ལོ་གསར་བཀྲ་ཤིས་ཀྱི་ཉིན་མ།ལས་ལ་བརྩོན་པའི་སྐབས་བཟང་།

2025-01-20
268

  ཕྱི་ཕྱོགས་ཉོ་ཚོང་ནི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་སྔོན་ཁྲིད་ཡིན་ལ།རྒྱལ་སྤྱི་ནང་འཁོར་བསྐྱོད་གཉིས་ཀྱི་འབྲེལ་ཟམ་གལ་ཆེན་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཕྱི་ཕྱོགས་ཉོ་ཚོང་གི་སྒུལ་ནུས་གསར་པ་མགྱོགས་མྱུར་གསོ་སྐྱོང་དང་། བར་རྒྱུག་ཚོང་རྫས་ཉོ་ཚོང་དང་ཞབས་ཞུ་ཉོ་ཚོང་། ཨང་ཀིའི་ཉོ་ཚོང་། རྒྱལ་ཁོངས་བརྒལ་བའི་གློག་རྡུལ་ཚོང་ལས་ཕྱིར་གཏོང་ཚད་རྒྱ་བསྐྱེད་དགོས་གསུངས་ཡོད། ལོ་གསར་གྱི་འགོ་མར། བྲེལ་བས་ཁེངས་པའི་ཟོག་འདྲེན་དྲ་བ་དང་འབད་པ་ཆེན་པོའི་ཕྱི་ཕྱོགས་ཉོ་ཚོང་ཁེ་ལས་ཀྱིས། ཀྲུང་གོ་དང་འཛམ་གླིང་ཉོ་ཚོང་གི་འབྲེལ་བ་ཟབ་མོ་འཛུགས་པར་བདེན་དཔང་བྱེད་དགོས་ཞེས་གསུངས།

  ཧྲེན་ཀྲེན་ཡན་ཐན་གྲུ་ཁ་རུ། གོ་ལ་ཡོངས་ཀྱི་རིམ་པ་ཆེས་ཆེ་བའི་རིམ་འདས་དོས་སྒམ་གྲུ་གཟིངས་འཇོག་བཞིན་ཡོད། དབྱིན་ཇིའི་ཧྥེ་ལི་སི་ཐའོ་གྲུ་ཁར་གཏོང་རྒྱུ་རེད། དོས་སྒམ་ཉིས་ཁྲི་བཞི་སྟོང་ནང་གློག་རྡུལ་འཛད་སྤྱོད་ཐོན་རྫས་དང་རྒྱུན་མཁོ། ཁྱིམ་ཆས་ཐོན་རྫས་སོགས་བཞག་ཡོད། མིག་སྔར། ཡན་ཐན་གྲུ་ཁར་གཟའ་འཁོར་རེ་ལ་མཁའ་ལམ་བརྒྱ་ལྷག་གོ་ལ་ཡོངས་སུ་འབྱོར། དེའི་ནང་བརྒྱ་ཆའི་དྲུག་ཅུ་ནི་ཡོ་རོབ་དང་ཨ་རིའི་ལམ་ཐིག་ཡིན། ཀྲེན་ཀྲོའུ་རུ། མེག་སི་ཁོ་ཟོག་གྲུ་སླེབས་མ་ཐག་ཡིན། མ་འོངས་པ་མེག་སི་ཁོའི་སོས་ཟས་ཐོན་རྫས་ཀྲུང་གོར་འདྲེན་ཐུབ་རྒྱུ་རེད།

  དབྱི་ཝུའུ་རུ། གོ་ལ་ཡོངས་ཀྱི་ཉོ་ཚོང་ལྟེ་གནས་ཁ་ཤས་འཛུགས་སྐྲུན་བྱས་དང་བྱེད་བཞིན་ཡོད་དེ། སྔོན་དཔག་ལྟར་ན་ཟླ་བ་བཅུ་པར་འཁོར་བསྐྱོད་ཐུབ་རྒྱུ་རེད། མ་འོངས་པར། གནས་འདིར་ཨང་ཀིའི་ཉོ་ཚོང་དང་ཞབས་ཞུ་ཉོ་ཚོང་། རྒྱལ་ཁོངས་བརྒལ་བའི་གློག་རྡུལ་ཚོང་ལས་སོགས་ལས་རྣམ་གསར་པར་དམིགས་ནས། སྲོལ་རྒྱུན་གྱི་ཉོ་ཚོང་བྱེད་ཐབས་བསྒྱུར་རྒྱུ་རེད།

  ཉིས་སྟོང་ཉེར་བཞི་ལོར། ཀྲུང་གོའི་ཕྱི་ཕྱོགས་ཉོ་ཚོང་གི་གཏིང་ཤུགས་ཇེ་ཆེར་ཕྱིན་པ་དང་། ཕྱི་ཕྱོགས་ཀྱི་གནོན་ཤུགས་དེ་འཕར་སྣོན་གྱི་སྒུལ་ནུས་གསར་པར་བསྒྱུར་ཡོད། ལོ་ཧྲིལ་པོར་ཕྱི་ཕྱོགས་ཉོ་ཚོང་གི་འཕར་ཚད་སྒོར་དུང་ཕྱུར་ཁྲི་གཉིས་དང་སྟོང་གཅིག་ལ་ཟིན་པར་འབྲིང་རིམ་རྒྱལ་ཁབ་ཀྱི་ལོ་གཅིག་གི་ཕྱི་ཕྱོགས་ཉོ་ཚོང་གི་སྤྱི་འབོར་དང་འདྲ། ཕྱིར་གཏོང་ནང་འདྲེན་གྱི་སྤྱི་འབོར་སྒོར་དུང་ཕྱུར་འབུམ་བཞི་དང་ཁྲི་གསུམ་ལ་ཟིན་པ་དང་། དངོས་ཟོག་ཉོ་ཚོང་གི་རྒྱལ་ཁབ་ཆེན་མོའི་གོ་གནས་སྔར་ལས་ཇེ་བརྟན་ཡིན་པས། ལོ་ཧྲིལ་པོའི་དཔལ་འབྱོར་འཕར་སྣོན་དམིགས་འབེན་འགྲུབ་པར་རྨང་གཞི་བརྟན་པོ་བཞག་ཡོད། གྲུབ་འབྲས་འདི་དག་ལས་སླ་མོ་ཞིག་མིན་ལ།རྙོག་འཛིང་ཆེ་བའི་ཕྱི་ཕྱོགས་ཀྱི་ཁོར་ཡུག་མདུན་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཕྱི་ནང་གི་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཆེན་མོར་དཔྱད་ཞིབ་ཐུབ་ནས། ཕྱི་ཕྱོགས་ཉོ་ཚོང་སྤུས་མཐོའི་འཕེལ་རྒྱས་གཏོང་བར་བཀོད་སྒྲིག་བྱེད་དགོས་གསུངས་ཡོད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག ཕྱི་ཕྱོགས་ཉོ་ཚོང་གི་ལམ་ལུགས་བཅོས་བསྒྱུར་ཟབ་སྤེལ་བཏང་ནས། ཉོ་ཚོང་སྟོབས་ལྡན་རྒྱལ་ཁབ་ཀྱི་ལམ་ལུགས་རྒྱབ་བརྟེན་དང་སྲིད་ཇུས་རྒྱབ་སྐྱོར་གྱི་མ་ལག་འཛུགས་དགོས། ན་ནིང་ལོ་མཇུག་ལ་འཚོགས་པའི་ཀྲུང་དབྱང་དཔལ་འབྱོར་ལས་ཀའི་གྲོས་ཚོགས་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞབས་ཞུའི་ཉོ་ཚོང་དང་འབག་མེད་ཉོ་ཚོང་། ཨང་ཀིའི་ཉོ་ཚོང་བཅས་འཕེལ་རྒྱས་གཏོང་དགོས་པ་བཏོན། ས་གནས་ཁག་ཏུ་རྟོག་ཞིབ་གནང་སྐབས། ཁོང་གིས་ཉོ་ཚོང་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྱོང་བྱེད་པར་བཀོད་སྒྲིག་གལ་ཆེན་གནང་ཞིང་། ཕྱི་ནང་གི་ཉོ་ཚོང་ཕུང་གཅིག་ན་གྱི་བཅོས་བསྒྱུར་ལ་སྐུལ་འདེད་བཏང་ནས། ཕྱི་ཕྱོགས་ཉོ་ཚོང་གི་སྒུལ་ནུས་གསར་པ་མགྱོགས་པོས་གསོ་སྤེལ་བྱེད་དགོས་ཞེས་བསྟན།ལོ་གསར་པའི་ནང་ཕྱི་ཕྱོགས་ཉོ་ཚོང་བརྟན་པོ་བྱེད་པའི་བྱེད་ཐབས་སྣ་མང་དོན་ཐོག་འཁྱོལ་བྱེད་དགོས་པ་དང་། ཕྱི་ཕྱོགས་ཉོ་ཚོང་ཁེ་ལས་ཀྱི་མ་དངུལ་མཉམ་བསྲེས་ལ་རྒྱབ་སྐྱོར་བྱེད་ཤུགས་ཇེ་དྲག་གཏོང་བ་དང་། རྒྱལ་སྤྱིའི་རིག་ནུས་ཟོང་འདྲེན་སྟེགས་བུ་འཛུགས་སྐྲུན་གང་ཐུབ་བྱེད་པ། ཕྱི་ཕྱོགས་ཉོ་ཚོང་གི་མཚོ་ཐོག་སྐྱེལ་འདྲེན་འགན་སྲུང་ནུས་པ་ཇེ་མཐོར་གཏོང་བར་བྱས་ནས་བྱེད་ཐབས་མང་པོས་ཕྱི་ཕྱོགས་ཉོ་ཚོང་བརྟན་པོས་འཕར་བར་བྱས་པ་རེད།

  སྲིད་ཇུས་ཀྱིས་ཤུགས་བརྒྱབ་པས་ཀྲུང་གོའི་ཕྱི་ཕྱོགས་ཉོ་ཚོང་ལ་ལོ་གསར་པ་འགོ་ཚུགས་སྐབས་རྣམ་པ་གསར་རྐྱང་ཞིག་མངོན་པ་རེད། ཅང་སུའུ་དབྱང་ཀྲོའུ་རུ་ཁྲུན་ཀ་པའི་འབར་རྫས་ཀྱིས་ལས་པའི་ནུས་ཁུངས་གསར་པའི་དོས་སྒམ་གྲུ་གཟིངས་ཡུན་རིང་མི་འགོར་བར་ཕྱི་རྒྱལ་གྱི་འཛད་སྤྱོད་པའི་ལག་ནང་སྤྲད་རྒྱུ་རེད། གྲུ་གཟིངས་ཁེ་ལས་ཀྱི་ཐོན་སྐྱེད་འཆར་གཞི་༢༠༢༨ལོའི་བར་དུ་སྒྲིག་ཡོད། ཧེ་ལུང་ཅང་ཞིང་ཆེན་གྱི་ཆི་ཐའེ་ཧོ་རུ་ལུས་རྩལ་སྒྲིག་ཆས་ཁེ་ལས་ཤིག་གི་བཟོ་པ་རྣམས་ཀྱིས་ལས་དུས་སྣོན་ནས་ཧོ་ལན་ལ་འདྲེན་པའི་དར་གྲི་རྩེ་གྲ་ལས་བཞིན་ཡོད་པ་རེད། རྒྱུ་ཆ་གསར་པ་དང་ལག་རྩལ་གསར་པ་བེད་སྤྱད་པས་ཁེ་ལས་རྒྱལ་སྤྱིའི་ཆེད་ལས་འགྲན་བསྡུར་གྱི་མྱུར་ཤུད་དར་གྲིའི་ཁྲོམ་རའི་ཐོག་སྐྱོད་ཐུབ་ཡོད་པ་བྱེད་པ་རེད།

  དེ་རིང་། ཟུར་སྣོན་རིན་ཐང་མཐོ་བའི་ཀྲུང་གོའི་བཟོ་སྐྲུན་དེ་ཕྱི་རྒྱལ་ལ་བྲིན་བའི་རྒྱལ་ཟོང་དུ་གྱུར་ཡོད་ལ། ཀྲུང་གོའི་ཕྱི་ཚོང་ཁེ་ལས་ཀྱིས་ཀྱང་རྒྱུན་མཐུད་ཐུབ་པའི་འབད་བརྩོན་རྣམ་པ་ལ་བརྟེན་ནས་ཚོང་ར་རྒྱ་བསྐྱེད་དང་མངགས་ཐོ་ཇེ་མང་གཏོང་བཞིན་ཡོད།

  ཀྲེ་ཅང་ཧྲའོ་ཞིང་དུ། གྱོན་གོས་ཁེ་ལས་ཀྱི་འགན་ཁུར་པ་ཞིག་གིས་ཕྱི་རྒྱལ་ཚོང་འགྲུལ་ཞིག་ལ་རྒྱང་བརྟེན་བྱས་ནས་མངགས་ཐོ་སྐོར་གསར་པ་ཞིག་ཞིབ་ཕྲ་ལས་བཞིན་ཡོད། སྔོན་མ་ཡིན་ན། ཁེ་ལས་ཕྱིར་གཏོང་ནུབ་གོས་དེ་གཙོ་བོ་འབོར་ཚད་ལ་བརྟེན་དགོས། དེང་སང་། ཁེ་ལས་ཀྱིས་གཞི་གྲངས་ཆེན་མོའི་སྟེགས་བུ་ཞིག་རང་བདག་ཇུས་འགོད་ཞིབ་གཏོད་བྱས་ཡོད། ཚོང་འགྲུལ་གྱིས་ལག་འཕྲིན་ལ་བརྟེན་ནས་པར་བསྟུད་མར་གསུམ་བླངས་ན། ནུབ་གོས་ཀྱི་ཁྱད་ལྡན་ཅན་གྱི་ནུབ་གོས་ཤིག་ཇུས་འགོད་ཐུབ། ཐོན་རྫས་གསར་པ་དང་ལག་རྩལ་གསར་པ། ཞབས་ཞུ་གསར་པའི་ཕྱི་གཏོང་ཇེ་མགྱོགས་གཏོང་ལ། ཉོ་ཚོང་སྒྲིག་གཞི་མུ་མཐུད་དུ་ལེགས་བསྒྱུར་བྱས་པས་ཀྲུང་གོའི་ཕྱི་ཕྱོགས་ཉོ་ཚོང་དེ་རྙོག་འཛིང་ཆེ་བའི་གནས་བབ་འོག་རྒྱུད་མཐུད་ནས་རྒྱུན་ངང་རིང་ལ་གསོན་ཤུགས་ཡོད་པ་རེད། ༢༠༢༥ལོ་ཤར་ནས་བཟུང་། སྐོར་གསར་པའི་རང་མོས་ཉོ་ཚོང་གན་རྒྱ་གོ་ཆོད་ལག་བསྟར་བྱས་ནས་བཟུང་། ཧྥུའུ་ཅན་ཞ་མན་དུ། ཀྲུང་གོ་དང་མོ་དྷེབ་སི་རང་མོས་ཉོ་ཚོང་གན་རྒྱ་གོ་ཆོད་རྗེས་ཐེངས་དང་པོའི་གཟིགས་སྐྱོང་ཐོན་ཁུངས་ཀྱི་དཔང་ཡིག་སྤྲད་པ་རེད། དཔང་ཡིག་ཐོབ་པའི་ཁེ་ལས་ལ་མོ་དྷེབ་སི་ལ་ཕྱིར་གཏོང་བྱེད་པའི་ཐོན་རྫས་ལ་སྒོ་ཁྲལ་མི་དགོས་བ་རེད། མིག་སྔར་རང་རྒྱལ་གྱིས་རྒྱལ་ཁབ་དང་ས་ཁུལ་སུམ་ཅུ་དང་རང་མོས་ཉོ་ཚོང་གྲོས་ཆོད་ཉེར་གསུམ་བཞག་ཡོད། འཛམ་གླིང་ཡོངས་ལ་ཕྱོགས་པའི་ཚད་གཞི་མཐོ་བའི་རང་མོས་ཉོ་ཚོང་ཁུལ་རྒྱ་སྐྱེད་པ་དང་། ཉོ་ཚོང་འཁོར་རྒྱུག་སྔར་ལས་ཐོགས་པར་མེད་འགྲོ་བཞིན་ཡོད།

  དཔྱིད་གསར་དུས་ཆེན་ཤར་རན་ལ། ནིའུ་ཟེ་ལན་གྱི་གྲོད་པུ་དང་། བྷེད་ནམ་གྱི་ཉ་ཧའེ་ཨེར་སོགས་ནི་ནུབ་རྒྱུད་སྐམ་མཚོ་བགྲོད་ལམ་གསར་པའི་ཐོག་ནས་འཁྱགས་ཉར་སྐྱེལ་འདྲེན་བྱེད་པ་དང་། ཀྲུང་གོ་བའི་རྒྱ་ཁོག་གི་ཟས་རིགས་སུ་ཆགས་ཡོད། ཐེ་ལན་དིའི་ཀླད་སིལ། ལ་ཝོ་སིའི་ངང་ལག་སོགས་ནི་ཀྲུང་གོ་དང་ལ་ཝོ་སིའི་ལྕགས་ལམ་བརྒྱུད་ནས་རྒྱལ་ནང་དུ་འདྲེན་པས། ཤིང་ཏོག་རིགས་ཇེ་མང་དུ་གཏོང་བཞིན་ཡོད།

  དེང་སང་ཀྲུང་གོ་ནི་རྒྱལ་ཁབ་དང་ས་ཁུལ་བརྒྱ་དང་ལྔ་བཅུ་ལྷག་གི་ཉོ་ཚོང་རོགས་ཟླ་གཙོ་བོར་ཆགས་ཤིང་། འཛམ་གླིང་ལས་བགོ་མ་ལག་ནང་གི་གྲུབ་ཆ་བརྟན་པོ་ཞིག་ཏུ་གྱུར་ཡོད། རྒྱུན་མི་ཆད་པར་ཇེ་ལེགས་སུ་ཆགས་པའི་ཀྲུང་གོའི་བཟོ་སྐྲུན་དང་། གཞི་ཁྱོན་ཆེས་ཆེ་བའི་ཀྲུང་གོའི་ཚོང་ར་ནི་ཀྲུང་གོའི་ཕྱི་ཕྱོགས་ཉོ་ཚོང་ནང་གི་སྤུས་མཐོ་འཕེལ་རྒྱས་ཀྱི་འབྱུང་ཁུངས་སུ་ཆགས་པ་དང་། འཛམ་གླིང་འཕེལ་རྒྱས་འགྲོ་བའི་གོ་སྐབས་སྔར་ལས་མང་པོ་དང་གསར་པ་འདོན་རྒྱུ་རེད།


  • 顶