ཨ་རིའི་ཏེ་ཁེ་སཱ་སིའི་མངའ་སྡེའི་ཚོང་ཁང་ཞིག་ནང་མེ་མདའ་རྒྱག་པའི་དོན་རྐྱེན་བྱུང་ནས་མི་དགུ་ཤི།

2023-05-09
431

  ས་གནས་དེ་གའི་དུས་ཚོད་ཚེས་དྲུག་ཉིན་གྱི་ཕྱི་དྲོར། ཨ་རིའི་་་་ཏེ་ཁེ་སཱ་སིའི་མངའ་སྡེ་ཏཱ་ལཱ་སི་གྲོང་མཐར་གྱི་ཚོང་ཁང་ཞིག་ནང་མེ་མདའ་རྒྱག་པའི་དོན་རྐྱེན་ཚབས་ཆེན་བྱུང་ནས། མེ་མདའ་རྒྱག་མཁན་འདུས་པའི་མི་དགུ་ཤི་བ་དང་། མི་བདུན་རྨས། དེའི་ནང་གི་མི་གསུམ་ལ་རྨས་ཚབས་ཆེན་ཕོག་ཡོད། ཡུལ་དངོས་མཐོང་མཁན་གྱིས་བཤད་པ་ལྟར་ན། དོན་རྐྱེན་བྱུང་དུས་མེ་མདའ་སྐད་སུམ་ཅུ་གྲགས་བྱུང་། དེའི་རྗེས་ས་གནས་དེ་གའི་ཉེན་རྟོག་པ་ཡུལ་དངོས་ལ་འབྱོར། རེད་དེ་ཡུལ་དངོས་ཀྱི་མི་སེར་ཕྱིར་བྲོས་དུས་ཡང་བསྐྱར་མེ་མདའ་རྒྱག་པས། མི་ཚོགས་ཕྱོགས་བཞིར་བྲོས་པ་རེད། ས་གནས་དེ་གའི་ཉེན་རྟོག་པས། མི་མདའ་རྒྱག་མཁན་མི་གཅིག་ཡིན་ལ། ཉེན་རྟོག་པས་བསད་ཚར། འབྲེལ་ཡོད་ཀྱི་རྟོག་ཞིབ་བྱེད་བཞིན་པའི་སྒང་ཡིན་ཟེར།


  • 顶 0