ཟླ་༥པའི་ཚེས་༡༡ནས་༡༢
བར།
དཀར་མཛེས་ཁུལ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་དང་དཀར་མཛེས་ཁུལ་བོད་ཀྱི་ཤེས་རིག་ཞིབ་འཇུག་ཁང་ངམ་དཀར་མཛེས་ཁུལ་སྐད་ཡིག་རྩོམ་སྒྱུར་ལྟེ་གནས་གཉིས་ཀྱིས་མཉམ་དུ་དར་མདོ་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་བྱང་ཚད་མཐོ་འདེགས་དང་རྒྱ་བོད་ཡིག་སྒྱུར་ཚད་ལྡན་གྱི་ཟབ་སྦྱོང་ཚོགས་འདུ་དར་མདོ་ནས་སྐོང་ཚོགས་བྱས་པ་དང་།
ཐེངས་འདིའི་ཟབ་སྦྱོང་གི་དམིགས་ཡུལ་ནི་རང་ཁུལ་གྱི་རྫོང་དང་གྲོང་ཁྱེར་སོ་སོ་དང་ཁུལ་གྱི་འབྲེལ་ཡོད་ལས་ཁུངས་ཀྱི་རྒྱ་བོད་ཡིག་སྒྱུར་པའི་ཡིག་སྒྱུར་ཆུ་ཚད་མཐོ་འདེགས་བཏང་ནས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་ཞབས་ཞུ་ཞུ་བ་དང་དུས་ལྟར་ཏང་དང་སྲིད་གཞུང་གི་གལ་ཆེའི་སྲིད་ཇུས་ཆ་ཚང་འཁྲུལ་མེད་ཀྱིས་གཞི་རིམ་མང་ཚོགས་ལ་བསྒྲགས་ནས།རྒྱ་ཆེའི་མང་ཚོགས་ཀྱིས་ཏང་དང་སྲིད་གཞུང་གི་གཞི་རིམ་མང་ཚོགས་ཀྱི་ཐུགས་ཁུར་ཤེས་ཞིང་དེང་རབས་ཅན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་པར་ནུས་པ་སྤེལ་བ།
ཟབ་སྦྱོང་གི་དབུ་འབྱེད་མཛད་སྒོའི་སྐབས་སུ། ཁུལ་བོད་ཀྱི་ཤེས་རིག་ཞིབ་འཇུག་ཁང་གི་འགོ་འཛིན་ནམ་ཁུལ་སྐད་ཡིག་རྩོམ་སྒྱུར་ལྟེ་གནས་ཀྱི་ཀྲུའུ་རེན་འཇིགས་མེད་རྡོ་རྗེས་གསུང་རྒྱུ།དང་པོ།ཟབ་སྦྱོང་དུ་ཡོང་པའི་སློབ་མ་རྣམས་ཀྱི་རྒྱ་བོད་ཡིག་སྒྱུར་གྱི་དོན་སྙིང་གལ་ཆེ་ཤེས་དགོས། རྒྱ་བོད་ཡིག་སྒྱུར་གྱི་ཟབ་སྦྱོང་ཚོགས་འདུ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་བྱེད་པ་དང་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་ཏང་གི་སྲིད་ཇུས་དང་ཁྲིམས་ལུགས། ཚན་རིག་ཤེས་བྱ་བསྒྲགས་པའི་རྨང་གཞིའི་ལས་ཀ་ཡིན་ཞིང་ཡིག་སྒྱུར་པ་རྣམས་ཀྱི་ཆུ་ཚད་ཀྱིས་ཐད་ཀ་སྲིད་ཇུས་ཁྱབ་བསྒྲགས་ཀྱི་གྲུབ་འབྲས་དང་འབྲེལ་བ་ཡོད།གཉིས་པ།ཟབ་སྦྱོང་གི་སྒྲིག་ལམ་སྲུང་ཞིང་ཐེངས་འདིའི་གོ་སྐབས་བཟུང་སྟེ་ཕན་ཚུན་བགྲོ་གླེང་དང་སློབ་སྦྱོང་བྱས་ནས་ཡིག་སྒྱུར་ཆུ་ཚད་མཐོ་འདེགས་བཏང་བ། མཇུག་ཏུ། ཐེངས་འདིའི་ཟབ་སྦྱོང་དང་འབྲེལ་ནས་ཉེ་བའི་ལོ་ཤས་རིང་གི་དཀར་མཛེས་ཁུལ་བོད་ཀྱི་ཤེས་རིག་ཞིབ་འཇུག་ཁང་གི་ལས་ཀ་གཙོ་བོ་རྣམས་ངོ་སྤྲོད་བྱས། ལྷག་པར་དཔེ་རྙིང་འཚོལ་སྡུད། དགོན་པའི་བླ་བཙུན་རྣམས་གྱིས་གསར་བརྗེའི་ལས་དོན་ལ་རྒྱབ་སྐྱོར་སྐོར་གྱི་ལོ་རྒྱུས་བསྡུ་སྒྲིག་དང་དཀར་མཛེས་ཁུལ་གྱི་ས་མིང་རིག་གནས་ཀྱི་དཔེ་ཆ་རྩོམ་སྒྲིག་བཅས་ཀྱི་ལས་ཀ་སྐོར་ངོ་སྤྲོད་བྱས།

ཟབ་སྦྱོང་དུ་ཞིང་ཆེན་དང་ཁུལ་གྱི་རྒྱ་བོད་ཡིག་སྒྱུར་ཆེད་མཁས་གདན་དྲངས་བྱས་ཡོད་པ་དང་། ཁོ་ཚོ་ལ་བོད་རིག་པ་ཞིབ་འཇུག་དང་རྒྱ་བོད་ཡིག་སྒྱུར་གྱི་གཞུང་ལུགས་སློབ་སྟོན་དང་ལག་ལེན་སྦྱོང་བརྡར་ཡང་ཡོད། ཟབ་སྦྱོང་སྐབས། དཔེ་ཁྲིད་དགེ་རྒན་རྣམས་ཀྱིས་བོད་ཀྱི་སྐད་ཡིག་གི་བརྡ་སྤྲོད་དང་། རྒྱ་བོད་ཚིག་ཚིག་མཛོད་རྩོམ་སྒྲིག རྒྱ་བོད་ཡིག་སྒྱུར་གྱི་གནད་དོན་ཁ་ཤས་དང་ཡིག་སྒྱུར་གཞུང་ལུགས་ཀྱི་གནས་བབ་སོགས་དང་འབྲེལ་ནས་སློབ་ཁྲིད་གནང་། ལྷག་པར་ཡིག་སྒྱུར་གཞུང་ལུགས་དང་འབྲེལ་ནས། ཡིག་སྒྱུར་གི་གནད་དོན་ཁ་ཤས་སྐོར་ལ་བགྲོ་གླེང་བྱས།
ཐེངས་འདིའི་ཟབ་སྦྱོང་དང་བགྲོ་གླེང་བརྒྱུད་ནས། དཀར་མཛེས་ཁུལ་མི་རིགས་ལས་དོན་གྱི་གཞུང་ལུགས་རྒྱབ་རྟེན་ཐད་གལ་ཆེའི་འཐབ་ཇུས་རང་བཞིན་གྱི་དོན་སྙིང་ལྡན་ཞིང་། ཁུལ་ཡོངས་ཀྱི་སྐད་གཉིས་ཤེས་མཁན་གྱི་ལས་བྱེད་རྣམས་ཀྱིས་རྒྱ་བོད་སྐད་ཡིག་ཡིག་སྒྱུར་གྱིས་དེང་སང་རྒྱལ་ཁབ་དང་མི་རིགས་ལས་དོན་ཁྲོད་དོན་སྙིང་གལ་ཆེ་ཡོད་པར་ཤེས། ལྷག་པར་ཚོགས་ཆེན་ཉི་ཤུ་པའི་རྗེས་སུ། སྐད་གཉིས་ཤེས་མཁན་གྱི་ལས་བྱེད་རྣམས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཁྱབ་བསྒྲགས་ཁྲོད་ནུས་པ་གལ་ཆེ་འདོན་ཞིང་། ལྕགས་རྡུང་ན་ཐོ་བ་སྲ་དགོས་ཞེས་པ་ལྟར། རྒྱ་བོད་ཡིག་སྒྱུར་པ་རྣམས་ཀྱིས་རང་གི་ཡིག་སྒྱུར་གྱི་གཞུང་ལུགས་དང་ལག་ལེན་གྱི་ཆུ་ཚད་མཐོ་འདེགས་བཏང་ནས། ད་གཟོད་དོན་དང་མཐུན་ཞིང་འཁྲུལ་མེད་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་མི་རིགས་ས་ཁུལ་དུ་ཁྱབ་བསྒྲགས་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་སྐྱོང་བྱ་ཐུབ།
ཟབ་སྦྱོང་ཞུགས་མཁན་གྱི་སློབ་མ་རྣམས་ཀྱིས། ཐེངས་འདིའི་ཟབ་སྦྱོང་བརྒྱུད་ནས། རང་གི་རྒྱ་བོད་ཡིག་སྒྱུར་གྱི་གཞུང་ལུགས་དང་ཆུ་ཚད་མཐོ་འདེགས་བྱུང་བ་དང་མ་འོངས་པར་ད་རུང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དང་རྒྱ་བོད་སྐད་ཡིག་ཕན་ཚུན་ཡིག་སྒྱུར་གྱི་ཆུ་ཚད་ཇེ་མཐོ་དང་བཅས་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་ཡང་དག་དང་འཁྲུལ་མེད་སྒོས་གཞི་རིམ་མང་ཚོགས་ལ་བསྒྲག་རྒྱུ་ཡིན་ཞེས་བཤད།

ཐེངས་འདིའི་ཟབ་སྦྱོང་ཚོགས་འདུའི་ཐོག་ཁུལ་ཡོངས་ཀྱི་རྫོང་དང་གྲོང་ཁྱེར་༡༨ དང་ཁུལ་གྱི་འབྲེལ་ཡོད་ལས་ཁུངས་༡༦ ཡི་ལས་བྱེད་༧༠ ཞུགས་ཡོད།



འཕྲིན་སྟེགས། weikangba