
ཁོ་རེ་ཡ་བྱང་མའི་ཀྲུང་དབྱང་གསར་འགྱུར་ཁང་གིས། ཟླ་བཅུ་གཉིས་པའི་ཚེས་ཉེར་བདུན་ཉིན་གསར་འགྱུར་སྤེལ་བ་ལྟར་ན། ཚེས་ཉེར་བདུན་ཉིན་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིན་གྱིས་ཁོ་རེ་ཡ་བྱང་མའི་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་དོན་ཨུ་ཡོན་ཅིན་ཀྲེང་ཨེན་ལ་ལོ་གསར་གྱི་འཚམས་འདྲི་བྱས་པ་དང་འབྲེལ། ད་ལོའི་ཟླ་དྲུག་པར་ཁོང་དང་ཅིན་ཀྲེང་ཨེན་གཉིས་ཕོང་དབྱང་དུ་ཐུག་འཕྲད་བྱས་པ་དེས། ཨུ་རུ་སུ་དང་ཁོ་རེ་ཡ་བྱང་མའི་འབྲེལ་བ་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད་ལ། གྲོས་མོལ་གྱི་འབྲས་བུ་གཞིར་བཟུང་ནས་མིང་རྟགས་བཀོད་པའི་ཨུ་རུ་སུ་དང་ཁོ་རེ་ཡ་བྱང་མའི་བར་གྱི《ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ཆིངས་ཡིག》འདི་ཡིས་རྩ་བའི་ཆ་ནས་ཨུ་རུ་སུ་དང་ཁོ་རེ་ཡ་བྱང་མའི་ཁྱབ་ཁོངས་གཙོ་བོ་ཚང་མར་གཉིས་ཕན་མཉམ་རྒྱལ་གྱི་མཉམ་ལས་རྒྱ་ཆེར་གཏོང་རྒྱུར་ཆ་རྐྱེན་བསྐྲུན་ཡོད། སླེབས་ཉེར་ཡོད་པའི་༢༠༢༥ལོར། ཨུ་རུ་སུ་དང་ཁོ་རེ་ཡ་བྱང་མས་ལོ་རྒྱུས་རང་བཞིན་གྱི་ཆིངས་ཡིག་དེ་ལག་བསྟར་དམ་ཟབ་བྱས་ཏེ། དེང་སྐབས་དུས་རབས་ཀྱི་འཇིགས་སྐུལ་དང་འགྲན་སློང་ལ་སྔར་བས་གཅིག་གྱུར་གྱིས་ཁ་གཏད་འཇལ་བར་ཡིད་ཆེས་ཡོད་ཅེས་བཤད་པ་རེད།
ཡོང་ཁུངས། ཀྲུང་གོའི་གསར་འགྱུར་ཁང་།
རྩོམ་སྒྲིག་པ། ལྷ་མོ་བཀྲ་ཤིས།
ཞུ་ཆེན། པ་སངས་རྡོ་རྗེ།
གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།
ལྟ་སྐུལ་པ། བཀྲ་ཤིས་ཉི་མ།
འཕྲིན་སྟེགས། weikangba