
ཚེས་ལྔ་ཉིན་ནི་དྲུག་པའི་ཚེས་ལྔའི་ཁོར་ཡུག་ཉིན་མོ་ཡིན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྱོང་བྱེད་པའི་རྒྱང་སྐྱོད་ལམ་གསར་ཐོག ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བྱེད་པའི་འཐབ་ཇུས་ངེས་ནུས་ཇེ་དྲག་གཏོང་བ་རྒྱུན་འཁྱོངས་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་འབག་མེད་ལུགས་སྒྱུར་སྐུལ་སྤེལ། འབག་བཙོག་བཅོས་སྐྱོང་དང་སྐྱེ་ཁམས་སྲུང་སྐྱོང་། ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་བཅས་གཅིག་གྱུར་འཆར་འགོད་བྱེད་པ། མི་དང་རབ་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྱོང་གང་ཐུབ་དང་། གཙང་ཞིང་མཛེས་སྡུག་པའི་འཛམ་གླིང་མཉམ་འཛུགས་བྱེད་པར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཞེས་གསུངས་པ་རེད། ད་ལོ་ནས་བཟུང་། རང་རྒྱལ་གྱིས་བྱེད་ཐབས་རབ་དང་རིམ་པ་སྤྱད་ནས། མཛེས་སྡུག་ཀྲུང་གོ་འཛུགས་སྐྱོང་བྱེད་པའི་ཐད་གྲུབ་འབྲས་མངོན་གསལ་ཐོབ་ཡོད་ལ། སྤུས་ཚད་མཐོ་བའི་སྐྱེ་ཁམས་ཁོར་ཡུག་གིས་སྤུས་མཐོའི་འཕེལ་རྒྱས་ལ་རམ་འདེགས་བྱས་ཡོད་ཅེས་གསུངས།
ཧུའུ་ནན་དུ། རྒྱལ་ཡོངས་སུ་ཆེས་ཆེ་བའི་རི་སྐྱེས་སྲོག་ཆགས་རྗེས་འདེད་གཞི་གྲངས་ལྟེ་གནས་ཀྱིས་བྱང་སྐར་གནས་འཁེལ་ལག་རྩལ་ལ་བརྟེན་ནས། རིགས་སོ་སོའི་དུས་བྱ་བྱེ་བ་བརྒྱད་ལྷག་གནས་འཁེལ་གཞི་གྲངས་བསྡུ་ལེན་བྱས་པ་རེད། འགུལ་འཁྲབ་རི་མོ་འདིའི་ཁྲོད། ཁ་མདོག་རེ་རེས་དུས་བྱ་གནས་སྤོའི་ལམ་ཐིག་མཚོན་ཡོད་ལ། ཉིན་ཁ་ཤས་སྔོན། ལག་རྩལ་མི་སྣས་དབྱེ་ཞིབ་བྱས་ནས། སྔོན་ཆད་མཐོང་དཀོན་པའི་ཁྲུང་ཁྲུང་དཀར་མོའང་ད་ལྟར་ཁྲང་ཧྲ་རུ་དུས་རྒྱུན་མཐོང་རྒྱུ་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་མཛད་པའི་ཏང་ཀྲུང་དབྱང་ཀྲུང་ཧྭའི་མི་རིགས་ཡུན་རིང་འཕེལ་རྒྱས་ཀྱི་འཐབ་ཇུས་མཐོ་ཚད་ནས། འདུ་ཤེས་གསར་པ་དང་དགོངས་པ་གསར་པ། འཐབ་ཇུས་གསར་པ་རབ་དང་རིམ་པ་གསར་རྩོམ་རང་བཞིན་གྱིས་བཏོན་ནས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་གྲུབ་ཡོད་པས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ཕུང་ལྔ་གཅིག་གྱུར་གྱི་སྤྱིའི་བཀོད་པའི་ནང་བཀོད་ནས། མཛེས་སྡུག་ལྡན་པའི་ཀྲུང་གོའི་སྲིད་འཛིན་འདུ་ཤེས་ལ་གྱུར་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ནས་བཟུང་། རང་རྒྱལ་གྱི་སྐྱེ་ཁམས་ཁོར་ཡུག་སྐོར་གྱི་བཅའ་ཁྲིམས་དང་ལམ་ལུགས་འཛུགས་སྐྱོང་བྱེད་པ་ཁྲིམས་འཛུགས་བྱེད་ཤུགས་ཆེས་ཆེ་བ་དང་། ལམ་ལུགས་ཆེས་མང་ཞིང་ཞིབ་ཚགས་པ། ལྟ་སྐུལ་དོ་དམ་ཁྲིམས་བསྟར་བྱེད་ཤུགས་ཆེས་ནན་མོ་ཡིན་པའི་དུས་སྐབས་ལ་སླེབས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ལོ་རྒྱུས་རང་བཞིན་དང་དཀྱོག་མཚམས་རང་བཞིན། ཁྱོན་ཡོངས་རང་བཞིན་གྱི་འགྱུར་ལྡོག་བྱུང་བར་ལམ་ལུགས་འགན་སྲུང་གནང་ཡོད། སྐྱེ་ཁམས་དཔལ་ཡོན་རྩ་ཁྲིམས་ནང་དུ་བཅུག་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་རྩ་ཁྲིམས་གོ་གནས་གཏན་འཁེལ་བྱས་ཏེ། བརླན་ས་སྲུང་སྐྱོང་གི་ཁྲིམས་གཏན་ལ་ཕབ་པ་དང་། ནགས་ཚལ་བཅའ་ཁྲིམས་དང་རྩྭ་ཐང་བཅའ་ཁྲིམས་དག་བཅོས་བྱེད་པ། འབྲི་ཆུ་སྲུང་སྐྱོང་བཅའ་ཁྲིམས་དང་རྨ་ཆུ་སྲུང་སྐྱོང་བཅའ་ཁྲིམས་གཏན་ལ་ཕབ་པ་དང་། བཅོས་སྒྱུར་བྱེད་ཐབས་བཅུ་ཕྲག་ལྷག་གཅིག་རྗེས་གཉིས་མཐུད་དུ་ལག་བསྟར་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་ལམ་ལུགས་མ་ལག་གི་ཀ་བཞི་གདོང་བརྒྱད་འཛུགས་དགོས།
ད་ལྟའི་ཀྲུང་གོ་ལ་མཚོན་ན་གནམ་སྔོན་མོ་གཡའ་དག་པར་གྱུར་ཡོད། ཀྲུང་གོ་ནི་འཛམ་གླིང་གི་མཁའ་དབུགས་སྤུས་ཀ་ལེགས་བསྒྱུར་གྱི་མྱུར་ཚད་ཆེས་མགྱོགས་པའི་རྒྱལ་ཁབ་ལ་གྱུར་ཡོད་ལ། ད་ལོའི་དུས་ཚིགས་དང་པོར། ཁོར་ཡུག་མཁའ་དབུགས་སྤུས་ཀ་རྒྱུན་མཐུད་ལེགས་བསྒྱུར་བྱས་ཏེ། རྒྱལ་ཡོངས་ཀྱི་ས་གནས་རིམ་པ་ཡན་གྱི་གྲོང་ཁྱེར་གྱི་གློ་འཇུབ་རྡུལ་ཚད་ཆ་སྙོམས་གར་ཚད་བརྒྱ་ཆའི་དྲུག་ཚེག་ལྔ་མར་ཆག་ཡོད། ས་གཞི་སྔར་བས་སྔོ་ལྗང་དུ་གྱུར། རང་རྒྱལ་གྱིས་འཛམ་གླིང་ཐོག་ནས་སྔོན་ལ་ས་གཞི་ཞན་འགྱུར་ཚད་ཇེ་མང་འགྲོ་མེད་པ་དང་ས་རྒོད་ཅན་གྱི་ས་གཞི་དང་བྱེ་འགྱུར་ས་གཞིའི་རྒྱ་ཁྱོན་གཉིས་ཉུང་འཕྲིར་སོང་ཡོད་ལ། ནགས་ཚལ་ཁེབས་ཚད་བརྒྱ་ཆའི་ཉེར་བཞི་ཚེག་ཐིག་གཉིས་གོང་མཐོར་ཕྱིན་ཡོད་པས། འཛམ་གླིང་གི་ནགས་ཚལ་ཐོན་ཁུངས་འཕར་ཚད་ཆེས་མགྱོགས་པའི་རྒྱལ་ཁབ་ལ་གྱུར། ཆུ་སྔར་བས་དྭངས་མར་གྱུར་ཡོད། ༢༠༡༢ལོ་དང་བསྡུར་ན། ༢༠༢༣ལོའི་རྒྱལ་ཡོངས་ཀྱི་ས་ངོས་ཆུའི་སྤུས་ཀ་ལེགས་པའི་བཅད་ངོས་བསྡུར་ཚད་དེ་བརྒྱ་ཆའི་གྲངས་གནས་ཉེར་བདུན་ཚེག་བརྒྱད་འཕར་ཡོད་པས། དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་ཆུ་ཚད་དང་ཉེ་བ་རེད། འབྲི་ཆུ་དང་རྨ་ཆུའི་ཆུ་ལག་བཞུར་རྒྱུན་གྱི་ཆུའི་སྤུས་ཚད་བརྟན་པོའི་རིམ་པ་གཉིས་པར་གནས་ཡོད། ཆུའི་ཁོར་ཡུག་སྤུས་ཚད་ལ་དཀྱོགས་མཚམས་རང་བཞིན་གྱི་འགྱུར་ལྡོག་བྱུང་ཡོད།
སྐྱེ་ཁམས་ཁོར་ཡུག་སྔར་ལས་ཇེ་བཟང་དུ་གྱུར་ཡོད། རང་རྒྱལ་ཀྱིས་རྒྱལ་ཁབ་སྤྱི་གླིང་གཙོར་བྱེད་པའི་རང་བྱུང་སྲུང་སྐྱོང་ས་གཞིའི་མ་ལག་འཛུགས་སྐྱོང་བྱས་ཡོད་ལ། རང་བྱུང་སྲུང་སྐྱོང་ས་གནས་དགུ་སྟོང་ལྷག་ལ་ལེགས་སྒྲིག་བྱས་ཏེ། ཆེས་རྩ་ཆེ་བའི་རང་བྱུང་ཤུལ་བཞག་དང་ཆེས་མཛེས་པའི་རྒྱལ་ས་སྲུང་སྐྱོང་ནན་མོ་བྱེད་ཀྱིན་ཡོད། འབག་མེད་ཐཱན་ཉུང་འཕེལ་རྒྱས་གཏོང་སྟངས་ཁྱོན་ཡོངས་ནས་ཇེ་མགྱོགས་བཏང་ཡོད། ཉིས་སྟོང་བཅུ་གཉིས་ལོ་དང་བསྡུར་ན་ཉིས་སྟོང་ཉེར་གསུམ་ལོར་རང་རྒྱལ་གྱི་ཚད་གཞིའི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་ནུས་གྲོན་བརྒྱ་ཆའི་ཉེར་དྲུག་ཚེག་བརྒྱད་མར་ཆག་ཡོད་པས། འཛམ་གླིང་ཐོག་ཆེས་ཆེ་བ་དང་ཆེས་ཆ་ཚང་བ། འགྲན་རྩོད་ནུས་ཤུགས་ཆེས་ཆེ་བའི་ནུས་ཁུངས་གཙང་མའི་ཐོན་ལས་མ་ལག་འཛུགས་སྐྱོང་བྱས་པར་མ་ཟད། ནུས་ཁུངས་གསར་པའི་རླངས་འཁོར་གྱི་ཐོན་འཚོང་བསྟུད་མར་ལོ་དགུར་འཛམ་གླིང་གི་ཨང་དང་པོར་གནས་ཡོད། སྤུས་ཚད་མཐོ་བའི་སྐྱེ་ཁམས་ཁོར་ཡུག་ལ་བརྟེན་ནས་སྤུས་ཚད་མཐོན་པོས་འཕེལ་རྒྱས་གཏོང་བར་རམ་འདེགས་བྱེད་ཅིང་ཡོད། མིག་སྔར་རི་རྩེ་ནས་རྒྱ་མཚོ་དང་མཐོ་སྒང་ནས་བདེ་ཐང་། རྒྱལ་ཁབ་ནས་ས་གནས་བཅས་སུ། རྒྱལ་སའི་བར་མཐོངས་སྐྱེ་ཁམས་ཁོར་ཡུག་ཞིག་གསོ་མུ་མཐུད་ནས་སྤེལ་བཞིན་ཡོད། རྒྱལ་ཡོངས་ཀྱི་རི་ཆུའི་ལས་གཞི་ང་གཉིས་ཀྱིས་བསྡོམས་པས་སྐྱེ་ཁམས་སྲུང་སྐྱོང་སླར་གསོ་དང་བཅོས་སྐྱོང་གི་རྒྱ་ཁྱོན་མུའུ་དུང་ཕྱུར་གཅིག་ལས་བརྒལ་ཡོད། དེ་དང་དུས་མཚུངས་སུ། རྒྱལ་སའི་ཁྱབ་ཁོངས་གསར་སྦོལ་སྲུང་སྐྱོང་གི་བཀོད་པ་མུ་མཐུད་ནས་ཇེ་ལེགས་སུ་འགྲོ་བཞིན་ཡོད་ལ་རྒྱལ་ཡོངས་གཅིག་གྱུར་དང་འགན་དབང་ཕྱི་གསལ་ནང་གསལ། ཚན་རིག་དང་མཐུན་པའི་ནུས་ཆོད་ཆེ་བའི་རྒྱལ་སའི་བར་མཐོངས་འཆར་འགོད་མ་ལག་སྤྱིའི་ཆ་ནས་གྲུབ་ཡོད། མིས་རི་ཆུ་སྲུང་སྐྱོང་བྱས་ན། རི་ཆུས་མི་ལ་ཁེ་ཕན་བསྐྲུན་ངེས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་མཛུབ་སྟོན་འོག ཀྲུང་གོ་རྦད་དེ་ཐོན་སྐྱེད་འཕེལ་རྒྱས་དང་འཚོ་བ་ཕྱུག་འགྱུར། སྐྱེ་ཁམས་ཡག་མོ་བཅས་ཀྱི་དཔལ་ཡོན་འཕེལ་རྒྱས་ཀྱི་བགྲོད་ལམ་ཐོག་སྐྱོད་ཅིང་། ངེས་པར་དུ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སྐྱེ་ཁམས་རྨང་གཞི་ཇེ་བརྟན་བཏང་ནས། ཀྲུང་ཧྭའི་ས་གཞི་ཆེན་མོའི་ནམ་མཁའ་གཡའ་དག་ཅིང་རི་ཀླུང་སྔོ་ཞིང་ལྗང་པ།དྭངས་ཆུ་རྣམ་ཀུན་བཞུར་ནས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་སའི་མཛེས་ལྗོངས་རི་མོ་ཞིག་འགོད་ངེས་རེད།
འཕྲིན་སྟེགས། weikangba