ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ12པའི་ཚེས14ཉིན་གྱི་སྔ་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོང་ཞི་ནན་ཉིང་གྲོང་ཁྱེར་དུ་རྟོག་ཞིབ་མཛད། ཁོང་གིས་སྔ་རྗེས་སུ་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ཆ་འཕྲིན་གྲུ་ཁ་མ་རྐང་ཚད་ཡོད་ཀུང་སི་དང་ལང་ཆིང་ཆུས་ཕན་ལུང་སྡེ་ཁུལ་དུ་ཕེབས་ཤིང་། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དཔལ་འབྱོར་ཚོང་དོན་མཉམ་ལས་དང་ཆ་འཕྲིན་ཅན་འཛུགས་སྐྲུན་བེད་སྤྱོད་ལ་དམིགས་ཏེ་གྲོང་ཁྱེར་གྱི་སྡེ་ཁུལ་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་དང་མི་རིགས་མཐུན་སྒྲིལ་ལས་དོན་ལ་ཤུགས་སྣོན་པ་སོགས་ཀྱི་གནས་ཚུལ་ལ་ཡུལ་དངོས་ནས་རྟོག་ཞིབ་གནང་བ་རེད། །








