༢༠༢༤ལོར། ཞི་ཅིན་ཕིང་གི་རིག་གནས་དགོངས་པའི་མཛུབ་སྟོན་འོག དྲིལ་བསྒྲགས་བསམ་བློ་རིག་གནས་ལས་རིགས་དེ་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྱོང་དང་མི་རིགས་བསྐྱར་དར་གྱི་འཐབ་ཇུས་ལ་མིག་རྒྱང་གཏད་ཅིང་། དུས་རབས་གསར་པའི་རིག་གནས་འོས་འགན་དམ་དུ་འཛིན་པ་དང་། ཀྲུང་ཧྭའི་རིག་གནས་རྒྱུན་འཛིན། རིག་གནས་དར་རྒྱས་བཏང་ཞིང་། རིན་ཐང་གཙོ་བོ་དང་གླེང་ཕྱོགས་གཙོ་བོ། རིག་གནས་གཙོ་བོ་བཅས་འཕེལ་རྒྱས་རྒྱ་བསྐྱེད་ནས། དྲིལ་བསྒྲགས་བསམ་བློ་རིག་གནས་བྱ་གཞག་ལ་རྣམ་པ་གསར་པ་གཏོད་དང་ངོ་མཚར་གསར་པ་མངོན་ཡོད།
ལོ་ངོ་སྟོང་ལྔ་ལྷག་གི་ཀྲུང་ཧྭའི་རིག་གནས་རྒྱུན་འཛིན་བྱེད་བཞིན་དར་རྒྱས་བྱུང་བའི་ཀྲུང་གོ་ཞེས་པའི་མཚན་སྙན་ཆོ་གའི་སྣོད་ཞབས་སུ་བཀོད་ཡོད་པ་དེ། ཀྲུང་ཧྭའི་བུ་དང་བུ་མོའི་སེམས་ཁོག་རུས་པའི་གཏིང་ལ་ཟུག་ཡོད། ཧྲའན་ཞི་པའོ་ཅི་ཡིས་ལི་ཆས་དངོས་མང་བཤམས་སྟོན་ཁང་དུ་གཞི་ནས་ལས་པའི་ལི་ཆས་རིག་གནས་ཞེས་པའི་འགྲེམ་སྟོན་ཁང་དུ། སྤྱི་ལོའི་ལོ་སར་ལ་ཡུལ་སྐོར་བ་མང་པོ་འཛོམས་ཡོད་ལ། ལྟད་མོ་བས་ཆོ་གའི་སྣོད་ཆས་འདུས་པའི་རིག་གནས་སྟོང་ཕྲག་བརྒྱུད་ནས། ཀྲུང་ཧྭའི་རིག་གནས་ཀྱི་འོད་སྟོང་འབར་བའི་ལོ་རྒྱུས་དང་རིག་གནས་ཉམས་ལེན་བྱེད་ཐུབ།
ཞི་ཅིན་ཕིང་གི་རིག་གནས་དགོངས་པས་མཛུབ་སྟོན་བྱས་ནས། དྲིལ་བསྒྲགས་བསམ་བློ་རིག་གནས་ལས་རིགས་ཀྱིས་ཟུང་འབྲེལ་གཉིས་རྒྱུན་འཁྱོངས་བྱེད་ཅིང་། ཁྱད་པར་དུ་ཟུང་འབྲེལ་གཉིས་པས་ཀྲུང་ཧྭའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུའི་རྒྱ་ཆེ་ཞིང་གཏིང་ཟབ་པའི་ལོ་རྒྱུས་དང་རིག་གནས་རྨང་གཞི་ལྡན་བཅུག་ཡོད། ལོ་གཅིག་གི་རིང་། དྲིལ་བསྒྲགས་བསམ་བློ་རིག་གནས་ལས་རིགས་ཀྱིས་ནུས་ཤུགས་གཅིག་ཏུ་བསྡུས་ནས་ཏང་གི་གསར་གཏོད་རིགས་གཞུང་གིས་ཏང་ཡོངས་ལ་དྲག་སྤྲས་དང་། མི་དམངས་ལ་སློབ་གསོ་གཏོང་བའི་ཆབ་སྲིད་ལས་འགན་ཐོག་མར་དམིགས་ནས། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་གི་རྩ་གནད་སོགས་རིགས་གཞུང་གྲུབ་འབྲས་གལ་ཆེན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་ཞིབ་འཇུག་དང་དྲིལ་བསྒྲགས་བཅས་རྒྱུན་ཆད་མེད་པར་གཏིང་ཇེ་ཟབ་དང་དོན་གཉེར་བྱས་ཤིང་། ཞི་ཅིན་ཕིང་གི་གདམས་ངག་ཀུན་ཕན་ཏེ་ཞི་ཅིན་ཕིང་ཐུགས་དགྱེས་པའི་གཏམ་རྒྱུད་ཅེས་པ་སོགས་བརྙན་འཕྲིན་ལེ་ཚན་དང་། དུས་སྲིད་ཟིན་ཐོ་ཕྲ་མོ་དང་དུས་སྲིད་ཡུལ་དངོས་བརྗོད་པ་སོགས་འཕྲིན་སྦྱོར་ཀུན་འདུས་ལེ་ཚན་དག་སྟེགས་བུ་མང་པོ་རུ་མཉམ་འབྲེལ་ཁྱབ་བསྒྲགས་བྱས་ནས། ཚན་རིག་གཞུང་ལམ་དང་མང་ཚོགས་བར་གྱི་འབྲེལ་ཟམ་ཞིག་བཙུགས་པ་རེད།
ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་ཕྱོགས་ཡོངས་ནས་བཅོས་བསྒྱུར་སྔར་ལས་ཟབ་སྤེལ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་བའི་རླབས་ཆེན་འཆར་འགོད་བཀོད་པ་རེད། ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས་དཔལ་འབྱོར་དྲིལ་བསྒྲགས་དང་གླེང་ཕྱོགས་ཁྲིད་སྟོན་རྒྱུན་ཆད་མེད་པར་ཇེ་དྲག་གཏོང་བ་དང་། ཡིད་རྟོན་ཆེན་པོའི་དབྱངས་རྟ་གཙོ་བོ་མཉམ་ཤུགས་ཆགས་པ་དང་། དེང་རབས་ཅན་ལ་དམིགས་ནས་བཅོས་བསྒྱུར་སྔར་ལས་ཟབ་སྤེལ་སོགས་ཚེ་ལན་རྩ་འཛུགས་བྱས་ནས། སྤུས་ཀ་མཐོ་བའི་འཕེལ་རྒྱས་རྟོག་ཞིབ་བྱེད་ཅེས་བརྗོད་བྱ་གཙོ་བོའི་བཅར་འདྲི་བྱེད་སྒོ་ཟབ་སྤེལ་བྱེད་པ་དང་། ཡུལ་དངོས་ཀྱི་ཚ་ཚ་འུར་འུར་གྱི་ལག་ལེན་ཟིན་བཀོད་བྱེད་པ་རེད། ལོ་གཅིག་རིང་། གཙོ་རྒྱུད་འཕྲིན་སྦྱོར་གྱིས་མ་ལག་རང་བཞིན་གྱི་བཅོས་བསྒྱུར་ཇེ་མགྱོགས་གཏོང་བ་དང་། ཟུང་འབྲེལ་འཕེལ་རྒྱས་འཚོལ་ཞིབ་དང་། གླེང་ཕྱོགས་ཁྲིད་སྟོན་ནུས་ལྡན་བྱས་ནས། སྤྱི་ཚོགས་ཡོངས་ཀྱི་ངོས་འཛིན་གཅིག་མཐུན་བྱེད་པ་རེད།
མི་རིགས་བསྐྱར་དར་ལ་རིན་ཐང་སྐུལ་ཁྲིད་མཁོ་འདོན་དང་། སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྱོང་ལ་སྙིང་སྟོབས་རྒྱབ་སྐྱོར་མཁོ་འདོན་བྱེད་པ། རྒྱལ་ཁབ་གཟེངས་བསྟོད་དང་། རྒྱལ་ཁབ་གཟིགས་བརྗིད་མཚན་སྙན་གནང་བ་དང་། ཁོ་རེ་ཡ་ལྷོ་མ་རུ་ཡོད་པའི་ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་གདུང་རུས་སྐོར་བཅུ་གཅིག་པ་ཕྱིར་རྒྱལ་ནང་དུ་བསུས་པ། རྒྱལ་ཡོངས་ཀུན་སྤྱོད་དཔེ་བཟང་དཔྱད་བདམས་དང་། དུས་རབས་དཔེ་བཟང་དང་། གཅེས་སུ་འོས་པའི་མི་སྣ་སོགས་ཁྱབ་བསྒྲགས་སོགས། དྲིལ་བསྒྲགས་བསམ་བློ་རིག་གནས་ལས་རིགས་ཀྱིས་རྒྱལ་གཅེས་རིང་ལུགས་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས། ཀྲུང་གོའི་སྙིང་སྟོབས་དང་ཀྲུང་གོའི་རིན་ཐང་། ཀྲུང་གོའི་སྟོབས་ཤུགས་འཛུགས་པ་རེད།
རིག་གནས་ཡིད་ཆེས་ཇེ་བརྟན་གཏོང་བ་དང་གསར་གཏོད་གསོན་ཤུགས་རྒྱས་པར་བྱེད་ཅིང་། ལོ་གཅིག་རིང་། རང་རྒྱལ་རིག་གནས་ཤུལ་བཞག་སྲུང་སྐྱོང་རྒྱུན་འཛིན་ལག་ལེན་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་དེ། པེ་ཅིན་དཀྱིལ་ཐིག་སྟེ་ཀྲུང་གོའི་ཕུགས་འདུན་གྲོང་ཁྱེར་རིམ་ལྡན་བརྩམས་ཆོས་དང་། དཔྱིད་གསར་དུས་ཆེན་ཏེ་ཀྲུང་གོ་བས་སྲོལ་རྒྱུན་ལོ་སར་རྟེན་འབྲེལ་ཞུ་བའི་སྤྱི་ཚོགས་ལག་ལེན་ཤུལ་བཞག་ཅེས་པ་དེ་གཟུགས་མེད་ཤུལ་བཞག་རིག་གནས་ནང་རེ་ཞུ་ལེགས་གྲུབ་བྱུང་། ཆའང་རིགས་ལོ་སར་སོགས་ཤུལ་བཞག་རྣམ་གྲངས་གསུམ་མིའི་རིགས་ཀྱི་གཟུགས་མེད་ཤུལ་བཞག་རིག་གནས་མཚོན་བྱེད་མིང་ཐོའི་ནང་བཞག་ཐུབ་པ། གནའ་དཔྱད་ཀྲུང་གོ་ལས་གཞི་ལ་གྲུབ་འབྲས་ཆེན་པོ་ཐོབ་ཅིང་། རྒྱུལ་ཡོངས་རིག་དངོས་ཡོངས་བཤེར་ཐེངས་བཞི་པ་རིམ་བཞིན་བདེ་ལེགས་ངང་སྤེལ་བ་དང་། རིག་དངོས་སྲུང་སྐྱོང་བཅའ་ཁྲིམས་དག་བཅོས་ལེགས་བཅོས་ལེགས་གྲུབ་བྱུང་ནས། རིག་གནས་ཤུལ་བཞག་སྲུང་སྐྱོང་བདེ་འཇགས་སྲུང་ཡོལ་བརྟན་པོ་ངང་བཙུགས་ཡོད།
གསར་འགྱུར་ལས་རིགས་ཀྱིས་ཀྲུང་གོའི་རིག་གནས་ནང་དུ་སྐྱོད་ཅེས་ཞེས་པའི་བརྗོད་དོན་དྲིལ་བསྒྲགས་ཟབ་སྤེལ་བྱས་པ་དང་། ཀྲུང་ཧྭའི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་ལ་དེང་རབས་རིན་ཐང་ལྡན་པའི་རིག་གནས་སྙིང་བཅུད་སྔོག་འདོན་བྱེད། དེ་དང་ཆབས་གཅིག་ཏུ་རྒྱལ་ཁབ་སྲོལ་དང་རྒྱལ་ཁབ་དར་སྲོལ་སོགས་སྲོལ་རྒྱུན་རིག་གནས་གསར་གཏོད་བྱེད་པའི་ཐད་ནས་འཕེལ་རྒྱས་ཆེན་པོ་བྱུང་བ་དང་། ཨང་ཀིའི་རིག་གནས་དངོས་མང་བཤམས་སྟོན་ཁང་དུ་མི་རྣམས་ཀྱིས་ཀྲུང་ཧྭའི་རིག་གནས་ཕུགས་ཡུན་རིང་པོ་དང་། ནང་དོན་གཏིང་ཟབ་མོ་ལ་མྱོང་ཚོར་བྱེད། ཀྲུང་ཧྭའི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་ནི་གསར་གཏོད་ཅན་དུ་ལུགས་བསྒྱུར་དང་གསར་གཏོད་ཅན་འཕེལ་རྒྱས་ཁྲོད་ནས་གསོན་ཤུགས་དང་གསར་གཏོད་ནུས་པ། སྐད་གྲགས་བཅས་ངོ་མཚར་མངོན་ཡོད་པ་རེད།
གར་སྟེགས་སུ་དུས་རབས་ཀྱི་དར་སྲོལ་མངོན་པའི་རིག་གནས་སྤུས་ལེགས་བརྩམས་ཆོས་རྒྱུན་མི་ཆད་པར་བྱུང་། འཆར་ཤེལ་དུ་དངོས་ཡོད་དང་ཟུང་དུ་འབྲེལ་བའི་གློག་བརྙན་བརྙན་འཕྲིན་ཟློས་གར་ལ་བརྩེ་བ་ཟབ་མོ་བཅངས། གློག་བརྙན་ཁང་དུ་རིགས་སྣ་ཕུན་སུམ་ཚོགས་པའི་ཀྲུང་གོའི་གློག་བརྙན་བཏང་པས་གློག་བརྙན་ལྟ་མཁན་གྱི་དགོས་མཁོ་མི་འདྲ་བ་བསྐོང་། རྒྱལ་ཡོངས་གློག་བརྙན་དམངས་ཕན་འཛད་སྤྱོད་དུས་ཚིགས་ཀྱིས་རྒྱལ་ཡོངས་གཟིགས་མོ་བ་རྣམས་ལ་ཕན་ཐོགས་ཤིང་། ཀྲུང་གོའི་དྲྭ་བའི་རིག་གནས་ཚོགས་ཆེན་དང་། འཛམ་གླིང་འབྲེལ་དྲྭའི་ཚོགས་ཆེན་གྱི་ཝུའུ་ཀྲན་རྩེ་འཛོམས་གྲོས་ཚོགས། དེ་ནས་འབྲེལ་དྲྭ་གཙང་སེལ་བྱ་སྤྱོད་སྤེལ་བའི་བར་ཀྲུང་གོ་བའི་དྲྭ་བའི་བསམ་པའི་ཁྱིམ་གཞིས་ཉིན་རེ་བཞིན་གཙང་མར་ཆགས་ཡོད།
ལོ་གཅིག་གི་ནང་དུ་དྲིལ་བསྒྲགས་བསམ་བློ་རིག་གནས་འཐབ་ཕྱོགས་ཀྱིས་རིག་གནས་གསར་གཏོད་དང་ཕྱི་རོལ་ཡུལ་སྐོར་གཉིས་ཀ་འཕེལ་རྒྱས་ཆེན་པོ་བཏང་། རེ་འདུན་དང་ཡུལ་སྐོར་གཉིས་ནས་ངོ་མཚར་བསྐྲུན་ཡོད་དེ། གཞི་གྲངས་ལྟར་ན་༢༠༢༤ལོའི་སྔོན་གྱི་དུས་ཚིགས་གསུམ་ནང་རྒྱལ་ནང་ཡུལ་སྐོར་མི་ཐེངས་དུང་ཕྱུར་ཞེ་གཉིས་དང་བྱེ་བ་གསུམ་ས་ཡ་བདུན་ཡོད་པས་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་བཅོ་ལྔ་ཚེག་གསུམ་འཕར་ཞིང་། ༢༠༢༤ལོའི་ཟླ་བ་དང་པོ་ནས་ཟླ་བ་བཅུ་གཅིག་པའི་བར་དུ་ཕྱི་རྒྱལ་བ་མི་ཐེངས་བྱེ་བ་གཉིས་ས་ཡ་དགུ་འབུམ་གཉིས་ཁྲི་གཅིག་སྟོང་བརྒྱད་ཙམ་ཀྲུང་གོ་རུ་ཡོང་བས་ཀྲུང་གོའི་ཡུལ་སྐོར་གྲགས་སྙན་འཛམ་གླིང་ཡོངས་ལ་ཁྱབ།
ལོ་གཅིག་གི་རིང་ལ་འཛམ་གླིང་དཔལ་ཡོན་གྲོས་འགོ་ལ་དགའ་བསུ་སྔར་ལས་ཆེན་པོ་ཐོབ། སྐད་རིགས་མང་པོ་ལས་དཔར་སྐྲུན་བྱས་པའི་ཞི་ཅིན་ཕིང་གིས་རྒྱལ་སྐྱོང་སྲིད་འཛིན་གླེང་བ་ཞེས་པ་ལ་འཛམ་གླིང་ལ་ཡོངས་ཀྱི་དཔྱད་བརྗོད་ཡག་མོ་ཐོབ། ཀྲུང་གོའི་ཐང་རྒྱལ་རབས་ཏེ་སྣེ་མང་སྒོ་འབྱེད་ཀྱི་རྒྱལ་རབས། དུས་རབས་བདུན་པ་ནས་དུས་རབས་བཅུ་པའི་འགྲེམ་སྟོན་དེ་ཧྥ་རན་སི་རུ་འགོ་བརྩམས། འཛམ་གླིང་གནའ་གཞུང་རིག་པ་ཚོགས་ཆེན་སྐབས་དང་པོའི་ཐོག་ཕྱོགས་བཞིའི་སྐུ་མགྲོན་འཛོམས་ཏེ། ཤེས་དཔལ་སྤེལ་རེས་དང་དཔེ་སྟོན་གྱི་འོད་སྣང་རབ་ཏུ་རྒྱས།འཛམ་གླིང་འཕྲིན་སྦྱོར་གསར་གཏོད་གླེང་སྟེགས། འཛམ་གླིང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་རིག་མཛོད་གླེང་སྟེགས་སོགས་བདེ་བླག་ངང་སྤེལ་ནས། འཛམ་གླིང་མཉམ་དུ་འཕེལ་རྒྱས་གཏོང་བ་དང་ མིའི་རིགས་ཀྱི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་པར་འཕྲིན་སྦྱོར་གྱི་སྟོབས་ཤུགས་ཕུལ་ཡོད།
ལོ་ཟླའི་ཆུ་རྒྱུན་ལ་འགྱུར་ལྡོག་ཡོད་ཀྱང་འགྱུར་དུ་མེད་པ་དེ་འབད་བརྩོན་མཁན་གྱི་ངོ་མཚར་རྣམ་པ་རེད། བྱ་དངོས་མཐའ་དག་འགྱུར་བ་མང་ཡང་་མདུན་སྐྱོད་པའི་གོམ་སྟབས་གསལ་ཞིང་བརྟན་པོ་རེད། ༢༠༢༥ལོའི་འགོ་ཚུགས་ཡོལ་བ་འདི་ནས་འཐེན་ཞིང་།ཞི་ཅིན་ཕིང་རིག་གནས་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་སྟོན་འོག རིག་གནས་ལམ་ལུགས་ནང་རྐྱེན་བཅོས་བསྒྱུར་ཇེ་ཟབ་ཏུ་ཕྱིན་པ་དང་། བསམ་བློ་རིག་གནས་དྲིལ་བསྒྲགས་ལས་རིགས་སུ་རིག་གནས་ཀྱི་གདེང་ཚོད་བརྟན་པོ་རྒྱུན་འཁྱོངས་པ་དང་། སྒོ་འབྱེད་ཁོག་ཡངས་རྒྱུན་འཁྱོངས་པ། དྲང་སྲུང་གསར་གཏོད་རྒྱུན་འཁྱོངས་བཅས་བྱེད་དེ་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་ཞུམ་མེད་མདུན་དུ་སྐྱོད།
འཕྲིན་སྟེགས། weikangba