ཉིང་ཁྲིའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་སྐབས་ཉི་ཤུ་པའི་འོས་སྦྱོར་ཚོགས་འདུ་ལྷ་སར་འཚོགས་པ།

2023-03-27
450

60d04140-eeed-47f2-844b-1885a10584e7.jpg.1.jpg

འདི་ནི་འོས་སྦྱོར་ཚོགས་འདུར་ལས་དོན་མི་སྣས་མི་རིགས་ཀྱི་གྱོན་ཆས་འགྲེམས་སྟོན་བྱེད་བཞིན་པ། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་3ཚེས་18ཉིན་ཉིང་ཁྲིའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་སྐབས་ཉི་ཤུ་པའི་འོས་སྦྱོར་ཚོགས་འདུ(ལྷ་སའི་ས་ཚུགས)འཚོགས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ཁམ་བུའི་མེ་ཏོག་དུས་ཆེན་གྱི་བྱེད་སྒོའི་ནང་དོན་ཕུན་སུམ་ཚོགས་ལ་བཀྲག་མདངས་འཚེར་ས་མངོན་གསལ་དོད་པོ་ཡོད་པ་རེད། འགོ་ཚུགས་མཛད་སྒོར་གླུ་གར་འཁྲབ་སྟོན་དང་། དམངས་སྲོལ་ལུས་རྩལ་འགྲན་བསྡུར། ཡུལ་སྐོར་གཟུགས་བརྙན་ཕོ་ཉ་དང“ཁམ་བུའི་མེ་ཏོག་གི་ལྷ་སྲས་དང་ལྷ་མོ”འདེམས་པའི་འགྲན་བསྡུར་ཆེ་མོ། ཁམ་བུའི་མེ་ཏོག་གི་རོལ་དབྱངས་དུས་ཆེན་སོགས་སྣ་མང་ཕུན་སུམ་ཚོགས་པའི་རྟེན་འབྲེལ་བྱེད་སྒོ་སྤེལ་རྒྱུ་རེད། སྤུས་རྟགས་ཀྱི་ཁྱབ་འགྱེད་ནུས་པ་ཆེ་རུ་གཏོང་ཆེད། ཉིང་ཁྲི་གྲོང་ཁྱེར་གྱིས་གྲོང་ཁྱེར་ཡོངས་ཀྱི་རྫོང(ཆུས)ཁག་ཏུ་ཡན་ལག་ཚོགས་ར་འཛུགས་རྒྱུ་མ་ཟད། ཟླ་བཞི་པའི་ཟླ་མཇུག་བར་ནང་དོན་ཕུན་སུམ་ཚོགས་ལ་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་དམངས་སྲོལ་རིག་གནས་ཀྱི་བྱེད་སྒོ་ཐེངས་མང་སྤེལ་རྒྱུ་ཡིན་པ་རེད།

ཉིང་ཁྲི་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་ཏང་ཙུའི་ཧྲུའུ་ཅི་དང་ཅུས་ཀྲང་གཞོན་པ་བསྟན་འཛིན་བསམ་གྲུབ་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཡུལ་སྐོར་ལས་རིགས་ས་ཁོངས་ཧྲིལ་པོ་དང་དུས་འཁོར་ཧྲིལ་པོའི་འཕེལ་རྒྱས་ཡོང་བར་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་ཡུལ་སྐོར་ལས་རྣམ་ཕུན་སུམ་ཚོགས་སུ་གཏོང་ཆེད། ཉིང་ཁྲིའི་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱིས་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གིས་བཏོན་པའི“ས་གནས་དེ་གར་ཡུལ་སྐོར་བྱེད་པའི”སྲིད་ཇུས་ལག་བསྟར་དོན་འཁྱོལ་ནན་པོ་བྱས་ཏེ་ཉིང་ཁྲིའི་ཐོན་ཁུངས་ལེགས་ཆ་འཕེལ་རྒྱས་ཀྱི་ལེགས་ཆར་འགྱུར་བ་བྱས་ནས་རྒྱ་ཆེའི་ཡུལ་སྐོར་བར་ངོ་མཚར་ཆེ་བའི་ཁམ་བུའི་མེ་ཏོག་གི་དུས་ཆེན་ཞིག་གཉེར་རྒྱུ་ཡིན་པ་རེད།

ད་ཐེངས་ཀྱི་འོས་སྦྱོར་ཚོགས་འདུ་ལ་སྤྱི་ཚོགས་ལས་རིགས་ཁག་གི་དོ་ཁུར་རྒྱ་ཁྱབ་ཐོབ་པ་དང་། ལྷ་ས་གྲོང་ཁྱེར་གྱི་ཡིག་རིས་དང་། པར་རྒྱག འཁོར་ཁྲིད་ཡུལ་སྐོར་སོགས་ལས་རིགས་མཐུན་ཚོགས་ཀྱི་འཐུས་མི་དང་ཡུལ་སྐོར་ལས་རིགས་མཐུན་ཚོགས་ཀྱི་འཐུས་མི་སོགས་མི་150ལྷག་ཙམ་ཚོགས་འདུར་ཞུགས་ཡོད། དེ་དང་ཆབས་ཅིག ཉིང་ཁྲིའི“ཁམ་བུའི་མེ་ཏོག་གི་ལྷ་སྲས་དང་ལྷ་མོ”ཡིས“ཁྱུག་དབྱིངས”ནས་བྱེད་སྒོའི་གནས་ཚུལ་ཐད་གཏོང་བྱས་པ་རེད། །

  • 顶 0