༢༠༢༤ལོའི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དུས་མཉམ་ལས་བརྒྱ་ཆ་ལྔ་འཕར་འདུག

2025-01-17
341

  ཟླ་༡ཚེས་༡༧ཉིན་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་གཞི་གྲངས་ཁྱབ་བསྒྲགས་བྱས་ཤིང་། ཞིབ་རྩིས་རགས་ཙམ་བྱས་པ་ལྟར་ན་༢༠༢༤ལོའི་ཀྲུང་གོའི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་༼GDP༽སྒོར་དུང་ཕྱུར་༡༣༤འ༩༠༨༤་ལ་ཟིན་པ་དང་། གཏན་འཇགས་རིན་གོང་ལྟར་བརྩིས་ན་ལོ་སྔོན་མ་ལས་བརྒྱ་ཆ་༥འཕར་ཡོད་ལ། རྒྱལ་ཕྱིའི་གནོན་ཤུགས་ཆེ་རུ་ཕྱིན་པ་དང་ནང་ཁུལ་གྱི་དཀའ་ངལ་མང་དུ་འགྲོ་བའི་རྙོག་འཛིང་ཆེ་བའི་གནས་བབ་འོག་ཏུ་རང་རྒྱལ་གྱི་དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་པོའི་ངང་ཡར་རྒྱས་སོང་ཡོད་པ་མ་ཟད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་དང་ལས་འགན་གཙོ་བོ་བདེ་བླག་ངང་འགྲུབ་པར་ཕན་ནུས་ཆེན་པོ་ཐོན་ཡོད་པ་རེད།


ཡོང་ཁུངས། ཞིན་ཧྭ་གསར་འགྱུར་ཁང་།

རྩོམ་སྒྲིག་པ།  མཚོ་ལྷ།

ཞུ་ཆེན། པ་སངས་རྡོ་རྗེ།

གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།

ལྟ་སྐུལ་པ། འཆི་མེད་དབང་མོ།





  • 顶