
ཟླ་བ་དྲུག་པའི་ཚེས་ལྔ་ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྩ་འཛུགས་བཅའ་ཁྲིམས་ལག་བསྟར་དོན་འཁྱོལ་ཟབ་མོ་བྱེད་པ་དང་། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལེགས་པོ་བྱེད་དགོས་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་སྦྱོང་ཐེངས་བདུན་པ་འཚོགས་ཤིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་སློབ་སྦྱོང་གཙོ་སྐྱོང་གནང་དུས། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་ཏང་ཀྲུང་དབྱང་གི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་འཐབ་ཇུས་བཀོད་སྒྲིག་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྩ་འཛུགས་བཅའ་ཁྲིམས་ལག་བསྟར་དོན་འཁྱོལ་བྱེད་པ་གོ་སྐུབས་སུ་བཟུང་བ་དང་། ཁྲིམས་སྐྱོང་དགོངས་པ་དང་ཁྲིམས་སྐྱོང་བྱེད་ཐབས་ལ་བརྟེན་ནས་ལས་དོན་ནན་སྒྲུབ་དང་གནད་དོན་ཐག་གཅོད་པའི་ནུས་པ་ཇེ་ཆེར་བཏང་ནས། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ཇེ་དྲག་གཏོང་དགོས་ཞེས་གསུངས།
ཀྲུང་གོའི་སྲིད་ཁྲིམས་སློབ་ཆེན་གྱི་འགོ་འཛིན་མ་ཧུའོ་ཏེ་ཡིས་གསལ་བཤད་གནང་ཞིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་དང་ཧོ་ལི་ཧྥུང་། རྒྱལ་དོན་ཨུ་ཡོན་ཝུའུ་ཀྲན་ལུང་གིས་སྤེལ་རེས་གཏམ་བཤད་གནང་།
ལི་ཆང་གིས་འཆད་ཁྲིད་དང་སྤེལ་རེས་གཏམ་བཤད་གསན་རྗེས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་བྱེད་པ་ནི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལས་འགན་གཙོ་བོ་དང་ལས་གཞི་གཙོ་བོ་ཡིན་ལ། གནས་བབ་གསར་པ་དང་ལས་འགན་གསར་པའི་མདུན་ན། སྲིད་གཞུང་ལས་སྒྲུབ་མི་སྣ་ཡིས་ཁྲིམས་སྐྱོང་འདུ་ཤེས་ཇེ་དྲག་གཏོང་བ་དང་། ཁྲིམས་སྐྱོང་ནུས་པ་མཐོར་འདེགས་གཏོང་བ། ཁྲིམས་སྐྱོང་གོམས་གཤིས་ཆགས་ནས་སྲིད་གཞུང་ལས་དོན་དེ་ཁྲིམས་སྐྱོང་ཐོག་ལག་ལེན་བསྟར་བ་དང་། ཏང་ཀྲུང་དབྱང་གི་བཀོད་སྒྲིག་ལག་བསྟར་སྔ་ལས་ཡག་མོ་དང་མི་དམངས་ཀྱི་རེ་སྒུག་དང་བསྟུན་དགོས་ཞེས་གསུངས་པ་རེད།
ལི་ཆང་གིས་ཚན་རིག་དང་མཐུན་པར་ཁྲིམས་འཛུགས་དང་། ཁྲིམས་འཛུགས་ཞན་ཆ་གསབ་པ་དང་སྟོང་ཆ་སྐོང་བ། བཅོས་བསྒྱུར་འཕེལ་རྒྱས་ཀྱི་བླང་བྱ་དང་མི་འཚམས་པའི་བཅའ་ཁྲིམས་ཁྲིམས་སྲོལ་ཡོད་ན། དེ་མ་ཐག་ཏུ་དག་བཅོས་དང་མེད་པར་གཏང་དགོས། གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་ཆུང་ཞིང་མགྱོགས་པ། ཁ་གཏད་ནུས་པ་ཆེ་བའི་ཁྲིམས་འཛུགས་མང་ཙམ་བྱས་ནས། ཁེ་ལས་དང་མང་ཚོགས་ལ་དངོས་ཡོད་གནད་དོན་ཐག་གཅོད་པར་རོགས་རམ་བྱེད་དགོས། དྲང་བདེན་དང་ཡ་རབས་ཀྱི་ཁྲིམས་འཛིན་ཚད་ལྡན་གཏོང་བ་དང་། ལག་ལེན་ནུས་པ་ཆེ་དགོས་ལ་བརྩེ་བའང་ཡོད་དགོས། དྲང་བདེན་དྲང་གཞག་གི་འཕེལ་རྒྱས་ཁོར་ཡུག་འཛུསག་སྐྱོང་བྱ་དགོས། སྲིད་འཛིན་དབང་ཆའི་ཚོད་འཛིན་དང་ལྟ་སྐུལ་མ་ལག་འཐུས་ཚང་གཏོང་བ་དང་། རང་འགུལ་གྱིས་ཕྱོགས་སོ་སོས་ལྟ་སྐུལ་དང་ལེན་བྱེད་པ་དང་། སྲིད་འཛིན་ལྟ་སྐུལ་འཐུས་ཚང་བཏང་ནས། སྲིད་གཞུང་གི་ལས་དོན་དེ་ཕྱི་གསལ་ནང་གསལ་བྱ་དགོས་ཞེས་གསུངས་པ་རེད།
ལི་ཆང་གིས་རྒྱ་ཆེ་བའི་ལས་བྱེད་པས་རྒྱུན་མི་ཆད་པར་ཁྲིམས་ལྟར་སྲིད་འཛིན་པའི་ནུས་པ་དང་ཆུ་ཚད་ཇེ་མཐོར་གཏོང་བར་སྣེ་ཁྲིད་པ་དང་། འགོ་ཁྲིད་ལས་བྱེད་པའི་དཔེ་སྟོན་ནུས་པ་འདོན་པ། སློབ་གསོ་དང་གསོ་སྦྱོང་ཏན་ཏིག་བྱས་ནས་ཁྲིམས་ལྟར་ནུས་ཆོད་དོན་སྒྲུབ་རྒྱུན་སྤེལ་བྱ་དགོས་ཞེས་གསུངས་པ་རེད།
འཕྲིན་སྟེགས། weikangba