ཀྲུང་དབྱང་དམག་ཨུས་དམག་དཔོན་གྱི་གོ་གནས་སྤར་བའི་མཛད་སྒོ་སྤེལ།

2024-12-24
323

   ཚེས་23ཉིན་ཀྲུང་དབྱང་དམག་ཨུས་ཧྲང་ཅང་དམག་དཔོན་གྱི་གོ་གནས་སྤར་བའི་མཛད་སྒོ་པེ་ཅིན་བརྒྱད་གཅིག་ཐོག་ཁང་ཆེན་མོ་རུ་སྤེལ་བ་རེད། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གོ་གནས་སྤར་བའི་མཛད་སྒོའི་ནང་ཞུགས་པ་རེད།

  སྔ་དྲོའི་ཆུ་ཚོད་བཅུ་པའི་ཐོག གོ་གནས་སྤར་བའི་མཛད་སྒོ་དེ་གཟི་བརྗིད་ལྡན་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་དང་འགྲོགས་ནས་འགོ་བརྩམས། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་གཞོན་པ་ཀྲང་ཡིའུ་ཞྭ་ཡིས་ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིང་རྟགས་བཀོད་པའི་ཧྲང་ཅང་དམག་དཔོན་གྱི་གོ་གནས་སྤར་བའི་བཀའ་རྒྱ་སྒྲོག་འགྲེལ་བྱས། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་གཞོན་པ་ཧོ་ཝེ་ཏུང་གིས་གོ་གནས་སྤར་བའི་མཛད་སྒོ་གཙོ་སྐྱོང་གནང་།

  ཞི་ཅིན་ཕིང་གིས་ཧྲང་ཅང་དམག་དཔོན་གྱི་གོ་གནས་སྤར་བའི་སྐམ་དམག་གི་ཆབ་སྲིད་ཨུ་ཡོན་ཁྲེན་ཧེའུ་ལ་བཀའ་རྒྱའི་གཟེངས་རྟགས་གནང་ཞིང་། ཁོ་ལ་བཀྲ་ཤིས་རྟེན་འབྲེལ་ཞུས་པ་རེད། ཧྲང་ཅང་དམག་དཔོན་གྱི་གོ་རྟགས་ཐོབ་པའི་ཁྲེན་ཧེའུ་ཡིས་ཞི་ཅིན་ཕིང་ལ་གུས་འདུད་ཞུས་པར་མ་ཟད། མཛད་སྒོའི་ནང་ཞུགས་པའི་བློ་མཐུན་ཡོངས་ལ་གུས་འདུད་ཞུས་པ་ན་ཡུལ་དངོས་སུ་དགའ་བསུའི་ཐལ་སྒྲས་ཁེངས་པ་རེད།

  གོ་རྟགས་སྤར་བའི་མཛད་སྒོ་དེ་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་གླུ་དང་འགྲོགས་ནས་མཇུག་བསྡུས། ཀྲུང་དབྱང་དམག་ཨུའི་ཨུ་ཡོན་ལིའུ་ཀྲེན་ལི་དང་ཀྲང་ཧྲེན་མིང་། དམག་ཨུའི་ལས་ཁུངས་ཀྱི་སྡེ་ཁག་སོ་སོ། དམག་དཔུང་གི་པེ་ཅིན་དུ་སྡོད་པའི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་སོགས་གོ་རྟགས་སྤར་བའི་མཛད་སྒོའི་ནང་ཞུགས་པ་རེད།


ཡོང་ཁུངས།  ཀྲུང་དབྱང་གསར་འགྱུར།

རྩོམ་སྒྲིག་པ།  མཚོ་ལྷ།

ཞུ་ཆེན། པ་སངས་རྡོ་རྗེ།

གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།

ལྟ་སྐུལ་པ། འཆི་མེད་དབང་མོ།


  • 顶