ཞི་ཅིན་ཕིང་གིས་ཀོང་ཞི་ཞིང་ཆེན་ལའེ་པིན་གྲོང་ཁྱེར་དུ་རྟོག་ཞིབ་མཛད་པ།

2023-12-18
261

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས14ཉིན་གྱི་ཕྱི་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོང་ཞི་ཞིང་ཆེན་ལའེ་པིན་གྲོང་ཁྱེར་དུ་རྟོག་ཞིབ་མཛད། ཁོང་སྔ་རྗེས་སུ་ལའེ་པིན་གྲོང་ཁྱེར་གྱི་རྒྱལ་ཁབ་དེང་རེབས་ཞིང་ལས་ཐོན་ལས་གླིང་ཧོང་ཨན་སྤུས་ལེགས“གཉིས་མཐོ”མངར་ཆའི་བུ་རམ་རྟེན་གཞི་དང་ཏུང་ཐང་ཧྥེང་ཧོང་ཚད་ཡོད་ཀུང་སི་རུ་ཕེབས་ཏེ། བུར་ཤིང་སོན་བཟུང་གསོ་སྤེལ་དང་འདེབས་འཛུགས་ཡོང་སྒོ། མངར་ཆའི་ཐོན་ལས་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།


  • 顶