
ཟླ10པའི་ཚེས17ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོ་ནས་ཀྲུང་གོར་སྐབས་གསུམ་པའི་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་ལ་ཕེབས་པའི་ཧང་ག་རིའི་ཙུང་ལི་ཨོའུ་ཨར་པན་ལ་ཐུག་འཕྲད་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོ་ནས་ཀྲུང་གོར་སྐབས་གསུམ་པའི་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་ལ་ཕེབས་པའི་ཧང་ག་རིའི་ཙུང་ལི་ཨོའུ་ཨར་པན་ལ་ཐུག་འཕྲད་གནང་།

ཟླ10པའི་ཚེས17ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོ་ནས་ཀྲུང་གོར་སྐབས་གསུམ་པའི་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་ལ་ཕེབས་པའི་ཧང་ག་རིའི་ཙུང་ལི་ཨོའུ་ཨར་པན་ལ་ཐུག་འཕྲད་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། པེ་ཅིན་དུ་གྲོགས་པོ་རྙིང་པ་ཨོའུ་ཨར་པན་ལ་ཐུག་འཕྲད་ཐུབ་པར་དགའ་སྤྲོ་སྐྱེས་ཡོད། སྐུ་ཞབས་ཙུང་ལི་ལགས་ཀྲུང་གོར་འཚམ་འདྲི་ཕེབས་པ་དང་སྐབས་གསུམ་པའི་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སུ་ཕེབས་པར་དགའ་བསུ་ཞུ་རྒྱུ་ཡིན། པྲོག་གསར་གློ་ཚད་རིམས་ནད་སྐབས་སུ། ང་ཚོ་ཐུག་འཕྲད་བྱུང་མ་ཐུབ་ཀྱང་ཐེངས་གཉིས་ལ་ཁ་པར་བཏང་ནས། ཀྲུང་ཧང་འབྲེལ་བ་དང་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་ཐུན་མོང་ངོས་འཛིན་གལ་ཆེན་བྱུང་ཡོད་ལ། ཀྲུང་ཧང་མཛའ་བརྩེའི་མཉམ་ལས་འབྲེལ་བར་སྐུལ་འདེད་གཏོང་བར་མུ་མཐུད་དུ་ཆུ་ཚད་མཐོན་པ་སྲུང་འཛིན་བྱས་ཡོད། ཁྱེད་ཀྱིས་དུས་ཡུན་རིང་པོར་ཀྲུང་གོའི་འབྲེལ་བར་མཐོང་ཆེན་བྱས་ཏེ། ཧུར་ཐག་གིས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་མཉམ་ལས་ལ་རྒྱབ་སྐྱོར་བྱས་ནས། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་བྱས་རྗེས་གལ་ཆེན་བཞག་ཡོད་པ་དང་། ཐེངས་འདི་ནི་ཁྱེད་རང་ཐེངས་གསུམ་པར་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ལ་ཞུགས་པ་ཡིན་པས། ངས་དེར་ཚད་མཐོའི་བསྟོད་བསྔགས་བྱེད་བཞིན་ཡོད། ད་ལོ་ནི་ངས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་གྲོས་གཞི་བཏོན་ནས་ལོ་ངོ10འཁོར་བའི་ལོ་ཡིན། ངས་གོ་སྐབས་འདིར་བརྟེན་ནས། ཁྱེད་དང་མགོ་ཁྲིད་མི་སྣ་གཞན་པ་དང་མཉམ་དུ། མཉམ་ལས་ཀྱི་མདུན་ལྗོངས་ལ་གྲོས་མོལ་དང་འཕེལ་རྒྱས་ཀྱི་འཆར་འགོད་བཟོས་ཏེ། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་མཉམ་ལས་ལ་ལོ་ངོ་རྗེས་མ10རིང་སྔར་ལས་འཕེལ་རྒྱས་ཆེན་པོ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད།
ཧང་ག་རི་ནི་ཆེས་ཐོག་མར་ཁས་ལེན་དང་ཀྲུང་གོར་ཕྱི་འབྲེལ་བཙུགས་པའི་རྒྱལ་ཁབ་གྲས་ཤིག་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་བརྩེའི་ལོ་རྒྱུས་ཡུན་རིང་བ་ཡིན། ཉེ་བའི་ལོ་འགའི་རིང་། རྒྱལ་སྤྱིའི་འགྱུར་ལྡོག་ཇི་ལྟར་ཆེ་ནའང་། ཀྲུང་ཧང་འབྲེལ་བར་སྔར་བཞིན་ཆུ་ཚད་མཐོན་པའི་འཕེལ་རྒྱས་རྒྱུན་འཁྱོངས་ཐུབ་ཡོད། སང་ལོ་ནི་ཀྲུང་ཧང་ཕྱི་འབྲེལ་བཙུགས་ནས་ལོ་འཁོར75ལོན་པའི་ལོ་ཡིན་པས། ང་ཚོས་གོ་སྐབས་འདིར་བརྟེན་ནས། མུ་མཐུད་དུ་འབད་བརྩོན་དང་གསར་གཏོད་མདུན་སྐྱོད་བྱས་ཏེ། ཀྲུང་ཧང་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་མུ་མཐུད་དུ་སྐས་རིམ་གསར་བར་སླེབས་པར་སྐུལ་འདེད་གཏོང་དགོས། །
རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།