༼ཁ་བཏགས་དཀར་པོ༽བཏོན་ནས་ལོ་བཅུ་འཁོར་བའི་བཞུགས་མོལ་ཚོགས་འདུ་འཚོཊ།

2024-12-30
461

图片  ཟླ་བ་བཅུ་གཉིས་པའི་ཚེས་ཉེར་དགུ་ཉིན། ༼ཁ་བཏགས་དཀར་པོ༽དུས་དེབ་བཏོན་ནས་ལོ་བཅུ་འཁོར་བའི་བཞུགས་མོལ་ཚོགས་འདུ་ཁྲེང་ཏུའུ་ནས་འཚོགས། རྒྱལ་ཡོངས་ཀྱི་ས་ཆ་ཁག་ནས་ཕེབས་པའི་བོད་ཀྱི་ཆེད་མཁས་པ་དང་། འཕྲིན་སྦྱོར་ལས་རིགས་ཀྱི་མི་སྣ་བཞི་བཅུ་ལྷག་གདན་གཅིག་ཏུ་འཛོམས་ནས། དུས་དེབ་འདིའི་འདས་ཟིན་པར་ཕྱོགས་བསྡོམས་དང་ད་ལྟའི་གནས་བབ་ལ་དཔྱད་དཔོག མ་འོངས་འཕེལ་རྒྱས་ཀྱི་ལམ་བུར་བཞུགས་མོལ་བཅས་གནང་བ་རེད།图片  ༼ཁ་བཏགས་དཀར་པོ༽དུས་དེབ་ནི་༢༠༡༤ལོའི་ཟླ་བཅུ་པར། སི་ཁྲོན་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་བླང་བྱ་གཞིར་བཟུང་ནས་སྒྲུབ་པའི་སྣ་འཛོམས་རང་བཞིན་གྱི་དུས་དེབ་ཅིག་ཡིན་ལ། སྔ་རྗེས་སུ་ཀྲུང་གོའི་ཆེས་མཛེས་པའི་དུས་དེབ་དང་སི་ཁྲོན་གྱི་ཟོང་རྟགས་དུས་དེབ་ཏུ་བདམས་མྱོང་ཞིང་། ༢༠༡༩ལོའི་པེ་ཅིན་རྒྱལ་སྤྱིའི་དཔེ་དེབ་སྟོན་ཚོགས་ཐོག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ་བདུན་ཅུ་འཁོར་བའི་སྤུས་ལེགས་དུས་དེབ་འགྲེམ་སྟོན་ནང་ལ་ཡང་ཚུད་པ་རེད། ༢༠༡༤ལོ་ནས་ད་ལྟའི་བར་ཟམ་མ་ཆད་པར་སྐྲུན་འགྲེམས་སྤེལ་བྱས་པས། མིག་སྔར་འདོན་ཐེངས་ལྔ་བཅུར་ཟིན་ཡོད། 图片图片图片

  ༼ཁ་བཏགས་དཀར་པོ༽དུས་དེབ་རྩོམ་སྒྲིག་ཁང་གིས་མི་རིགས་རིག་གནས་དར་སྤེལ་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པའི་རྩ་དོན་གཞིར་བཟུང་ནས། དུས་དེབ་ཀྱི་ནང་དོན་དང་ཚོན་མདོག་པར་གཞི་སྒྲིག་སྟངས་སོགས་ཀྱི་ཐད་ནས་བསམ་གཞིགས་གང་ལེགས་དང་འབད་པ་ཆེན་པོ་བྱས་ཏེ། མི་རིགས་ཀྱི་ཆོས་ལུགས་སྲིད་ཇུས་དང་བོད་འབྲེལ་ས་ཁུལ་གྱི་དམངས་སྲོལ་རིག་གནས། ཚན་རྩལ་དང་ཁྲིམས་ལུགས། བོད་རིག་པའི་ཞིབ་འཇུག་གྲུབ་འབྲས་སོགས་ནང་དོན་ཕུན་སུམ་ཚོགས་པ་རྒྱ་ཆེའི་ཀློག་པ་པོའི་སྤྱན་ལམ་དུ་ཕུལ་ཞིང་། རྗོད་བྱེད་ཡི་གེའི་ཆ་ནས་ཀྱང་བོད་རྒྱ་ཤན་སྦྱར་བྱས་ཏེ་མི་རིགས་སོ་སོའི་ཀློག་པ་པོའི་དགོས་མཁོ་བསྐོང་གང་ཐུབ་བྱས་པས། མིག་སྔར་དུས་དེབ་འདི་ལ་སི་ཁྲོན་དཀར་མཛེས་ཁུལ་དང་རྔ་བ་ཁུལ། ལིའང་ཧྲན་མུ་ལི་རྫོང་སོགས་གཙོར་བྱས་པའི་བོད་འབྲེལ་ས་ཁུལ་ཁག་ཏུ་ཀློག་པ་པོའི་དགའ་བསུ་ཆེན་པོ་ཐོབ་བཞིན་ཡོད།图片图片图片图片图片图片图片图片  ཚོགས་ཞུགས་མི་སྣ་དག་གིས༼ཁ་བཏགས་དཀར་པོ༽བཏོན་ནས་ལོ་བཅུ་ལོན་པར་རྟེན་འབྲེལ་ཞུས་ཤིང་།  དུས་དེབ་འདིས་ཏང་གི་མི་རིགས་སྲིད་ཇུས་དང་ཁྱད་ལྡན་རིག་གནས་དྲིལ་བསྒྲགས་ཐད་ཀྱི་གྲུབ་འབྲས་ལ་གདེང་འཇོག་གནང་བར་མ་ཟད། དུས་དེབ་ཀྱིས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་སྒོས་སུ་བོད་ཀྱི་རིག་གནས་དར་སྤེལ་གཏོང་བ། དུས་རབས་གསར་པའི་བརྗོད་དོན་ཕྱོགས་བཅུར་སྒྲོག་པ་སོགས་ལ་རེ་བས་ཁེངས་ཡོད་ཅེས་བཤད་པ་རེད། 图片

ཁ་བཏགས་དཀར་པོ་དུས་དེབ་བཏོན་ནས་ལོ་བཅུ་འཁོར་བར་ཀྲུང་གོའི་དུས་དེབ་མཐུན་ཚོགས་ཀྱིས་ཤིས་འཕྲིན་སྤྲིངས་ཡོད་པ་རེད།图片


རྩོམ་སྒྲིག་པ།  ལྷ་མོ་བཀྲ་ཤིས།

ཞུ་ཆེན། པ་སངས་རྡོ་རྗེ།

གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།

ལྟ་སྐུལ་པ། བཀྲ་ཤིས་ཉི་མ།


  • 顶