ཟླ་བ་ལྔ་པའི་ཚེས་དགུའི་ཉིན་ཨུ་རུ་སུ་ཡིས་དམག་གཟིགས་མཛད་སྒོ་སྤེལ

2023-05-10
417

  ཟླ་བ་ལྔ་པའི་ཚེས་དགུའི་ཉིན་ཨུ་རུ་སུ་ཡིས་དམག་གཟིགས་མཛད་སྒོ་སྤེལ་ནས་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་དོན་བརྒྱད་འཁོར་བར་དྲན་གསོ་ཞུས་པ་རེད། ཚེས་བདུན་ཉིན་གྱི་རྒྱལ་ཁའི་ཉིན་མོར་དམག་གཟིགས་བྱེད་པའི་སྤྱིའི་དམར་སྦྱོང་དེ་ཐང་དམར་པོ་རུ་སྤེལ་བ་རེད།  ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡིས་ད་ལོའི་རྒྱལ་ཁའི་ཉིན་མོའི་དམག་གཟིགས་བྱེད་སྒོའི་ནང་དམག་མི་ཁྲི་གཅིག་ཞུགས་ཡོད་པ་དང་།  རིགས་སོ་སོའི་མཚོན་ཆས་སྒྲིག་ཆས་བརྒྱ་དང་ཉེར་ལྔ་འགྲེམ་སྟོན་བྱས་ཡོད།   དེ་མིན་ད་དུང་དང་བླངས་པ་འབུམ་གཉིས་ལྷག་གིས་རྒྱལ་སྲུང་དམག་འཁྲུག་གི་དམག་མི་རྒན་པར་རོགས་རམ་བྱས་ནས་རིགས་སོ་སོའི་དྲན་གསོའི་བྱེད་སྒོའི་ནང་ཞུགས།  


  • 顶 0