ཞིབ་འཇུག་ལས་ཟས་འདི་དག་ཟོས་ན་ཚེ་རིང་ཞིང་སྙིང་དང་ཁྲག་རྩ་བདེ་ཐང་་་

2023-07-21
282
ཞིབ་འཇུག་ལས་ཟས་འདི་དག་ཟོས་ན་ཚེ་རིང་ཞིང་སྙིང་དང་ཁྲག་རྩ་བདེ་ཐང་ཡོང་བ་ཤེས་འདུག

     ཉེ་ཆར། རྒྱལ་ཁབ་སྙིང་དང་ཁྲག་རྩའི་ནད་ལྟེ་གནས་ཀྱིས་ཁྱབ་བསྒྲགས་བྱས་པའི་《2022ལོའི་ཀྲུང་གོའི་སྙིང་དང་ཁྲག་རྩའི་བདེ་ཐང་དང་རིམས་ནད་སྙན་ཞུ།》ཞེས་པའི་ནང་བཀོད་པ་ལྟར་ན། རང་རྒྱལ་དུ་སྙིང་དང་ཁྲག་རྩའི་ནད་ཕོག་ཚད་རྒྱུན་མཐུད་ངང་འཕར་བའི་དུས་མཚམས་སུ་སླེབས་ནས་སྙིང་དང་ཁྲག་རྩའི་ནད་ཕོག་མཁན་ནད་པ་དུང་ཕྱུར་3.3ཟིན་ཡོད་པ་དང་། འདས་པོ་5རེའི་ནང་དུ་མི་2རེ་ནི་སྙིང་དང་ཁྲག་རྩའི་ནད་ཀྱིས་འདས་པ་ཡིན་འདུག

ཟས་རིགས་འདི་དྲུག་པོ་འདང་ངེས་ཟོས་ན་སྙིང་དང་ཁྲག་རྩ་བདེ་ཐང་ཡོང་ཞིང་ཚེ་རིང་།

      བཟའ་བཏུང་ནི་སྙིང་དང་ཁྲག་རྩའི་ནད་ཀྱི་འབྱུང་རྐྱེན་དང་ཤི་ཚད་ལ་ཤུགས་རྐྱེན་ཐེབས་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཏུ་གྱུར་ཡོད། 2023ལོའི་ཟླ་7པར་《ཡོ་རོབ་ཀྱི་སྙིང་གི་དུས་དེབ》 (Europeant Journal) ཅེས་པའི་ཐོག་མི་ཁྲི་25ལ་ཞིབ་འཇུག་བྱས་པའི་ཞིབ་འཇུག་འབྲས་བུ་ཞིག་བཀོད་པ་དེའི་ནང་གསལ་བ་ལྟར་ན།  བདེ་ཐང་ཟས་རིགས་རིགས་དྲུག་སྟེ།  ཤིང་ཏོག་དང་སྔོ་ཚལ། མཁྲེགས་འབྲས། སྲན་མ།  ཉ་ཤ ཞག་ལྡན་འོ་ཟས་བཅས་ཟོས་ན་སྙིང་དང་ཁྲག་རྩའི་བདེ་ཐང་དང་ཚེ་ཇེ་རིང་དུ་འགྲོ་རྒྱུར་ཕན་པ་ཡོད་པ་རེད།

      ཞིབ་འཇུག་དེ་ལས་མངོན་པར། ཤིང་ཏོག་དང་སྔོ་ཚལ། མཁྲེགས་འབྲས། སྲན་མ། ཉ་ཤ ཞག་ལྡན་འོ་མའི་ཐོན་རྫས་བཅས་ཟས་རིགས་6ནི་སྙིང་དང་ཁྲག་རྩའི་ནད་གཞི་ཉུང་དུ་གཏོང་བའི་རྒྱུ་གཙོ་བོ་ཡིན་པ་དང་། དེ་དག་སྤྱོད་སྐབས།   མང་ཉུང་གཤམ་གསལ་ལྟར་བྱས་ན་འོས་ཤིང་འཚམ་པ་དང་ཆེས་བདེ་ཐང་ཡིན་པ་རེད།  

ཤིང་ཏོག་དང་སྔོ་ཚལ་ཉིན་རེར་ཁེ་563

སྲན་མའི་རིགས་ཉིན་རེར་ཁེ་48

མཁྲེགས་འབྲས་ཉིན་རེར་ཁེ་28

ཉ་ཤ་ཉིན་རེར་ཁེ་26

འོ་མའི་ཐོན་རྫས་ཉིན་རེར་ཁེ་185བཅས་ཡིན།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

  • 顶