ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལས་རིགས་ནུས་རྩལ་འགྲན་བསྡུར་ཆེན་མོ་སྐབས་གཉིས་པ་མཇུག་འགྲིལ་བ།

2023-09-25
239

01.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9པའི་ཚེས19ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལས་རིགས་ནུས་རྩལ་འགྲན་བསྡུར་ཆེན་མོ་སྐབས་གཉིས་པའི་མཇུག་འགྲིལ་མཛད་སྒོ་ཐེན་ཅིན་གྲོང་ཁྱེར་ཨོ་ལིམ་ཕིག་ལྟེ་གནས་ཀྱི་ལུས་རྩལ་ཁང་དུ་བསྡུས། འགྲན་བསྡུར་ཆེན་མོའི་སྒྲིག་འཛུགས་ཨུ་ལྷན་གྱི་ཀྲུའུ་རེན་ནམ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་པུའུ་ཀྲང་ཝང་ཞའོ་ཕིང་གིས་འགྲན་བསྡུར་ཆེན་མོ་མཇུག་འགྲིལ་པ་ཁྱབ་བསྒྲགས་གནང་ཞིང་། འགྲན་བསྡུར་སྒྲིག་འཛུགས་ཨུ་ལྷན་གྱི་ཀྲུའུ་རེན་ནམ་ཐེན་ཅིན་གྲོང་ཁྱེར་གྱི་ཧྲི་ཀྲང་ཀྲང་ཀུང་གིས་མཇུག་འགྲིལ་ཤིས་ཚིག་ཕུལ། རྒྱལ་ཡོངས་ནུས་རྩལ་འགྲན་བསྡུར་ཆེན་མོ་སྐབས་གསུམ་པ་གཉེར་རྒྱུ་ཡིན་པའི་ཧོ་ནན་ཞིང་ཆེན་གྱི་ཧྲེང་ཀྲང་ཝང་ཁའེ་ཡིས་ཚོགས་དར་དང་ལེན་བྱས། འཛམ་གླིང་ནུས་རྩལ་རྩ་འཛུགས་ཀྱི་དབུ་བཞུགས་ལག་བསྟར་དཔོན་ཏ་ཝུའེ·ཧོ་དབྱི་ཡིས་བརྙན་ལམ་བརྒྱུད་ནས་ཤིས་ཚིག་ཕུལ། འགྲན་བསྡུར་སྒྲིག་འཛུགས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པའམ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་པུའུ་ཀྲང་གཞོན་པ་ཡུས་ཅ་ཏུང་དང་། འགྲན་བསྡུར་སྒྲིག་འཛུགས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པའམ་ལག་བསྟར་ཨུ་ལྷན་གྱི་ཀྲུའུ་རེན། ཐེན་ཅིན་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་ལི་ཝུན་ཧའེ་བཅས་མཇུག་འགྲིལ་མཛད་སྒོར་ཞུགས།

02.jpg

མཇུག་འགྲིལ་མཛད་སྒོའི་སྟེང《ལག་ཤེས་པའི་སེམས་པ》དང་།《ཕུགས་འདུན་བརྩོན་པ》《ནུས་རྩལ》《འབྱུང་འགྱུར》བཅས་ཚན་པ་བཞི་རུ་བཀར་ནས་ནུས་རྩལ་འགྲན་སྟོན་བྱས། རྒྱལ་ཡོངས་ཀྱི་ས་གནས་ཁག་དང་ལས་རིགས་སོ་སོ་ནས་ཡོང་བའི་རྒྱལ་ཁབ་ཀྱི་ལག་ཤེས་པ་དང་ངལ་རྩོལ་དཔེ་བཟང་བ། རྒྱལ་ཡོངས་ཀྱི་ལག་རྩལ་མཁས་ཅན། འཛམ་གླིང་འགྲན་བསྡུར་གྱི་ཨང་དང་པོ་ཐོབ་མཁན། འགྲན་བསྡུར་ཆེན་མོའི་མཉམ་ལས་རོགས་ཟླ་བཅས་ལ་བྱ་དགའ་གནང་བའི་སྐུ་མགྲོན་དུ་གདན་དྲངས་ཏེ། གསེར་དང་དངུལ། ཟངས་བཅས་ཀྱི་རྟགས་མ་ཐོབ་པའི་བདམས་ཐོན་པ393ལ་གཟེངས་རྟགས་གནང་བ་རེད། ཡུལ་དངོས་ནས་ཆེས་དགའ་བསུ་ཐོབ་པའི་ནུས་རྩལ་ཆེན་པོ་བཅུ་ཡོངས་བསྒྲགས་བྱས་པ་མ་ཟད། འགྲན་ཞུགས་རུ་ཁག་གི་ཕུལ་བྱུང་བྱ་དགའ་དང་། ནུབ་རྒྱུད་ནུས་རྩལ་ཀྱི་སྐར་ཆེན། འགྲན་ཞུགས་ཆེན་མོའི་མངོན་གསལ་དོད་པའི་ལེགས་སྐྱེས་བྱ་དགའ། ཕུལ་དུ་བྱུང་བའི་རྩ་འཛུགས་བྱ་དགའ་ཐོབ་པའི་མིང་ཐོ་བཅས་ཁྱབ་བསྒྲགས་གནང་།

03.jpg

04.jpg

འགྲན་བསྡུར་སྒྲིག་འཛུགས་ཨུ་ལྷན་དང་ལག་བསྟར་ཨུ་ལྷན་གྱི་ཁོངས་མི་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་དང་། འགྲན་ཞུགས་འཐུས་མི་ཚོགས་པ་ཁག་གི་ཁོངས་མི་དང་། འགྲན་ཞུགས་བདམས་ཐོན་པ། ཤན་འབྱེད་པ། རོགས་སྐྱོར་ཁེ་ལས་དང་ལག་བསྟར་འགན་སྲུང་ལས་ཁུངས་ཀྱི་འཐུས་མི། སྨྱན་སྦྱོར་ལས་ཁུངས་ཀྱི་གསར་འགོད་པ་བཅས་ཁྱོན་བསྡོམས་མི8000ལྷག་མཇུག་འགྲིལ་མཛད་སྒོར་ཞུགས། །

  • 顶