ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། (གསར་འགོད་པ། མཁའ་འགྲོ་ཚེ་བརྟན། རྡོ་རྗེ་སྐྱིད།) ཟླ7པའི་ཚེས23ཉིན། 2023ལོའི་ཀྲུང་གོའི་རྨ་ཆུ་སྟོད་རྒྱུད་ཡུལ་སྐོར་གྱི་གྱད་མིའི་རྩལ་གསུམ་འགྲན་བསྡུར་དང་མཚོ་སྔོན་གཙན་ཚའི་རྨ་འགྲམ་རྒྱལ་སྤྱིའི་གྱད་མིའི་རྩལ་གསུམ་འགྲན་རྩོད་ཆེན་མོ་སྐབས་གཉིས་པ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙན་ཚ་རྫོང་བདེ་སྐྱིད་སྡེ་བའི་ལྗོངས་ཁུལ་དུ་བསྡུས། ཀྲུང་གུང་རྨ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ཀྲུའུ་ཀྲན་མིང་གིས་འགྲན་ཚོགས་མགོ་བརྩམས་པ་ཁྱབ་བསྒྲགས་བྱས།

ཐེངས་འདིའི་འགྲན་ཚོགས་ནི་ཀྲུང་གོའི་གྱད་མི་རྩལ་གསུམ་ལུས་རྩལ་མཐུན་ཚོགས་དང་མཚོ་སྔོན་ཞིང་ཆེན་ལས་རྩལ་ཅུའུ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་སྒྲུབ་བྱས་ཤིང་། མཚོ་སྔོན་ཞིང་ཆེན་གྱད་མི་རྩལ་གསུམ་ལུས་རྩལ་མཐུན་ཚོགས་དང་གཅན་ཚ་རྫོང་མི་དམངས་སྲིད་གཞུང་གཉིས་ཀྱིས་མཉམ་སྒྲུབ་བྱས་པ་རེད།


རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་འགྲན་ཚོགས་སྟེང་རྒྱལ་ཁབ11དང་། ཞིང་ཆེན་དང་གྲོང་ཁྱེར21ནས་ཡོང་བའི་འགྲན་ཞུགས་རུ་ཁག 35ཡི་འགྲན་ཞུགས་པ300ལྷག་ཞུགས་ཤིང་། འགྲམ་བསྡུར་གྱི་རྣམ་གྲངས་ལ། ཕུལ་བྱུང་མི་སྣའི་འགྲན་བསྡུར་དང་། འགྲན་མཚམས་ཧྲིལ་བོའི་ལོ་འགར་འགྲན་བསྡུར། འགྲན་མཚམས་ཕྱེད་ཀའི་ལོ་འགར་འགྲན་བསྡུར། མཐུན་སྒྲིལ་མཐུད་རྒྱུག་འགྲན་བསྡུར། ཞོན་རྒྱུགས་རྣམ་གཉིས་ཀྱི་ཡོངས་ཞུགས་འགྲན་བསྡུར། རྨ་ཆུར་འཕྲེད་བརྒལ་གྱི་འགྲན་སློང་འགྲན་བསྡུར་བཅས་དྲུག་ཏུ་བཀར་ཡོད་པ་རེད།


གཅན་ཚ་རྗོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་ལུའུ་ཉིང་གིས་ཤིས་ཚིག་ནང་། གཅན་ཚ་རྫོང་ལ་ཁྱད་འཕགས་ཀྱི་རང་བྱུང་ཐོན་ཁུངས་དང་ཕུན་སུམ་ཚོགས་པའི་རིག་གནས་ཡུལ་སྐོར་གྱི་ཐོན་ཁུངས་དང་ཐོན་ལས་མང་པོ་ཡོད་པ་མ་ཟད། གསར་སྤེལ་གྱི་བར་སྟོང་དང་མདུན་ལྗོངས་རྒྱ་ཆེན་པོ་ལྡན་པས་གྱད་མིའི་རྩལ་གསུམ་གྱི་འགྲན་བསྡུར་སྤེལ་བར་ཧ་ཅང་འཚམས་ཞེས་གསུངས།


གྱད་མིའི་རྩལ་གསུམ་ནི་ཆུ་རྐྱལ་དང་རྐང་འཁོར། རྒྱང་རྒྱུགས་བཅས་མཉམ་དུ་སྤེལ་བའི་གསར་དར་གྱི་ལུས་རྩལ་བྱ་འགུལ་ཞིག་ཡིན་པས་འགྲན་ཞུགས་པའི་ལུས་ཕུང་གི་རེ་འདུན་ཅུང་མཐོ་བ་རེད། །
འཕྲིན་སྟེགས། weikangba