རྒྱ་གར་སྟོང་བཙན་སྐྱེ་ཁམས་མཛེས་ལྗོངས་ཁུལ་ནི་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་གྲོང་གསར་ཞང་བརླན་ཚལ་གྲོང་ཚོར་ཆགས་ཤིང་། རྒྱལ་ལམ་གསུམ་གཅིག་བརྒྱད་ཀྱི་འགྲམ་རྒྱུད་དུ་ཡོད་ལ། ཀོང་པོ་རྒྱ་མདའ་རྫོང་དང་བར་ཐག་སྤྱི་ལེ་ཉེར་བཞི་ཙམ་ཡོད། མཛེས་ལྗོངས་ཁུལ་འདིའི་རི་ཀླུང་བཀོད་པ་མཛེས་ཤིང་ལྟ་ན་སྡུག ནོར་ལྷ་རྒྱ་གར་སྟོང་བཙན་གྱི་གནས་རི་དང་། རིག་གནས་ལོ་རྒྱུས་ཀྱིས་ཕྱུག་པའི་ང་ཕོད་ཕྱག་མཛོད་གཞིས་ཀ་སོགས་ཡོད་པས། ཡུལ་སྐོར་སྤྲོ་འཆམ་གྱི་གནས་གལ་ཆེན་དུ་གྱུར་ཡོད།
སྟོང་བཙན་སྐྱེ་ཁམས་མཛེས་ལྗོངས་ཁུལ་ལ་མཚོན་ན། ཆེས་ཁྱད་ཆོས་ལྡན་པ་དེ་གང་རེད་ཅེ་ན། གནས་དེའི་བརླན་ཚལ་སྤྲེའུའི་སྐྱེད་ཚལ་ཡིན་ལ། དགུང་ལོ་དོན་གསུམ་ལ་སོན་པའི་བགྲེས་སོང་མིང་ལ་སྟོབས་རྒྱལ་ཟེར་བ་ཞིག་གིས། མི་ལོ་ཉེར་གསུམ་ལྷག་ལ་སྤྲེའུ་ཚོགས་རང་གི་བུ་བཞིན་བསྐྱངས་ཤིང་། ལྟོགས་དུས་ཟས་དང་ན་དུས་སྨན་བྱིན་ནས་ལོ་མང་རིང་སྤྲེའུ་ལྔ་སྟོང་ལྷག་གསོས་འདུག་པས། ཁོང་ལ་སྤྲེའུ་རྒྱལ་ཞེས་མཚན་ཡང་ཐོགས་འདུག
བོད་སྤྲེའུ་ནི་སྤྱིར་བཏང་སྨི་སུམ་སྟོང་ནས་བཞི་སྟོང་བར་གྱི་ས་བབ་མཐོ་བའི་ས་ཁུལ་དུ་འཚོ་གནས་བྱེད་ཀྱི་ཡོད་ལ། གཙོ་བོ་ཉིང་ཁྲི་གཙོས་པའི་བོད་ཤར་ལྷོའི་ས་ཁུལ་དང་ཡུན་ནན་གྱི་ནུབ་བྱང་རྒྱུད་དུ་མང་བ་རེད། དེ་ནི་རང་རྒྱལ་ལ་མ་གཏོགས་མེད་པའི་སྲོག་ཆགས་རིགས་ཤིག་ཡིན་ལ། རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་སྲོག་ཆགས་ཀྱང་ཡིན་པ་རེད།
བརླན་ཚལ་ལྗོངས་ཁུལ་དུ་བགྲེས་སོང་སྟོབས་རྒྱལ་གྱི་སྣེ་ཁྲིད་འོག འཐུས་སྒོ་ཚང་བའི་ནགས་ཚལ་སྲུང་སྐྱོང་ལམ་སྲོལ་དང་གྲོང་མིའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་ཕྱིན་པ་ལས་ད་ཆ་བོད་སྤྲེའུ་ལྔ་སྟོང་ལྷག་དེ་གར་འཚོ་གནས་བྱེད་བཞིན་མཆིས། བརླན་ཚལ་ལྗོངས་ཁུལ་གྱི་སྤྲེའུ་དེ་དག་མི་དང་འདྲིས་ཆགས་ཡོད་པས། འཆམ་མཐུན་མཉམ་གནས་དེ་བརླན་ཚལ་ལྗོངས་ཁུལ་གྱི་ཁྱད་ཆོས་ཤིག་ཏུ་གྱུར་ཡོད་ལ། གནས་འདི་ནི་བོད་ལྗོངས་ཀྱི་རི་སྐྱེས་སྲོག་ཆགས་ལྟད་མོ་ལྟ་བའི་ཁམས་གསེང་གླིང་ཐོག་མ་དེ་ཡང་ཡིན་པ་རེད།

རྒྱ་གར་སྟོང་བཙན་སྐྱེ་ཁམས་མཛེས་ལྗོངས་ཁུལ་ལ་མཚོན་ན་ད་རུང་རི་ཆུ་ནགས་གསུམ་གྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པར་མ་ཟད། ལོ་རྒྱུས་ཀྱི་རྒྱུན་རིང་བའི་གནའ་བོའི་གྲོང་ཚོ་དང་གཞིས་ཀ་ཡོད་ལ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་ཡིད་དགའ་འོས་པའི་རྣམ་པ་གང་མང་མཐོང་རྒྱུ་ཡོད་པས། ཡུལ་སྐོར་སྤྲོ་འཆམ་གྱི་གནས་ཁྱད་དུ་འཕགས་པ་ཞིག་ཡིན་ནོ།

སྤྱི་ཟླ་བཞི་པའི་ཚེས་གཅིག་ཉིན་ལ་ཐད་གཏོང་ཆེན་པོ་ཞིག་ཡོད།
སྤྱི་ཟླ་བཞི་པའི་ཚེས་གཅིག་ཉིན། ངེད་ཁམས་པའི་བརྙན་འཕྲིན་ཁང་གིས་གནས་མཆོག་ཀོང་པོ་རྒྱ་མདའ་ནས་ཐད་གཏོང་ཆེན་པོ་ཞིག་བྱེད་རྒྱུ་ཡིན་ལ། ང་ཚོས་མཉམ་དུ་ཐད་གཏོང་ཁང་ནས་གནས་འདིའི་མི་ཆོས་ཀྱི་མཛེས་པ་དང་རང་བྱུང་གི་མཛེས་པ། འཆམ་མཐུན་གྱི་མཛེས་པ་ཉམས་སུ་མྱོང་ཡ།

ཐད་གཏོང་དྲ་གནས། ཤམ་བྷ་ལའི་ཆ་འཕྲིན་མགྲོན་སྣེའི་ཐད་གཏོང་ཁང་།

ཁམས་པའི་བརྙན་འཕྲིན་ཁང་གི་འཕྲིན་ཕྲན་བརྙན་སྟེགས་ཐད་གཏོང་ཁང་།

ཁམས་པའི་བརྙན་འཕྲིན་ཁང་གི་འདར་དབྱངས་ཐད་གཏོང་ཁང་།

འཕྲིན་སྟེགས། weikangba