བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་བཞི་པའི་ཐོག་གི་གསུང་བཤད་བཀོད།

2023-05-17
304

   ཟླ་བ་ལྔ་པའི་ཚེས་བཅུ་དྲུག་ཉིན་དཔར་དུ་བསྐྲུན་པའི་བདེན་འཚོལ་དུས་དེབ་དཔར་ཐེངས་བཅུ་པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་བཞི་པའི་ཐོག་གི་གསུང་བཤད་བཀོད་ཡོད།

  གསུང་རྩོམ་ནང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དོན་འཁྱོལ་བྱེད་པ་བརྗོད་སྙིང་བྱས་ཏེ་ཐུན་མོང་སློབ་སྦྱོང་བྱས་ཡོད། དེའི་དམིགས་ཡུལ་ནི་དཔེ་སྟོན་གྱི་ཕན་ནུས་འདོན་སྤེལ་དང་། ཏང་ཡོངས་ཀྱིས་བརྗོད་དོན་སློབ་གསོའི་ཁྲོད་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དོན་འཁྱོལ་བྱས་ནས། དགོངས་པའི་རིགས་གཞུང་གི་རྨང་གཞི་བརྟན་པོར་བསྒྱུར་དགོས་ཞེས་བསྟན་ཡོད།

གསུང་རྩོམ་ནང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དོན་འཁྱོལ་བྱེད་དགོས་པ་ནི་དུས་རབས་གསར་པའི་རྒྱང་སྐྱོད་གསར་པའི་ཐོག་བྱ་གཞག་འཕེལ་རྒྱས་ཀྱི་བཀོད་པ་གསར་གཏོད་བྱེད་པའི་གཞི་རྩའི་བླང་བྱ་རེད། དུས་རབས་གསར་པའི་རྒྱང་སྐྱོད་གསར་པའི་ཐོག  རྙོག་འཛིང་ཆེ་བའི་རྒྱལ་སྤྱི་ནང་གི་གནས་བབ་དང་། ཛ་དྲག་ཆེ་བའི་བཅོས་སྒྱུར་འཕེལ་རྒྱས་བརྟན་འཇགས་ཀྱི་ལས་འགན་ལྗིད་མོ། ངེས་པར་མེད་ཅིང་སྔོན་དཔག་དཀའ་བའི་ཉེན་ཁ་དང་འགྲན་སློང་འདྲ་མིན་དང་འཕྲད་དུས། ཏང་གི་ཚོགས་ཆེན་ཉི་ཤུ་པས་གཏན་འཁེལ་བྱས་པའི་འཐབ་ཇུས་དམིགས་འབེན་འགྲུབ་དགོས་ན། རྒྱ་ཆེ་བའི་ཏང་ཡོན་དང་ལས་བྱེད། ཁྱད་པར་དུ་རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དོན་འཁྱོལ་ཟབ་སྤེལ་བྱེད་དགོས། འདི་ནི་ཏང་ཀྲུང་དབྱང་གིས་གཏན་འཁེལ་གནང་བའི་ཏང་ཡོངས་ཀྱིས་ཐེངས་འདིའི་བརྗོད་དོན་སློབ་གསོ་སྤེལ་བའི་ཚད་གཞི་གཙོ་བོ་ཡིན་ཞེས་བསྟན་ཡོད།

  གསུང་རྩོམ་ནང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཚན་རིག་མ་ལག་དང་སྙིང་བཅུད་ཁོང་དུ་ཆུད་དགོས་ལ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ནང་དོན་དེ་བཅོས་བསྒྱུར་འཕེལ་རྒྱས་བརྟན་བརླིང་དང་། ནང་སྲིད་ཕྱི་འབྲེལ་རྒྱལ་སྲུང་། ཏང་སྐྱོང་རྒྱལ་སྐྱོང་དམག་སྐྱོང་སོགས་ཕྱོགས་སོ་སོའི་ནང་ཁེབས་ཤིང་། ཚན་རིག་མ་ལག་ཆ་ཚང་ཞིག་གྲུབ་ཡོད་པས།  དགོངས་པ་འདིའི་ནང་དོན་གཙོ་བོར་ཆ་ཚང་ཞིང་ཞིབ་ཕྲ་སློབ་སྦྱོང་བྱེད་དགོས་པར་མ་ཟད།  དགོངས་པ་འདིའི་ཚན་རིག་མ་ལག་ཧྲིལ་པོ་ཁོང་དུ་ཆུད་དེ། ཟུང་འབྲེལ་ལག་བསྟར་བྱང་ཆུབ་པར་བྱེད་དགོས། དེ་དང་ཆབས་ཅིག་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གོངས་པར་སློབ་སྦྱོང་ཟབ་མོ་དང་གོ་བ་ཟབ་མོ་བླངས་དགོས་ན། ད་དུང་དགོངས་པ་འདིའི་འཇིག་རྟེན་ལྟ་བ་དང་། བརྟག་ཐབས་སྨྲ་བ། ལངས་ཕྱོགས་དང་ལྟ་བ་བྱེད་ཐབས་བཅས་ངེས་པར་དུ་ཁོང་དུ་ཆུད་དགོས་ཞེས་བསྟན།

  གསུང་རྩོམ་ནང་། རིགས་གཞུང་དང་ལག་ལེན་ཟུང་འབྲེལ་བྱེད་པའི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་དགོས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་བྱེད་པའི་དམིགས་ཡུལ་ནི་ཚང་མ་བེད་སྤྱོད་ལ་ཐུག་ཡོད་ལ། དགོངས་པ་འདི་རང་སྣང་གི་འཇིག་རྟེན་དང་ཕྱི་རོལ་ཡུལ་གྱི་འཇིག་རྟེན་བསྒྱུར་བཀོད་གཏོང་བའི་བསམ་བློའི་མཚོན་ཆ་ཆེན་པོར་བསྒྱུར་རྒྱུར་ཐུག་ཡོད། ཏང་གི་རིགས་གཞུང་གསར་གཏོད་དེ་ཏང་གི་ཚོགས་ཆེན་ཉི་ཤུ་པས་བཏོན་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་ཁྲོད་དོན་འཁྱོལ་བྱེད་དགོས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་དུས་རབས་ལ་ལྟ་ཞིབ་དང་། ཁོང་དུ་ཆུད་པ། སྐུལ་ཁྲིད་བཅས་བྱེད་མཁས་དགོས་ལ། དགོངས་པ་འདིར་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་གྲུབ་འབྲས་གསར་པ་དང་ཐོལ་བརྒལ་གསར་པ་བྱེད་མཁས་དགོས། དགོངས་པ་འདི་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་འཕྲད་པའི་རིགས་སོ་སོའི་འགལ་བ་དང་གནད་དོན་ཐག་གཅོད་མཁས་པ་དང་། དགོངས་པ་འདིར་བརྟེན་ནས་ཉེན་ཁ་ཆེན་མོ་སྔོན་འགོག་བྱེད་མཁས་དགོས་ལ། དགོངས་པ་འདིར་བརྟེན་ནས་ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་མཁས་དགོས་ཞེས་བསྟན། གསུང་རྩོམ་ནང་ད་དུང་ཀྲུང་དབྱང་ཆབ་སྲིད་ཇུས་ཀྱི་བློ་མཐུན་ཚོས་བརྗོད་བྱ་གཙོ་བོའི་སློབ་གསོའི་ཁྲོད་མིག་དཔེ་སྟོན་དགོས་ལ། འགོ་ཁྲིད་ལས་བྱེད་པས་ཕྱོགས་སོ་སོ་ནས་རང་དཔེ་གཞན་སྟོན་དང་། གོང་འོག་དཔེ་སྟོན་སྣེ་ཁྲིད་བྱེད་དགོས་ཏེ། འདི་ནི་འགོ་ཁྲིད་བྱེད་ཐབས་དང་ལས་ཀ་སྒྲུབ་ཐབས་བཟང་ཤོས་ཤིག་ཡིན་ཞེས་བསྟན་ཡོད་པ་རེད།


  • 顶 0