ཨུ་རུ་སུས་ཡུག་རེན་གྱི་གཞི་ཁྱོན་ཆེན་པོའི་དཔུང་འཇུག་འཆར་གཞི་རྡུལ་དུ་བརླག

2023-05-17
8438

  ཨུ་རུ་སུའི་རྒྱལ་སྲུང་པུས་ཚེས་14ཉིན་སྤེལ་བའི་དམག་འཐབ་གནས་ཚུལ་གསར་ཤོས་ལྟར་ན། ཡུག་རེན་ཕྱོགས་ཀྱིས་སོ་ལེ་ཏར་-ཨར་ཆོ་མོར་ཧྥུ་སི་ཁོ་ཕྱོགས་སུ་སྤེལ་བའི་དཔུང་འཇུག་བྱ་སྤྱོད་ཡོད་ཚད་ཕྱིར་བཟློགས་ཏེ། ཨུ་དམག་གི་འགོག་སྲུང་འཛིང་རགས་གཏོར་ཐུབ་མེད་པ་བསྟན་ཡོད། ཡུག་རེན་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་དྲག་ཇུས་པུའུ་ཡིས་ཉིན་དེར་དམག་འཐབ་གནས་ཚུལ་སྤེལ་ནས། འདས་པའི་ཆུ་ཚོད་24རིང་ཨུ་དམག་གིས་ཡུག་རེན་ལ་གཞི་ཁྱོན་ཆེན་པོའི་མི་མེད་གནམ་གྲུས་འཇབ་རྒོལ་བྱས་ཏེ། ས་ཁུལ་མང་པོར་འཇབ་རྒོལ་ཕོག་པ་དང་། དེའི་ཁྲོད་དུ་གནད་འགག་རྨང་གཞིའི་སྒྲིག་བཀོད་ཅིག་ཚུད་ཡོད་པ་བསྟན་འདུག

  ཨུ་རུ་སུའི་རྒྱལ་སྲུང་པུས་བསྟན་དོན། ཨུ་རུ་སུ་ཕྱོགས་ཀྱི་འཕྲལ་རྒོལ་དམག་དཔུང་གིས་མཁའ་མཆོང་དམག་གི་རོགས་སྐྱོར་འོག མུ་མཐུད་དུ་ཨར་མོར་ཧྥུ་སི་ཁོའི་ནུབ་རྒྱུད་གྲོང་ཁུལ་གྱི་འཕྲོག་ལེན་དམག་འཐབ་བྱ་སྤྱོད་སྤེལ་ཡོད། གྲོང་ཁྱེར་དེའི་བྱང་རྒྱུད་དང་ལྷོ་རྒྱུད་ཀྱི་ཡུག་རེན་དམག་དཔུང་གིས་གཞི་ཁྱོན་ཆེན་པོས་ཨུ་དམག་གི་འགོག་སྲུང་འཛིང་རགས་གཏོར་འཆར་ཡོད་པས། ཨུ་དམག་ལ་འཕྲད་པའི་གནོན་ཤུགས་རྒྱུན་མཐུད་ཇེ་ཆེར་ཕྱིན་ཡོད། ཡིན་ནའང་ཡུག་དམག་གིས་ཨུ་དམག་གི་ས་ཁུལ་དེར་ཡོད་པའི་འགོག་སྲུང་འཛིང་རགས་གཏོར་ཐུབ་མེད། དེ་མིན་ཨུ་དམག་གིས་ཧར་ཁེ་ཧྥུ་མངའ་སྡེ་རུ་ཡུག་དམག་གི་མྱུལ་ཞིབ་གཏོར་བརླག་ཚོ་ཆུང་གཉིས་ཀྱི་བྱ་སྤྱོད་ཕམ་པར་བཏང་ནས། ཡུག་དམག་གི་ཏི་ནེ་པོ་རོ་པི་ཏེ་རོ་ཧྥུ་སི་ཁོ་མངའ་སྡེར་གནས་པའི་དམག་སྒར་དང་ནུབ་ཕྱོགས་ཀྱིས་མཁོ་སྤྲོད་བྱས་པའི་མཚོན་ཆ་གསོག་ཉར་བྱེད་སར་རྡུང་རྡེག་བཏང་ཡོད། ད་དུང་ཏུན་ཉི་ཚི་ཁེ་ས་ཁུལ་དང་ཀྲ་པོ་རོ་རེ་མངའ་སྡེར་གནས་པའི་ཡུག་དམག་གི་སྟོང་ཤོག་གཉིས་ཀྱི་བཀོད་འདོམས་ལྟ་ཞིབ་ས་ཚིགས་ལ་རྡུང་རྡེག་བཏང་ཡོད་པ་རེད།




  • 顶