
འདི་ནི་མཚོ་མགོ་ཤང་བྱེ་པ་གྲོང་ཚོའི་རང་བྱུང་ཡུལ་ལྗོངས་ཡིན།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཉིང་ཁྲི་ཀོང་པོ་རྒྱ་མདའ་རྫོང་མཚོ་མགོ་ཤང་བྱེ་པ་གྲོང་ཚོ་ནི་བྲག་གསུམ་མཚོ་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་ནང་དུ་གནས་ཤིང་། གྲོང་ཚོ་དེ་ནི་གངས་རིའི་འདབས་དང་གཙང་པོ་འགྲམ་དུ་ཆགས་པས་ཡུལ་སྐོར་ལས་རིགས་ཐོན་ལས་གཙོ་བོར་འཛིན་པའི་གྲོང་ཚོ་ཞིག་ཡིན། དུས་རབས་སྔོན་མའི་ལོ་རབས་དགུ་བཅུ་ནང་བྱེ་པ་གྲོང་ཚོའི་གྲོང་མི་ཚོས་གཙོ་བོ་ཤིང་གཅོད་པ་ལ་བརྟེན་ནས་ཁྱིམ་སྤྱོད་ཁ་གསབ་བྱེད་པ་དང་། ཉིང་ཁྲིའི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གཙོ་བོ་སྲུང་ཆེད། ས་གནས་སྲིད་གཞུང་གིས་དཔལ་འབྱོར་འཕེལ་རྒྱས་བསམ་ཕྱོགས་སྒྱུར་ནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་མགོ་བརྩམས་པས་བྱེ་པ་གྲོང་ཚོའི་ཤིང་གཅོད་ས་རྙིང་བའི་ཐོག་ནགས་ཚལ་མེ་འགོག་བཅའ་སྡོད་ས་ཚིགས་སྐྲུན་པ་དང་། གཞུང་ལམ་འགྲམ་རྒྱུད་ཀྱི་ས་སྟོང་དུ་ཡང་སྡོང་འཛུགས་ནགས་སྐྲུན་བྱས་ཡོད།
མིག་སྔར། བྱེ་པ་གྲོང་ཚོ་རུ་བསྡོམས་པས་ཁྱིམ་ཚང་གི་མགྲོན་ཁང48ཡོད་པ་དང2023ལོའི་ལོ་སྟོད་དུ་ཡུལ་སྐོར་ཡོང་འབབ་སྒོར་ཁྲི250ཟིན། ཡུལ་སྐོར་པ་མང་དུ་ཕྱིན་པ་དང་བསྟུན་གྲོང་མི་ཚོས་ཀྱང་ཡུལ་སྐོར་ལ་བརྟེན་ནས་ཡོང་འབབ་འཕར་ཡོད། བྱེ་པ་གྲོང་ཚོའི་མཐའ་འཁོར་གྱི་གངས་རི་སྔར་བཞིན་བརྗིད་ཉམས་ལྡན་པ་དང་། སྔོན་ཆད་དང་མི་འདྲ་ས་ནི“བརྗེད་གྱུར་བའི་གྲོང་ཚོ”དེས་ད་ལྟ་ཕྱོགས་བཞི་ནས་སླེབས་པའི་ཡུལ་སྐོར་པའི་ཡུལ་སྐོར་གནས་མཆོག་ཏུ་གྱུར་ཡོད། །

འདི་ནི་མཚོ་མགོ་ཤང་བྱེ་ཁ་གྲོང་ཚོའི་ཟུར་ཞིག་ཡིན།

འདི་ནི་བྱེ་པ་གྲོང་ཚོའི་སྲང་ལམ་འགྲམ་གྱི་ཡུལ་སྐོར་པའི་རླངས་འཁོར་ཡིན།

འདི་ནི་བྱེ་པ་གྲོང་ཚོའི་མ་ཎི་རྡོ་འབུམ་ཁྱིམ་ཚང་མགྲོན་ཁང་གི་གྲོང་མི་ཚེ་རིང་བདེ་སྐྱིད་ཀྱིས་མགྲོན་པོ་ཞིག་དང་ཁ་བརྡ་བྱེད་བཞིན་པའི་ཚུལ་ཡིན།

འདི་ནི་བྱེ་པ་གྲོང་ཚོའི་མ་ཎི་རྡོ་འབུམ་ཁྱིམ་ཚང་མགྲོན་ཁང་གི་གྲོང་མི་ཚེ་རིང་བདེ་སྐྱིད་ཀྱིས་ཨ་ཆེ་དང་མཉམ་དུ་མགྲོན་ཁང་བདག་བྱེད་བཞིན་པའི་ཚུལ་ཡིན།

འདི་ནི་ཡུལ་སྐོར་པ་ཞིག་གིས་བྱེ་པ་གྲོང་ཚོ་ནས་པར་རྒྱག་བཞིན་པའི་ཚུལ་ཡིན།

འདི་ནི་བྱེ་པ་གྲོང་ཚོའི་གྲོང་མི་ཞིག་གིས་ནགས་གསེང་དུ་སྐོར་ཞིབ་བྱེད་བཞིན་པའི་ཚུལ་ཡིན།
འཕྲིན་སྟེགས། weikangba