མ་ར་སོན་འགྲན་རྒྱུག་འདི་ལྷ་སར་སྤེལ་འདུག

2024-08-20
449

  འདི་ནིཟླ་8ཚེས་17ཉིན། ལམ་ཕྱེད་མ་ར་སོན་འགྲན་རྒྱུག་བུད་མེད་ཚོགས་ཆུང་གི་ཨང་དང་པོ་བསྟན་འཛིན་ཆོས་སྒྲོན(གཡས་ཀྱི་གཉིས་པ)དང་། ཨང་གཉིས་པ་བཀྲ་ཤིས་ཚེ་མཚོ(གཡོན་གྱི་དང་པོ) ཨང་གསུམ་པ་གཡང་འཛིན་ལྷ་མོ(གཡས་ཀྱི་དང་པོ)བཅས་ཀྱིས་བྱ་དགའ་ལེན་བཞིན་པ།

འདི་ནི་ཟླ་8ཚེས་17ཉིན། འགྲན་བསྡུར་བྱེད་སྐབས་ཕོ་བྲང་པོ་ཏ་ལའི་མདུན་དུ་འགྲན་ཞུགས་པས་དྲན་རྟེན་པར་རྒྱག་བཞིན་པ།

འདི་ནི་ཟླ་8ཚེས་17ཉིན། རྒྱུག་འགོ་འཛུཊ་ས་ནས་རྒྱུག་བཞིན་པའི་འགྲན་ཞུཊ་པ་ཡིན་པ།

ཟླ་8ཚེས་17ཉིན། 2024ལོའི་ལྷ་སའི་ལམ་ཕྱེད་མ་ར་སོན་འགྲན་རྒྱུག་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་དུ་འགོ་ཚུགས་པ་དང་། དེ་ནི་རྒྱལ་ནང་དུ་ས་བབ་མཐོ་ཤོས་ཀྱི་ལམ་ཕྱེད་མ་ར་སོན་འགྲན་རྒྱུག་ཞིག་རེད། འགྲན་བསྡུར་ལ་ལམ་ཕྱེད་མ་ར་སོན་འགྲན་རྒྱུག(སྤྱི་ལེ་21.0975)དང་། རྒྱུག་འགྲན(སྤྱི་ལེ་10) བདེ་ཐང་རྒྱུག་ཤར(སྤྱི་ལེ་5)བཅས་བཀོད་སྒྲིག་བྱས་ཡོད་པར་ཁྱོན་རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་འགྲན་ཞུགས་པ་5000ཙམ་གྱིས་མིང་ཐོ་བཀོད་ཡོད་པ་རེད།


  • 顶