགས་བཀོད་དེ། སྒོ་འབྱེད་ཁོང་ཡངས་དང་མཐུན་སྒྲིལ་མཉམ་ལས་ལ་བརྟེན་ནས“འབྲེལ་གཅོད་ཕྲེང་ཆད”དང“ར་ཆུང་གྱང་མཐོ”། གང་བྱུང་དུ་སྒོ་ཁྲལ་བསྡུ་ལེན་བཅས་བཀག་འགོག་བྱས་ཏེ། ཞི་བདེ་དང་མཉམ་ལས། སྒོ་འབྱེད། ཁོང་ཡངས་བཅས་ཀྱི་ཨེ་ཤེ་ཡའི་རིན་ཐང་ལྟ་བའི་ཐོག་ནས། བཙན་པོས་གཉོམ་ཆུང་ཟ་བའི་ནགས་རྫོང་སྲོལ་ལུགས་ལ་གདོང་གཏད་དེ། ཨེ་ཤེ་ཡའི་བརྟན་བརླིང་རང་བཞིན་དང་ངེས་གཏན་རང་བཞིན་གྱིས་འཛམ་གླིང་གི་ཟང་ཟིང་དང་ངེས་མེད་ལ་ཁ་གཏད་གཅོག་འདོད་ཡོད།

ཟླ4པའི་ཚེས16ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མ་ལེ་ཞི་ཡའི་ཙུང་ལི་ཨན་ཝ་ཨེར་དང་མཉམ་དུ་པུའུ་ཐི་ལ་ཅ་ཡ་ཙུང་ལིའི་བཞུགས་ཤག་ཏུ་གྲོས་མོལ་གནང་བ་རེད། 

ཨན་ཝ་ཨེར་གྱིས་སྤྲོ་སེམས་འཁོལ་བའི་ངང་ཀྲུའུ་ཞི་ཞི་ཅིན་ཕིང་མ་ལེ་ཞི་ཡར་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས་ལ། དུས་ཡུན་རིང་པོའི་ནང་ཀྲུང་གོས་ལྷག་བསམ་ཟོལ་མེད་ཀྱི་མ་ལེ་ཞི་ཡར་རོགས་སྐྱོར་གནང་ནས། བདེ་ཉེན་མཉམ་ཁུར་དང་དཀའ་སྡུག་མཉམ་མྱོང་བྱས་པས། མ་ལེ་ཞི་ཡས་ཡིད་རྟོན་རུང་བའི་གྲོགས་པོ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོར་སྣེ་ཁྲིད་དེ་རླབས་ཆེ་བའི་གྲུབ་འབྲས་བླངས་ལ། ཀྲུང་གོ་མི་དམངས་ཀྱི་སྣེ་ཁྲིད་ནད་དབུལ་ཕོངས་ལས་ཐར་བ་དང་། ཐུན་མོང་དར་རྒྱས་དང་དཔལ་ཡོན་བརྗེ་རེས་དར་སྤེལ་བཏང་བས་མིག་སྔའི་འཛམ་གླིང་སྟེང་ཕུལ་དུ་བྱུང་བའི་སྣེ་ཁྲིད་པ་ཡིན། མ་ལེ་ཞི་ཡ་མི་དམངས་ཀྱིས་ཀྲུང་གོ་དང་ཀྲུའུ་ཞི་ཞི་ཅིན་ཕིང་ལ་གུས་བཀུར་ཡིད་སྨོན་བྱེད་ཀྱིན་ཡོད། མ་ལེ་ཞི་ཡ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་སྒོས་ལག་བསྟར་བྱས་ཏེ། ཐའེ་ཝན་རང་བཙན་གྱི་བྱ་སྤྱོད་མཐའ་དག་ལ་ངོ་རྒོལ་བྱེད་རྒྱུ་ཡིན། མ་ལེ་ཞི་ཡ་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་འཐབ་ཇུས་འབྲེལ་མཐུད་གཏིང་ཟབ་དང་ཆབ་སྲིད་ཡིད་རྟོན་སྲ་བརྟན་དུ་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་ཉོ་ཚོང་རྒྱ་བསྐྱེད་དེ། ཀྲུང་གོའི་ཁེ་ལས་མ་ལེ་ཞི་ཡར་དངུལ་གཏོང་ལས་སྤེལ་བྱེད་པར་དགའ་བསུ་ཞུ་རྒྱུ་དང་། མ་ལེ་ཞི་ཡ་དང་མཉམ་དུ་གྲངས་ཀའི་དཔལ་འབྱོར་དང་ལྗང་མདོག་དཔལ་འབྱོར། མི་ཐབས་རིག་ནུས་སོགས་གསར་དར་ལག་རྩལ་ཁྱབ་ཁོངས་ཀྱི་མཉམ་ལས་འཕེལ་རྒྱས་སུ་བཏང་ནས། རྒྱལ་ཁབ་གཉིས་ཀྱིས་སྔར་ལས་ལྷག་པའི་འཕེལ་རྒྱས་མངོན་འགྱུར་བྱེད་པར་རྒྱབ་སྐྱོར་བྱེད་འདོད་ཡོད། རིག་གནས་དང་སློབ་གསོ། ཡུལ་སྐོར་སོགས་མི་ཆོས་རིག་གནས་ཁྱབ་ཁོངས་ཀྱི་བརྗེ་རེས་གཏིང་ཟབ་ཏུ་བཏང་སྟེ། མི་དམངས་བར་གྱི་མཛའ་བརྩེ་དང་ཤེས་རྟོགས་གཏིང་ཟབ་དུ་གཏོང་བ་དང་། དབྱི་སི་ལན་དཔལ་ཡོན་དང་རུའུ་ལུགས་དཔལ་ཡོན་གྱི་བརྗེ་རེས་སྤེལ་ནས་མིའི་རིགས་ཀྱི་དཔལ་ཡོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད། ཕྱོགས་རྐྱང་རིང་ལུགས་དར་བར་ཁ་གཏད་དེ་མ་ལེ་ཞི་ཡ་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་ལས་བྱེད་པར་ཤུགས་བསྣན་ནས། མཉམ་དུ་ཉེན་ཁ་དང་འགྲན་སློང་ལ་གདོང་གཏོད་རྒྱུ་ཡིན། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་ཕྱོགས་རྐྱང་བའི་ཁྲལ་བསྡུའི་བྱེད་ཐབས་ལ་རྒྱབ་སྐྱོར་བྱེད་མི་སྲིད་ལ། མཉམ་ལས་མཉམ་འབྲེལ་དང་རང་སྟོབས་བྱེད་པ་བརྒྱུད་དཔལ་འབྱོར་གྱི་གོང་འཕེལ་རྒྱུན་འཁྱོངས་བྱེད་རྒྱུ་ཡིན། མ་ལེ་ཞི་ཡ་ཕྱོགས་ཀྱིས་ཀྲུང་གོས་རྒྱལ་སྤྱི་ས་ཁུལ་གནད་དོན་ཐད་དགེ་མཚན་ལྡན་པའི་བྱེད་ནུས་བཏོན་པར་བསྟོད་བསྔགས་བྱ་རྒྱུ་ཡིན། མ་ལེ་ཞི་ཡ་ནི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རེས་འཁོར་ཀྲུའུ་ཞི་རྒྱལ་ཁབ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་འབྲེལ་བའི་མཐུན་སྦྱོར་རྒྱལ་ཁབ་ཡིན་པའི་ཆ་ནས། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་མཉམ་ལས་ལ་ཤུགས་སྣོན་པར་སྐུལ་འདེད་གཏོང་བ་དང་། ས་ཁུལ་གྱི་ཞི་བདེ་དང་བརྟན་རླིང་། དར་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན།

ཟླ4པའི་ཚེས16ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཞི་ཅིན་ཕིང་གིས་མ་ལེ་ཞི་ཡའི་ཙུང་ལི་ཨན་ཝ་ཨེར་དང་མཉམ་དུ་པུའུ་ཐི་ལ་ཅ་ཡ་ཙུང་ལིའི་བཞུགས་ཤག་ཏུ་གྲོས་མོལ་གནང་། འདི་ནི་གྲོས་མོལ་རྗེས་སུ། རྒྱལ་ཁབ་གཉིས་ཀྱིས་གཙོ་བདག་གིས་མཉམ་དུ་ཀྲུང་མ་ཕྱོགས་གཉིས་ཀྱིས་ཕྱོགས་གཉིས་མཉམ་ལས་ཡིག་ཆར་མིང་རྟགས་འགོད་པར་བདེན་དཔང་གནང་བའི་ཚུལ་རེད།

ཟླ4པའི་ཚེས16ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མ་ལེ་ཞི་ཡའི་ཙུང་ལི་ཨན་ཝ་ཨེར་དང་མཉམ་དུ་པུའུ་ཐི་ལ་ཅ་ཡ་ཙུང་ལིའི་བཞུགས་ཤག་ཏུ་གྲོས་མོལ་གནང་། གྲོས་མོལ་རྗེས་སུ། རྒྱལ་ཁབ་གཉིས་ཀྱིས་གཙོ་བདག་གིས་མཉམ་དུ་ཀྲུང་མ་ཕྱོགས་གཉིས་ཀྱིས་ཕྱོགས་གཉིས་མཉམ་ལས་ཡིག་ཆར་མིང་རྟགས་འགོད་པར་བདེན་དཔང་གནང་། འདི་ནི་ཞི་ཅིན་ཕིང་དང་ཨན་ཝ་ཨེར་གཉིས་ཀྱིས་ལག་འཇུ་བྱེད་པའི་ཚུལ་རེད།

གྲོས་མོལ་རྗེས་སུ། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་མཉམ་དུ་ཀྲུང་གོ་དང་མ་ལེ་ཞི་ཡ་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ30ལྷག་ལ་མིང་རྟགས་འགོད་པར་བདེན་དཔང་གནང་ཞིང་། དེ་དག་གོ་ལ་ཧྲིལ་བོའི་གྲོས་གཞི་ཆེན་མོ་གསུམ་གྱི་མཉམ་ལས་དང་། རུའུ་ལུགས་དང་དབྱི་སི་ལན་གྱི་དཔལ་ཡོན་གླེང་མོལ། གྲངས་འཛིན་དཔལ་འབྱོར། ཞབས་ཞུ་ཉོ་ཚོང་། རྒྱལ་ཁབ་གཉིས་ཀྱི་ར་བ་གཉིས་རིམ་སྤར་འཕེལ་རྒྱས། མཉམ་འབྲེལ་ཚོད་ལྟ་ཁང་། མི་ཐབས་རིག་ནུས། ལྕགས་ལམ། ཤེས་བྱའི་བདག་དབང་། ཞིང་ལས་ཐོན་རྫས་ཀྲུང་གོར་གཏོང་བ། རྒྱལ་ཁབ་གཉིས་བར་ཁྲོལ་མཆན་མེད་པར་གཏོང་བ། དོམ་ཕྲ་སྲུང་སྐྱོབ་སོགས་ཀྱི་ཁྱབ་ཁོངས་ཚུད་ཡོད།

ཕྱོགས་གཉིས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་མ་ལེ་ཞི་ཡས་ཆུ་ཚད་མཐོ་བའི་འཐབ་ཇུས་རང་བཞིན་གྱི་ཀྲུང་གོ་དང་མ་ལེ་ཞི་ཡའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པའི་མཉམ་འབྲེལ་གསལ་བསྒྲགས》སྤེལ།

ཉིན་དེའི་དགོང་མོར། ཨན་ཝ་ཨེར་གྱིས་ཞི་ཅིན་ཕིང་ལ་དགའ་བསུའི་གསོལ་སྟོན་བཤམས།

ཚའེ་ཆི་དང་ཝང་དབྱི། ཝང་ཞའོ་ཧུང་སོགས་གོང་གསལ་བྱ་འགུལ་ལ་ཞུགས། །


  • 顶