རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུ་ལྷན་ཁང་གི་ཏང་ཙུའུ་གྲོས་ཚོགས་འཚོགས་པ་དང་ཀྲའོ་ལེ་ཅི་ཡིས་མགོ་འཛིན་དང་གསུང་བཤད་གནང་།

2024-01-12
210

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུ་ལྷན་ཁང་གི་ཏང་ཙུའུ་ཡིས་ཚེས10ཉིན་གྲོས་ཚོགས་འཚོགས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་གི་གསུང་བཤད་གལ་ཆེན་དང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་བྱས་ནས། དམངས་ཆེན་ཏང་འཛུགས་དང་བྱ་བའི་དོན་དངོས་ལ་འབྲེལ་ནས་ལག་བསྟར་དངོས་འབེབས་བྱེད་ཐབས་ལ་ཞིབ་འཇུག་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ཨུའམ་རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུ་ལྷན་ཁང་གི་ཨུ་ཡོན་ཀྲང་། ཏང་ཙུའུ་ཧྲུའུ་ཅི་ཀྲའོ་ལེ་ཅི་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས་པ་མ་ཟད་གསུང་བཤད་གནང་།

ཟླ1པོའི་ཚེས10ཉིན། ཀྲུང་གུང་རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུ་ལྷན་ཁང་གི་ཏང་ཙུའུ་ཡིས་གྲོས་ཚོགས་འཚོགས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་གི་གསུང་བཤད་གལ་ཆེན་དང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་བྱས་ནས། དམངས་ཆེན་ཏང་འཛུགས་དང་བྱ་བའི་དོན་དངོས་ལ་འབྲེལ་ནས་ལག་བསྟར་དངོས་འབེབས་བྱེད་ཐབས་ལ་ཞིབ་འཇུག་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ཨུའམ་རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུ་ལྷན་ཁང་གི་ཨུ་ཡོན་ཀྲང་། ཏང་ཙུའུ་ཧྲུའུ་ཅི་ཀྲའོ་ལེ་ཅི་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས་པ་མ་ཟད་གསུང་གསུང་བཤད་གནང་།

གྲོས་ཚོགས་ཀྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ནམ་ཡང་ལམ་དུ་ཡོད་པའི་འགྱུར་མེད་བློ་སྤོབས་ཀྱིས་གནད་འཁེལ་ཤུགས་འོདན་དང་རྒྱུན་མཐུད་ཤུགས་འདོན་བྱས་ནས། མཐའ་གཅིག་ཏུ་རུལ་སུངས་འགོག་རྒོལ་དམག་འཐབ་ཀྱི་མཁྲེགས་གཏོར་དམག་འཁྲུག་དང་ཡུན་རིང་དམག་འཁྲུག་ལ་འཐབ་ཇུས་བཀོད་སྒྲིག་གནང་ཡོད། ཚང་འཛོམས་གྲོས་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་རང་ཉིད་གསར་བརྗེ་སྐོར་གྱི་དགོངས་དོན་གལ་ཆེན་གཏིང་ཟབ་ངང་ཞིབ་བརྗོད་བྱས་ཏེ། ཏང་གི་རང་གཤིས་དམིགས་འབེན་དང་ཐོག་མའི་བསམ་འདུན། ཆབ་སྲིད་གཤིས་རྒྱུད། ཆབ་སྲིད་ལེགས་ཆ་བཅས་གཅིག་བསྡུས་ངང་མངོན་ཞིང་། ང་ཚོའི་ཏང་གི་རང་ཉིད་གསར་བརྗེ་སྐོར་གྱི་ཆོས་ཉིད་རང་བཞིན་གྱི་ངོས་ཟིན་མཐོ་ཚད་གསར་བ་ཞིག་ཏུ་སླེབས་པ་མཚོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནི་དུས་རབས་གསར་བའི་རྒྱང་སྐྱོད་གསར་བར་ཏང་གི་རང་ཉིད་གསར་བརྗེ་དང་ཕྱོགས་ཡོངས་ནས་ཏང་གཟབ་ནན་ངང་སྐྱོང་བའི་ཡིག་ཆ་གལ་ཆེན་ཡིན་པས། ང་ཚོས་སློབ་སྦྱོང་ངོས་འཛིན་གཏིང་ཟབ་བྱེད་པ་དང་ནན་ཏན་སྒོས་ལག་བསྟར་དངོས་འབེབས་བྱེད་དགོས།

ཚོགས་འདུས་ནན་གྱིས་བསྟན་དོན། མུ་མཐུད་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱས་བྱེད་དགོས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་རང་ཉིད་གསར་བརྗེ་སྐོར་གྱི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་ཤེས་རྟོགས་བྱེད་པ། དངོས་གནས་འདུ་ཤེས་བཞི་ཇེ་དྲག་དང་ཡིད་ཆེས་བཞི་སྲ་བརྟན། སྲུང་སྐྱོང་གཉིས་སྒྲུབ་ཐུབ་པ་བཅས་ཏང་གི་བཀོད་འདོམས་ལ་མཉན་པ་དང་ཏང་གི་ཆེད་དུ་འགན་འཁྲི་སྒྲུབ་པའི་དངོས་ཡོད་བྱ་སྤྱོད་དུ་བསྒྱུར་དགོས། དམངས་ཆེན་ནི་ཆབ་སྲིད་ལས་ཁུངས་ཡིན་པས། དམངས་ཆེན་བྱ་བར་ཆབ་སྲིད་ཀྱི་ཁྱད་ཆོས་ཆེན་པོ་ལྡན་པས། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་འཛུགས་སྐྲུན་དེ་གོ་གནས་གཙོ་བོར་འཇོག་པ་དང་། མུ་མཐུད་དུ་ཆབ་སྲིད་བརྡར་གཅོད་ནུས་པ་དང་ཆབ་སྲིད་གོ་རྟོགས་ནུས་པ། ཆབ་སྲིད་ལག་བསྟར་ནུས་པ་མཐོར་འདེགས་སུ་བཏང་ནས་ཆབ་སྲིད་སྟེང་ཁ་ཕྱོགས་དབྱེ་འབྱེད་དང་བདེན་རྫུན་གསལ་རྟོགས་བྱེད་ཐུབ་པར་བྱས་ཏེ། དམངས་ཆེན་གྱི་བྱ་བ་སོ་སོས་ཆབ་སྲིད་ཁ་ཕྱོགས་དམ་འཛིན་དང་ཆབ་སྲིད་བླང་བྱ་དངོས་འབེབས་ཐུབ་པར་ཁག་ཐེག་བྱེད་དགོས། ཉེན་ཁའི་འདུ་ཤེས་དང་ཉེན་བཅར་འདུ་ཤེས། ཚད་མཐའི་བསམ་བློ་བཅས་ཇེ་དྲག་ཏུ་བཏང་སྟེ། ནོར་འཁྲུལ་བསམ་བློ་སྣ་ཚོགས་དང་ནོར་འཁྲུལ་གྱི་ལྟ་སྟངས་ལ་ངེས་པར་དུ་ཚད་མཐོའི་ཉེན་ཟོན་དང་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས།

གྲོས་ཚོགས་ཀྱིས་ནན་གྱིས་བསྟན་དོན། བློ་བརྟན་འགྱུར་མེད་ངང་སྒྲིག་སྲུང་རུལ་འགོག་དང་མི་དམངས་ཀྱི་ལངས་ཕྱོགས་སུ་ལངས་ནས། མི་དམངས་ཀྱི་བརྩེ་བ་གསོ་སྐྱོང་བྱེད་དགོས་པ་དང་། སྤྱོད་ལམ་བསྒྱུར་བ་དང་སྤྱོད་སྟངས་བསྒྱུར་བའི་ཐད་ནས་རང་འགུལ་ཇེ་དྲག་ཏུ་གཏོང་དགོས་ལ། ལས་དོན་སོ་སོ་བདེན་ཐོག་དངོས་བརྩོན་དང་གནད་དོན་ཐག་གཅོད་ལ་དམིགས་ཏེ། ནན་ཏན་སྒོས་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་དངོས་འབེབས་བྱེད་པ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ངན་རིང་ལུགས་མཐའ་གཅིག་ཏུ་གཏན་འགོག་བྱེད་དགོས། ཏང་གཤིས་ཏང་སྲོལ་ཏང་ཁྲིམས་བཅས་མཉམ་དུ་འཛིན་པ་རྒྱུན་འཁྱོངས་ཀྱིས་རུལ་སུངས་མི་ཕོད་པ་དང་རུལ་སུངས་མི་ཐུབ་པ། རུལ་སུངས་མི་འདོད་པར་གཅིག་གྱུར་སྐུལ་འདེད་བཏང་ནས། ཀྲུང་དབྱང་སྐོར་ཞིབ་དག་སྒྲིག་དང་ལས་ཁུངས་ནང་ཁུལ་གྱི་སྐོར་ཞིབ་གཏིང་ཟབ་དུ་བཏང་ནས། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་སྐྱེ་ཁམས་ལེགས་པོ་ཞིག་བསྐྲུན་དགོས། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱས་ཏེ། མུ་མཐུད་དུ་རུལ་སུངས་ལ་རྒོལ་བའི་རྒྱལ་ཁབ་ཁྲིམས་འཛུགས་ལ་སྐུལ་འདེད་གཏོང་དགོས། ནན་ཏན་སྒོས་ཕྱོགས་ཡོངས་ནས་ཏང་གཟབ་ནན་ངང་སྐྱོང་བའི་འགན་འཁྲི་གཙོ་གཞི་དངོས་འབེབས་བྱེད་པ་དང་། ནན་སྐྱོང་དང་གཅེས་སྐྱོང་ཟུང་སྦྲེལ་དང་། སྐུལ་ལྕག་དང་ཚོད་འཛིན་མཉམ་འཛིན་རྒྱུན་འཁྱོངས་བྱས་ནས་མུ་མཐུད་དུ་རྒྱལ་ཡོངས་དམངས་ཆེན་གྱི་ཏང་གི་འཛུགས་སྐྲུན་དང་ཏང་སྐྱོང་ཏང་སྡོམ་གྱི་ཆུ་ཚད་མཐོར་འདེགས་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཨུ་ཡོན་ནམ་རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུ་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་ལི་ཧུང་ཀྲུང་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུ་ལྷན་ཁང་གི་ཏང་ཙུའུ་ཁོངས་མི་ཝང་ཏུང་མིན་དང་ཞའོ་ཅེ། ཐེ་ཉིང་། ཕིན་ཆིན་ཧྭ། ཀྲང་ཆིན་ཝེ། ཞུའེ་ཁི་ལའེ་ཐི་ཀྲ་ཁི་ཨར། ལིའུ་ཆི་བཅས་གྲོས་ཚོགས་ལ་ཞུགས། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།


  • 顶