གཡུ་ཡི་མནྟལ་ཐང་ལ་བརྡལ་འདྲའི་བྲག་གསུམ་མཚོ།

2023-03-28
335

གཡུ་ཡི་མནྟལ་ཐང་ལ་བརྡལ་འདྲའི་བྲག་གསུམ་མཚོ།

 གནས་མཆོག་བྲག་གསུམ་མཚོ་ནི་རང་རྒྱལ་གྱི་གཙོ་གནད་རིག་དངོས་སྲུང་སྐྱོང་སྡེ་ཚན་གྱི་གྲས་ཤིག་ཡིན་ལ། ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་མཚོ་འགོ་ཞང་སྲིད་གཞུང་གི་བྱང་ཕྱོགས་ཀྱི་སྤྱི་ལེ་གཉིས་ཙམ་གྱི་སར་ཡོད་ཅིང་། ཡུལ་སྐོར་སྣུམ་ནག་ལམ་ཤར་བགྲོད་ཐུབ་ཡོད། བྲག་གསུམ་མཚོ་ཞེས་པའི་མིང་ནི་བྲག་གསུམ་སྟེ། བྲག་དང་པོ་ཀ་ཡ་མི་འདུལ་ལྷ་ཡི་བྲག བྲག་གཉིས་པ་སླེབ་ལུང་རྡོ་རྗེ་བྲག བྲག་གསུམ་པ་མཚོ་ཆུ་དྭངས་མ་བཙན་གྱི་བྲག་ཅེས་བྲག་གསུམ་ཡུལ་གྱི་མཁའ་འགྲོའི་བླ་མཚོའམ་རྙིང་མའི་བླ་མཚོ་ཡིན་པས། མིང་ལ་བྲག་གསུམ་མཚོ་དང་བྲག་གསུམ་དིང་མའི་མཚོ་ཞེས་ཐོགས།  

图片

   དེ་ནི་ཁྲོན་བོད་གཞུང་ལམ་ནས་སྤྱི་ལེ་ང་བཞི་དང་། རྒྱ་མདའ་རྫོང་ནས་སྤྱི་ལེ་དགུ་བཅུ། ཉིང་ཁྲི་གྲོང་ཁྱེར་ནས་སྤྱི་ལེ་བརྒྱ་དང་ཉེར་ལྔ་ཡོད་ཅིང་། བོད་ལྗོངས་ཤར་རྒྱུད་དུ་ཆགས་པའི་ཚྭ་མེད་མཚེའུ་ཆེ་ཤོས་ཤིག་ཡིན་པར་གྲགས། མཚོའི་དབྱིབས་ནི་གཞུ་མོ་ལ། དུས་བཞིར་ཁ་མདོག་སྔོ་ཞིང་དྭངས། མཚོ་དཀྱུས་ཀྱི་རིང་ཚད་ལ་སྤྱི་ལེ་བཅོ་ལྔ་དང་ཞེང་ཚད་ལ་ཆ་སྙོམས་སྤྱི་ལེ་གཉིས་དང་ཕྱེད་ཀ་ཡོད། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་སོ་བདུན་དང་ཕྱེད་ཀ་ཡོད་ལ། ཆ་སྙོམས་གཏིང་ཚད་ལ་སྨི་དྲུག་ཅུ་ཚེག་གཅིག་ལྔ་དང་གཏིང་ཟབ་ཤོས་སུ་སྨི་བརྒྱ་དང་རེ་དྲུག་ཡོད། ཆ་སྙོམས་མཚོ་འཕགས་སྨི་སུམ་སྟོང་ལྔ་བརྒྱ་སོ་བརྒྱད་ཡིན་པ་རེད། 

图片

  གནའ་དུས་བོད་ཀྱི་བཙན་པོའི་ལོ་རྒྱུས་སུ་བཙན་པོ་སྲོང་བཙན་སྒམ་པོའི་ཡབ་གནམ་རི་སྲོང་བཙན་གྱིས་བྲག་གསུམ་གྱི་མཚོ་འདིའི་འགྲམ་ནས་རྟ་འདོ་བ་ཅང་ཤེས་རྙེད་པའི་ལོ་རྒྱུས་ཡོད་པ་དང་། དམངས་ཁྲོད་ཀྱི་ངག་རྒྱུན་དུའང་མཚོ་འདིའི་ནང་ནས་སྐབས་རེར་རྟ་འགྲོ་བ་མཐོང་རྒྱུ་ཡོད་ཟེར།

图片

     དེ་མིན་གླིང་སྒྲུང་དང་འབྲེལ་བའི་སྐོར་ལ། སྔར་བྱང་ཕྱོགས་ཀྱི་གངས་དཀར་རྒྱལ་ཆེན་གནམ་ལྷ་དཀར་པོ་ཞེས་པའི་ཡུལ་ལྷ་ཞིག་ཡོད་པ་དེ་གླིང་གེ་སར་རྒྱལ་པོས་ཧོར་གླིང་འཁྲུག་དུས་ཀོང་ཡུལ་བྲག་གསུམ་གྱི་ཡུལ་དུ་གདན་དྲངས་ནས་བྲག་གསུམ་གྱི་ཡུལ་ལྷར་བསྐོས་པས། དུས་དེ་ནས་བཟུང་རྒྱལ་ཆེན་གནམ་ལྷ་དཀར་པོ་དེ་ཀོང་བྲག་གསུམ་ཡུལ་གྱི་ཡུལ་ལྷར་གྱུར་བའི་ངག་རྒྱུན་འདུག 

     བྲག་གསུམ་མཚོའི་མཚོ་དཀྱིལ་གླིང་ཕྲན་ཐོག་ཏུ་དགོན་པ་ཆུང་ཆུང་ཞིག་ཡོད་ལ། དེའི་མིང་ལ་མཚོ་རྫོང་དགོན་ཟེར། དུས་རབས་བཅུ་བདུན་པའི་དུས་དཀྱིལ་ལ་གསང་སྔགས་རྙིང་མའི་བདག་ཉིད་ཅན་གཏེར་སྟོན་སངས་རྒྱས་གླིང་པས་ཕྱག་བཏབ་ཅིང་། ད་བར་མི་ལོ་དྲུག་བརྒྱ་ལྷག་གི་ལོ་རྒྱུས་ལྡན།  རྟེན་གཙོ་བོ་གུ་རུ་རྡོ་རྗེ་གྲོ་ལོད་ཡིན་པ་རེད།

སྤྱི་ཟླ་བཞི་པའི་ཚེས་གཅིག་ཉིན་ལ་ཐད་གཏོང་ཆེན་པོ་ཞིག་ཡོད།

     སྤྱི་ཟླ་བཞི་པའི་ཚེས་གཅིག་ཉིན། ངེད་ཁམས་པའི་བརྙན་འཕྲིན་ཁང་གིས་གནས་མཆོག་ཀོང་པོ་རྒྱ་མདའ་ནས་ཐད་གཏོང་ཆེན་པོ་ཞིག་བྱེད་རྒྱུ་ཡིན་ལ། ང་ཚོས་མཉམ་དུ་ཐད་གཏོང་ཁང་ནས་གནས་འདིའི་མི་ཆོས་ཀྱི་མཛེས་པ་དང་རང་བྱུང་གི་མཛེས་པ། འཆམ་མཐུན་གྱི་མཛེས་པ་ཉམས་སུ་མྱོང་ཡ།

ཐད་གཏོང་དྲ་གནས།   ཤམ་བྷ་ལའི་ཆ་འཕྲིན་མགྲོན་སྣེའི་ཐད་གཏོང་ཁང་།

ཁམས་པའི་བརྙན་འཕྲིན་ཁང་གི་འདར་དབྱངས་ཐད་གཏོང་ཁང་།

ཁམས་པའི་བརྙན་འཕྲིན་ཁང་གི་འདར་དབྱངས་ཐད་གཏོང་ཁང་།


  • 顶 0