ཀུའེ་ལིན་གྲོང་ཁྱེར་ཞིན་ཨན་རྫོང་དུ་ནགས་ཚལ་མེ་ཤོར་འདུག

2023-02-01
371

༄༅།།ནགས་ཚལ་འདི་མེ་ཤོར་འདུག

   མི་དམངས་དྲ་བའི་འཕྲིན། ཚེས་30ཉིན་གསར་འགོད་པས་ཀོང་ཞི་ཀུའེ་ལིན་གྲོང་ཁྱེར་འཕྲལ་སྡོམ་དོ་དམ་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཚེས་30ཉིན་གྱི་ཆུ་ཚོད་21བར། ཀུའེ་ལིན་གྲོང་ཁྱེར་ཞིན་ཨན་རྫོང་གི་ནགས་ཚལ་མེ་སྐྱོན་སྔར་བཞིན་ཛ་དྲག་ངང་གསོད་བཞིན་ཡོད་པ་རེད། 
   ཟླ་1པའི་ཚེས་28ཉིན་གྱི་ཆུ་ཚོད་21གི་ཐོག ཀུའེ་ལིན་གྲོང་ཁྱེར་ཞིན་ཨན་རྫོང་རུང་ཅང་གྲོང་རྡལ་དབྱི་ཅ་སྡེ་བའི་དངུལ་གྱི་གཏེར་རི་རུ་ནགས་ཚལ་མེ་སྐྱོན་བྱུང་། ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་དངུལ་གྱི་གཏེར་རི་ལ་མེ་ཤོར་ཡུལ་གཉིས་ཡོད་པ་དེ་དག་ལྷོ་ནུབ་ཕྱོགས་དང་བྱང་ཤར་གྱི་ཕྱོགས་སུ་གནས་ཡོད། 

༄༅།།ནགས་ཚལ་འདི་མེ་ཤོར་འདུག


  • 顶 0