
ཟླ4པའི་ཚེས14ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཧོ་ནེ་རུ་འབྱོར་ནས་ཡོ་ནན་ལ་རྒྱལ་དོན་འཚམས་འདྲི་གནང་། ཉིན་དེའི་ཕྱི་དྲོར། ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་གྱིས་ཞི་ཅིན་ཕིང་ལ་དགའ་བསུ་མཛད་སྒོ་གཟབ་རྒྱས་ངང་སྤེལ། འདི་ནི་སུའུ་ལིན་གྱི་ཕེབས་རོགས་འོག་ཞི་ཅིན་ཕིང་གིས་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བའི་ཚུལ་རེད།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4པའི་ཚེས14ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཧོ་ནེ་རུ་འབྱོར་ནས་ཡོ་ནན་ལ་རྒྱལ་དོན་འཚམས་འདྲི་གནང་བ་རེད། ཉིན་དེའི་ཕྱི་དྲོར། ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་གྱིས་ཞི་ཅིན་ཕིང་ལ་དགའ་བསུ་མཛད་སྒོ་གཟབ་རྒྱས་ངང་སྤེལ།

ཟླ4པའི་ཚེས14ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཧོ་ནེ་རུ་འབྱོར་ནས་ཡོ་ནན་ལ་རྒྱལ་དོན་འཚམས་འདྲི་གནང་། ཉིན་དེའི་ཕྱི་དྲོར། ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་གྱིས་ཞི་ཅིན་ཕིང་ལ་དགའ་བསུ་མཛད་སྒོ་གཟབ་རྒྱས་ངང་སྤེལ། འདི་ནི་ཞི་ཅིན་ཕིང་དང་སུའུ་ལིན་རྣམ་གཉིས་ཀྱིས་དགའ་བསུའི་མཛད་སྒོའི་སྟེང་མཉམ་པར་ལེན་པའི་ཚུལ་རེད།
ཟླ་བཞི་པའི་ཧོ་ནེ་ནི་ལྗོན་ཤིང་ཚང་ཚིང་ཏུ་སྐྱེས་ཤིང་ཡོད་ཚད་ལ་གསོན་ཤུགས་རྒྱས་ཡོད། ཀྲུའུ་ཞི་གཟིམ་ཤག་གི་ཐང་ཆེན་སྟེང་། སྐར་ལྔའི་དར་དམར་དང་གསེར་མདོག་སྐར་མའི་དར་དམར་གཉིས་ལྷབ་ལྷུབ་ཏུ་བསྐྱོད་བཞིན་ཡོད་པ་དང་། ཡོ་ནན་གྱི་ན་ཆུང་བྱིས་པ200ལྷག་གིས་དར་དམར་གཡུག་གཡུག་གནང་ནས། སྤྲོ་སེམས་འཁོལ་བའི་ངང་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས།

ཟླ4པའི་ཚེས14ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཧོ་ནེ་རུ་འབྱོར་ནས་ཡོ་ནན་ལ་རྒྱལ་དོན་འཚམས་འདྲི་གནང་བ་རེད། ཉིན་དེའི་ཕྱི་དྲོར། ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་གྱིས་ཞི་ཅིན་ཕིང་ལ་དགའ་བསུ་མཛད་སྒོ་གཟབ་རྒྱས་ངང་སྤེལ། འདི་ནི་ཞི་ཅིན་ཕིང་དང་སུའུ་ལིན་རྣམ་གཉིས་མཉམ་དུ་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྡོད་གནས་སུ་གྲོས་མོལ་བྱེད་པར་བསྐྱོད་སྐབས་མང་ཚོགས་ལ་ཕྱག་གཡུག་གནང་བཞིན་པའི་ཚུལ་རེད།
ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ནས་འབྱོར་སྐབས། སུའུ་ལིན་གྱིས་རླངས་འཁོར་འབབ་སར་སྤྲོ་སེམས་འཁོལ་བའི་ངང་བསུ་མ་གནང་བ་དང་། ཡོ་ནན་གྱི་ན་ཆུང་བྱིས་པས་ཞི་ཅིན་ཕིང་ལ་མེ་ཏོག་ཕུལ་བ་རེད། ཞི་ཅིན་ཕིང་དང་སུའུ་ལིན་རྣམ་གཉིས་མཉམ་དུ་གཟིགས་ཞིབ་སྟེགས་བུར་ཕེབས། དམག་མིའི་རོལ་དབྱངས་ཚོགས་པས་ཀྲུང་གོ་དང་ཡོ་ནན་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་བ་དང་། གུས་སྒྱོགས་ཐེངས21བརྒྱབ། ཞི་ཅིན་ཕིང་གིས་སུའུ་ལིན་གྱི་ཕེབས་རོགས་འོག་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་། ཏང་གཉིས་ཀྱི་སྤྱི་ཁྱབ་ཧྲུའུ་ཅིས་སོ་སོར་ཕ་རོལ་པའི་ཕེབས་རོགས་མི་སྣ་དང་ལག་འཇུ་བྱས་ནས་གུས་འདུད་ཞུས་པ་དང་དེ་རྗེས་མཉམ་དུ་དམག་རིགས་རྣམ་འབྱེད་ཀྱི་རུ་སྟར་ལ་གཟིགས།

ཟླ4པའི་ཚེས14ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཧོ་ནེ་རུ་འབྱོར་ནས་ཡོ་ནན་ལ་རྒྱལ་དོན་འཚམས་འདྲི་གནང་བ་རེད། ཉིན་དེའི་ཕྱི་དྲོར། ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་གྱིས་ཞི་ཅིན་ཕིང་ལ་དགའ་བསུ་མཛད་སྒོ་གཟབ་རྒྱས་ངང་སྤེལ། འདི་ནི་དགའ་བསུའི་མཛད་སྒོའི་རྗེས་སུ། ཞི་ཅིན་ཕིང་དང་སུའུ་ལིན་རྣམ་གཉིས་མཉམ་དུ་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྡོད་གནས་སུ་ཕེབས་སྐབས་མང་ཚོགས་ལ་ཕྱག་གཡུག་གནང་བཞིན་པའི་ཚུལ་རེད།
དགའ་བསུའི་མཛད་སྒོའི་རྗེས་སུ། ཞི་ཅིན་ཕིང་དང་སུའུ་ལིན་མཉམ་དུ་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྡོད་གནས་སུ་ཕེབས་ནས་གྲོས་མོལ་གནང་། ལམ་འགྲམ་དུ་ཡོ་ནན་གྱི་མང་ཚོགས་བརྒྱ་ལྷག་གིས་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་དར་ཆ་གཡུག་གཡུག་བྱས་ནས་ཞི་ཅིན་ཕིང་ལ་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས། ཞི་ཅིན་ཕིང་གིས་མང་ཚོགས་ལ་ཕྱག་གཡུག་གནང་ནས་གུས་འདུད་ཞུས།
ཚའེ་ཆི་དང་ཝང་དབྱི། ཝང་ཞའོ་ཧུང་སོགས་ཞུགས་ཡོད། །
འཕྲིན་སྟེགས། weikangba