
ཇི་ལྟར་བྱས་ན་ད་གཟོད་མདོག་དང་དྲི་ཞིམ་ལྡན་པའི་ཟ་མ་གཡོས་སྦྱོར་བྱེད་ཐུབ། ཐོག་མར་ང་ཚོས་དྲི་ངན་དང་བྲོ་རྫས་འདོར་ཤེས་དགོས། ཟླ་6པའི་ཚེས་4ཉིན། སི་ཁྲོན་བཟོ་སྐྲུན་ལས་རིགས་ལག་རྩལ་སློབ་ཆེན་གྱི་ཇ་མ་ཚོས་ཆོས་རྗེ་ཡུལ་ཚོའི་སྲིད་
གཞུང་གི་ཟ་ཁང་དུ་གསོ་སྦྱོང་ནང་ཞུགས་མཁན་ཡུལ་ཚོ་དང་གྲོང་རྡལ་གྱི་བཟའ་བཏུང་ལས་གཉེར་པ་དང་ཇ་མ་རྣམས་ལ་གཡོས་སྦྱོར་གྱི་ཐབས་རྩལ་དང་དྲོད་ཚད་ཚོད་འཛིན་བྱ་ཐབས་སོགས་འགྲེལ་བཤད་བྱས་ཏེ། ཐུན་མོང་མ་ཡིན་པའི་ཟ་མ་གཡོས་སྐྱོར་གྱི་གསོ་སྦྱོང་སྤེལ།
གསོ་སྦྱོང་བྱེད་རིང་ཆེད་ལས་ཇ་མ་རྣམས་ཀྱིས་ཚལ་རིགས་གྲ་སྒྲིག་བྱེད་ཞོར་བཟའ་བཅའི་རྒྱུ་ཆ། ཐབ་ཆས་དང་བྲོ་རྫས། ཚལ་རིགས། ཚལ་བཙབ་པ་དང་གཡོས་སྦྱོར་བྱེད་པའི་བརྒྱུད་རིམ་གསལ་འགྲེལ་བྱས། སྦྱོང་བརྡར་ནང་ཞུགས་མཁན་སློབ་མ་ཚོས་འགྲེལ་བཤད་ལ་ཉན་ཞོར་བརྙན་ཕབ། ད་དུང་དགེ་རྒན་དང་འབྲེལ་འདྲིས་བྱས་ཏེ་ཡུལ་དངོས་ནས་བཀོལ་སྤྱོད་བྱས། ཚང་མས་ད་ཐེངས་ཀྱི་སྦྱོང་བརྡར་ཁྲོད་གཡོས་སྦྱོར་ནུས་རྩལ་སྦྱོང་ཐུབ་པ་མ་ཟད། རྗེས་སོའི་ལས་རིགས་ནུས་རྩལ་མཐོར་འདེགས་ཀྱི་ལམ་བུར་སྤྲོ་སེམས་གསར་པ་འཕེལ་དུ་བཅུག་ཅེས་བཤད།

དུས་མཉམ། ཆོས་རྗེས་ཡུལ་ཚོའི་ཟས་རིགས་གཡོ་སྦྱོར་ལ་དགའ་མི། དགོས་མོ། ང་རང་དུས་རྒྱུན་ཟས་རིགས་གཡོས་སྦྱོར་ཐད་ལ་དགའ་བོ་ཡོད། འོན་ཀྱང་གཡོས་སྦྱོར་གྱི་ནུས་རྩལ་དེ་འདྲ་བཟང་རྒྱུ་མེད། ཐེངས་འདིའི་གསོ་སྦྱོང་བརྒྱུད་ང་རང་གི་གཡོས་སྦྱོར་ནུས་རྩལ་ཇེ་མཐོར་གཏོང་བའི་རེ་བ་ཡོད། མཇུག་མཐར་ཐེངས་འདིའི་དགེ་རྒན་རྣམ་པའི་ཁྲིན་སྟོན་བྱས་པར་སྙིང་ཐག་པ་བཀའ་དྲིན་ཆེ་ཞུ། ང་ཚོ་གསོ་སྦྱོང་ལ་ཞུགས་ནས་ཐོབ་བྱ་མང་པོ་འདུག
རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་གསོ་སྦྱོང་བྱེད་སྒོ་ནི་སི་ཁྲོན་བཟོ་སྐྲུན་ལས་རིགས་ལག་རྩལ་སློབ་ཆེན་གྱི་2024ལོའི་རོགས་སྐྱོར་ལས་དོན་ཁྲོད་ཀྱི་རྣམ་གྲངས་ཤིག་ཡིན་པ་དང་། འགྲིམ་འགྲུལ་སྟབས་བདེ་དང་ཡུལ་སྐོར་སྒྲིག་བཀོད་འཐུས་ཚང་དུ་ཕྱིན་རྗེས། སྡེ་མི་རྣམས་ཀྱི་ཡུལ་སྐོར་ལས་དོན་ལེགས་པོ་སྤེལ་འདོད་ཀྱི་འདུན་པ་སྐོང་ཆེད། རོགས་སྐྱོར་ཕྱོགས་ཀྱིས་ས་གནས་མི་སེར་གྱི་ཡུལ་སྐོར་ཞབས་ཞུའི་རྩལ་ནུས་དང་ཞབས་ཞུའི་རྩལ་ནུས་པ་ཆེ་རུ་བཏང་ནས། བཟའ་བཏུང་ལས་གཉེར་པ་དང་ཟས་རིགས་གཡོས་སྦྱོར་ལ་དགའ་པོ་ཡོད་མཁན་མང་པོ་ཞིག་ལ་སྦྱངས་པར་འབྲས་བཟང་སྨིན་པར་བྱས་ཏེ། མི་སེར་ལ་ཡུལ་སྐོར་ལས་རིགས་ལས་ཡོང་འབབ་འཕར་སྣོན་ཡོང་བར་རྨང་གཞི་བཏིངས།
ཐེངས་འདིའི་རོགས་སྐྱོར་ལས་དོན་ནང་ད་དུང་ཏང་གི་སློབ་ཚན་སློབ་ཁྲིད་དང་འོས་འགན་སྨན་བཅོས། ཁྱིམ་ཚང་དུ་འཚམས་འདྲི་སོགས་ཀྱི་བྱེད་སྒོ་བཀོད་སྒྲིག་བྱས་ཡོད།
དུས་མཉམ། སི་ཁྲོན་བཟོ་སྐྲུན་ལས་རིགས་ལག་རྩལ་སློབ་ཆེན་གྱི་སློབ་མའི་ཞབས་ཞུའི་ཏང་ཨུའི་དགེ་རྒན། རེན་ཁྲོན་ཧེ།
ད་ཐེངས་ང་ཚོའི་སི་ཁྲོན་བཟོ་སྐྲུན་ལས་རིགས་ལག་རྩལ་སློབ་ཆེན་གྱི་སློབ་གྲྭའི་ཏང་ཨུ་ཆོས་རྗེས་ཡུལ་ཚོར་བསྐྱོད་ནས་གྲོང་གསེབ་དར་སྤེལ་གྱི་རོགས་སྐྱོར་ལས་དོན་ཉིན་ལྔ་ལ་སྤེལ། ང་ཚོ་སི་ཁྲོན་ལས་རིགས་ལག་རྩལ་སློབ་ཆེན་གྱི་ཁ་གཏད་རོགས་སྐྱོར་སྡེ་བ་ (དམར་ཚང་སྡེ་བ། རྒྱལ་རྗེས་སྡེ་བ། བྱང་རྩེ་སྟོད་པ་སྡེ་བ།)གསུམ་ལ་དམིགས་པ་ཡིན། བྱང་རྩེ་སྟོད་པ་སྡེ་བ་ནི་ད་ལོ་གསར་དུ་བསྣན་པའི་སྡེ་བ་ཡིན། ལོ་ངོ་གཉིས་ཀྱི་འོས་འགན་སྨན་བཅོས་བརྒྱུད། དམར་ཚང་སྡེ་བ་དང་རྒྱལ་རྗེས་སྡེ་བ་གཉིས་ཀྱི་རྒན་པར་རྨང་གཞིའི་ནད་ཅུང་མང་པོ་ཤེས། ད་ཐེངས་འོས་འགན་སྨན་བཅོས་ལས་སྒོ་སྤེལ། དེ་མིན་ད་དུང་གྲོང་སྡེའི་ཕྱིའི་རྣམ་པ་དང་གད་སྙིགས་རིགས་དབྱེ། བདེ་འཇགས་ངང་གློག་སྤྱོད་པ་དང་ཆུའི་ཐོན་ཁུངས་སྲུང་སྐྱོང་། ཏང་འཛུགས་བགྲོ་གླེང་། འཛད་སྤྱོད་རོགས་སྐྱོར་སོགས་ས་གནས་འདིའི་ཁྱད་ཆོས་ཅན་གྱི་ཐོན་རྫས་ཉོ་སྒྲབ་སོགས་བྱས་ནས། ས་གནས་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཐད་རོགས་སྐྱོར་བྱ་རྒྱུ་ཡིན།

2018ལོར་སི་ཁྲོན་བཟོ་སྐྲུན་ལས་རིགས་ལག་རྩལ་སློབ་ཆེན་གྱིས་ཆོས་རྗེས་ཡུལ་ཚོར་རོགས་སྐྱོར་ལས་དོན་སྤེལ་བ་ནས་བཟུང་། ས་གནས་འཕེལ་རྒྱས་ཀྱི་དོན་དངོས་དང་དམངས་འཚོའི་ལས་དོན་གྱི་དགོས་མཁོ་ལྟར། ལོ་དྲུག་གི་རིང་ལ་བརྟག་ཞིབ་དང་སྡེ་སྡོད་ལས་བྱེད་པ་མངགས་གཏོང་བྱས་པ་བརྒྱུད། ཏང་འཛུགས་སྐྱོང་གི་རོགས་སྐྱོར་དང་ཐོན་ལས་རོགས་སྐྱོར། སློབ་གསོ་རོགས་སྐྱོར། བདེ་ཐང་རོགས་སྐྱོར་སོགས་ཁྱབ་ཁོངས་མང་པོའི་ཞན་ཆ་ནས་འགོ་བརྩམས་ཏེ། མཛེས་པའི་གྲོང་གསེབ་འཛུགས་སྐྲུན་ལ་འགན་ལེན་བྱས། ཉེ་བའི་ལོ་གཉིས་ཀྱི་གྲངས་གཞི་ལས་མངོན་པ་ལྟར་ན། སློབ་གྲྭ་དེར་རོགས་སྐྱོར་མ་དངུལ་སྒོར་ཁྲི་492.48བཏང་བ་དང་། དེའི་ཁྲོད་རྣམ་གྲངས་རོགས་སྐྱོར་མ་དངུལ་སྒོར་ཁྲི་256.11ཟིན། སློབ་ཞུགས་རོགས་དངུལ་སྒོར་ཁྲི་35.6བཏང་། མཛོད་དགེ་རྫོང་ནས་ཡིན་པའི་སློབ་མའི་སློབ་ཡོན་སྒོར་ཁྲི་2ཆག་ཡང་བཏང་། དགེ་སློབ་སྒྲིག་འཛུགས་བྱས་ནས་མཛོད་དགེ་རྫོང་དུ་བརྗོད་དོན་བྱེད་སྒོ་སྤེལ་ནས་ས་གནས་དེ་གའི་འཛད་སྤྱོད་སྒོར་ཁྲི་19.95ལ་སྐུལ་ཁྲིད་བྱས། འཛད་སྤྱོད་རོགས་སྐྱོར་སྒོར་ཁྲི་128.2(ལས་སྟེགས་832ཚུད་ཡོད)ཟིན།
འཕྲིན་སྤེལ་བ། དུས་ལྡན།
འཕྲིན་སྟེགས། weikangba