སྤུས་མཐོའི་འཕེལ་རྒྱས་ཀྱིས་དཀར་མཛེས་ལ་སྒུལ་ཤུགས་གསར་པ་བསྐྲུན།

2025-03-08
945

  དེ་རིང་ང་ཚོས་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥེང་ཧྥ་ཀུའེ་ལགས་ཚོགས་ཆེན་གཉིས་ཀྱི་བཅར་འདྲིའི་ལེ་ཚན་ནང་གདན་དྲངས་ནས། སྤུས་མཐོའི་འཕེལ་རྒྱས་གཙིགས་སུ་བཟུང་སྟེ་དཀར་མཛེས་ཀྱི་ལེའུ་གསར་པ་མཉམ་དུ་སྐྲུན་པའི་སྐོར་ནས་གླེང་མོལ་བྱས་ཡོད། 

  འཐུས་མི་ཧྥེང་ཧྥ་ཀུའེ་ཡིས་ཐེངས་འདི་གཙོ་བོར་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་དམངས་འཚོའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། དེ་མིན་དགེ་མཚན་ལྡན་པའི་ཐོན་ཁུངས་སྔོག་འདོན་དང་འབག་མེད་ནུས་ཁུངས་གསར་སྤེལ་བྱེད་པའི་སྐོར་ནས་གྲོས་འགོ་བཏོན་ཡོད། ཁོང་གིས་ལོ་འདི་ཤས་རིང་རྒྱལ་ཁབ་ཀྱིས་ཐཱན་གཉིས་དམིགས་འབེན་བཏོན་རྗེས། ང་ཚོའི་དཀར་མཛེས་ཁུལ་གྱིས་འབག་མེད་ནུས་ཁུངས་ཀྱི་དགེ་མཚན་དང་ཁྱད་ཆོས་ཆེན་པོ་ཁ་ཤས་བཏོན་ཡོད་དེ། གཅིག་ནི་འོད་དྲག་པ་དང་གཉིས་ནི་ཆུ་མང་བ། གསུམ་ནི་ས་བབ་ཡག་པ། བཞི་ནི་ཆ་འཕྲིན་ནུས་ཁུངས་གསར་སྤེལ་བརྟན་པོ་དང་ཁ་གསབ་རང་བཞིན་ཡག་པོ་ཡོད། དེ་མིན་ང་ཚོ་རྒྱལ་ཁབ་ཀྱི་ལྟེ་བའི་གྲོང་ཁྱེར་དང་ཐག་ཉེ་བས། དཔལ་འབྱོར་རང་བཞིན་ཡང་ཅུང་ཡག་པོ་ཡོད། ང་ཚོས་ས་གནས་རང་གིས་བེད་སྤྱོད་དང་ཕྱིར་སྐྱེལ་བགྲོད་ལམ་གཅིག་འགྱུར་འཆར་འགོད་བྱེད་པར་བརྟེན་ནས་འབག་མེད་ནུས་ཁུངས་རྟེན་གཞི་འཛུགས་སྐྲུན་བྱ་རྒྱུ་བཏོན་ཡོད་ཅེས་གསུངས།

图片  དཀར་མཛེས་ཁུལ་གྱིས་འབག་མེད་ནུས་ཁུངས་གསར་སྤེལ་དང་རྩྭ་ཐང་སྐྱེ་ཁམས། དེ་མིན་ཞིང་འབྲོག་མི་སེར་གྱི་ཡོང་འབབ་འཕར་བ་བཅས་ཇི་ལྟར་མཉམ་དུ་འཕེལ་རྒྱས་གཏོང་དགོས་པའི་སྐོར་ནས། ཁོང་གིས། དོན་དངོས་སུ་ང་ཚོས་འོད་ནུས་གསར་སྤེལ་བྱེད་པའི་གོ་རིམ་ཁྲོད། ང་ཚོས་སྒྲོམ་སྟེགས་ཀྱི་མཐོ་ཚད་སྨི་གཉིས་ཡོད་པ་དང་། འོད་ནུས་པང་ལེབ་འོག་ཏུ་ད་རུང་མུ་མཐུད་དུ་ཕྱུགས་ལས་འཕེལ་རྒྱས་གཏོང་ཆོག་པའི་བླང་བྱ་བཏོན་ཡོད། དེ་ཡང་ད་ལྟའི་ཚན་རིག་ཞིབ་འཇུག་ཐད་ནས་བཤད་ན། འོད་ནུས་པང་ལེབ་སྒྲིག་སྦྱོར་བྱས་རྗེས་སའི་བརླན་ཚད་དང་འོད་ནུས་པང་ལེབ་འོག་གི་བརླན་ཚད་ཕལ་ཆེར་བརྒྱ་ཆའི་སུམ་ཅུ་ཡས་མས་འཕར་ཡོད་པས། རྩྭའང་ཡག་མོ་སྐྱེས་ཡོད། འདི་འདྲ་ཡིན་ན་ཕྱུགས་ལས་འཕེལ་རྒྱས་གཏོང་བ་དང་ཕན་ཚུན་རམ་འདེགས་ཀྱི་ནུས་པ་ལྡན། ཞིང་འབྲོག་མི་སེར་གྱི་ལག་ནས་རྩྭ་ས་གླས་པའི་ཡོང་འབབ་དང་། གཉིས་པ་ཡིན་ན་ང་ཚོའི་མི་སེར་རྣམས་འོད་ནུས་དང་འབྲེལ་བའི་འཛུགས་སྐྲུན་ལས་ཀའི་ནང་ཞུགས་ནས་ཡོང་འབབ་ལེན་ཆོག ང་ཚོས་ད་རུང་རང་སའི་རྒྱལ་དབང་ཁེ་ལས་ཀྱིས་མ་རྐང་འཇོག་པ་དང་། མ་འོངས་པའི་ཁེ་སྤོགས་ནང་། ཆུ་གློག་གནས་སྤོས་ཡུལ་མིའི་རྗེས་མཐུད་ཀྱི་རོགས་སྐྱོར་སྲིད་ཇུས་གཞིར་བྱས་ནས། དམངས་འཚོའི་རོགས་སྐྱོར་ཐེབས་རྩ་ཞིག་བཙུགས་ཡོད། འདི་འདྲ་བྱས་ན་འབག་མེད་ནུས་ཁུངས་འཕེལ་རྒྱས་གཏོང་རྒྱུ་དེ་ད་གཟོད་འཁོར་རྒྱུག་བཟང་པོའི་ཁྲོད་དེ་བས་རྒྱུན་མཐུད་དང་སྐྱོན་བྲལ། ཡུན་རིང་བཅས་ཡོང་ཐུབ་ཅེས་གསུངས།

图片  ལོ་གསར་པའི་དམིགས་འབེན་དང་རེ་སྒུག་གི་ཐད་ནས། ཁོང་གིས། ད་ལོར་ང་ཚོས་ཀྲུང་དབྱང་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་དང་། ཚོགས་ཆེན་གཉིས་ཀྱི་སྙིང་དོན་ལྟར། ལས་གནས་སུ་ཕྱིར་ལོག་རྗེས་ལས་འགན་ཁག་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་། འཕེལ་རྒྱས་དང་བདེ་འཇགས་གཉིས་ལ་གཅིག་འགྱུར་འཆར་འགོད་ཡག་མོ་བྱ་དགོས། འཕེལ་རྒྱས་ཀྱི་ཐད་ནས། ང་ཚོས་དངོས་སུ་སྤུས་མཐོའི་འཕེལ་རྒྱས་ཡོང་བ་བྱ་དགོས། དམངས་འཚོ་ལེགས་བཅོས་ཆེན་པོ་གཏོང་བའི་སྤུས་མཐོའི་འཕེལ་རྒྱས་མངོན་འགྱུར་ཡོང་བ་བྱ་དགོས། ང་ཚོའི་དཀར་མཛེས་ཁུལ་གྱིས་ལོ་གསར་པའི་ནང་། ཕྱོགས་སོ་སོས་མཉམ་དུ་འབད་པ་བྱས་པར་བརྒྱུད། བདེ་འཇགས་ཐད་ཀྱི་མངོན་མེད་རྐྱེན་ངན་ཇེ་ཉུང་བཏང་ནས། མི་སེར་རྣམས་འདུག་བདེ་ལས་སྤྲོ་ཡོང་བ་དང་། ཡུལ་སྐོར་བ་རྣམས་བློ་སེམས་བདེ་མོས་ཡུལ་སྐོར་བྱེད་ཆོག་པ་བྱ་རྒྱུ་ཡིན་ཞེས་གསུངས། 

རྩོམ་སྒྲིག་པ།  ལྷ་མོ་བཀྲ་ཤིས།

ཞུ་ཆེན། པ་སངས་རྡོ་རྗེ།

གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།

ལྟ་སྐུལ་པ། འཆི་མེད་དབང་མོ།


  • 顶