སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། མི་འབོར་དུང་ཕྱུར་བཅུ་ལྷག་གི་ལྟོ་གོས་གནད་དོན་ཐག་ཡག་པོ་བྱེད་པ་དེ། ང་ཚོའི་ཏང་གིས་ཐོག་མཐའ་བར་གསུམ་དུ་རྒྱལ་བཅོས་སྲིད་སྐྱོང་གི་དོན་དག་གལ་ཆེན་ཡིན་ཞེས་གསུངས་མོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་མཛད་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག ས་གནས་ཁག་དང་སྡེ་ཁག་སོ་སོས་འབྲུ་རིགས་ཉེན་མེད་ཡོང་བའི་ལས་ཀ་དམ་འཛིན་བྱས་ནས། ནམ་ཡང་འབྲུ་རིགས་ཉེན་མེད་ཀྱི་རྨང་གཞི་ཕྱོགས་ཡོངས་ནས་ཇེ་བརྟན་དུ་གཏོང་བ་རེད།
ལོ་གསར་པའི་ནང་། ཡང་ཞིང་རྒྱ་ཆེའི་ས་ཞིང་ནང་ཚ་ཚ་འུར་འུར་རྣམ་པས་ཁེངས། ཀུའེ་ཀྲོའུ་སུང་ཐའོ་རུ། ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་བྱེད་པ་དེ་ལམ་ཐུར་ཆེ་ཞིང་ཐར་ཐོར་དུ་གནས་པའི་རི་ཁུལ་དུ་རྒྱ་སྐྱེད་བཞིན་མཆིས།

ཧུའུ་ནན་དབྱི་དབྱང་དུ། དཔྱིད་རྨོ་ལ་གྲ་སྒྲིག་བྱེད་ཆེད། རྒྱལ་ནང་ཐོན་སྐྱེད་བྱེད་པའི་འདྲུད་འཁོར་གསར་པ་སྒྲིག་སྦྱོར་བྱེད་བཞིན་ཡོད། བཟོ་པ་ཚོས་ཐོན་རྫས་གསར་པ་ལྟ་ཞིབ་ཚད་ལེན་བྱེད་པ་དེ་འཁོར་ཁང་ནས་ཞིང་སའི་ནང་སྤོས་པ་རེད།
ཧའེ་ནན་སན་ཡ་རུ། ལོ་གསར་གུང་གསེང་འདས་མ་ཐག རྒྱལ་ཡོངས་ས་གནས་སོ་སོ་ནས་ཡོང་བའི་ཚན་ཞིབ་ལས་ཁུངས་དང་མཐོ་རིམ་སློབ་གླིང་གི་སོན་གསོ་ཆེད་མཁས་པ་བརྒྱད་སྟོང་ལྷག་གནམ་གྲུ་བསྡད་ནས་དེ་རུ་འབྱོར་ནས། མུ་མཐུད་དེ་སོན་གསོ་ཚོད་ལྟ་བྱེད་པ་རེད།
ཀྲུང་གོ་ཞིང་ལས་སློབ་ཆེན་ཆུ་འབྲས་རྒྱུད་འཛིན་སོན་གསོ་དགེ་རྒན་ཆེན་མོ་ལི་ཙི་ཁྲའོ་ཡིས། སོན་རྒྱུ་ཐོན་ཁུངས་ནི་སོན་གསོའི་རྨང་གཞི་རྒྱུ་ཆ་ཡིན་ལ། སྤུས་ལེགས་གཞི་རྒྱུ་གཙོ་བོའང་ཡིན། ང་ཚོས་ཚོད་ལྟ་བྱེད་ཐབས་བརྒྱུད། ཐན་འགོག་གི་གཞི་རྒྱུའི་ནུས་པ་སྔོག་འདོན་བྱེད་ཨེ་ཐུབ་བལྟ་ལེ་ཟེར།
རྒྱལ་ཁབ་སྟོབས་ལྡན་དུ་གྱུར་དགོས་ན་ཞིང་ལས་སྟོབས་ཤུགས་ལྡན་དགོས། ཞིང་ལས་སྟོབས་ཤུགས་ལྡན་ན་ད་གཟོད་རྒྱལ་ཁབ་སྟོབས་འབྱོར་ལྡན་ཐུབ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཞིང་སྡེའི་ལས་ཀའི་གྲོས་ཚོགས་ཐོག འབྲུ་རིགས་འགན་སྲུང་དང་ཞིང་ལས་ཐོན་རྫས་གལ་ཆེན་བརྟན་ཞིང་བདེ་འཇགས་ངང་མཁོ་འདོན་བྱེད་པ་ནི་ཞིང་ལས་སྟོབས་ལྡན་རྒྱག་ཁབ་འཛུགས་སྐྱོང་བྱེད་པའི་དོན་ཆེན་ཡིན། སྐོར་གསར་པའི་འབྲུ་རིགས་ཐོན་ནུས་རྒྱ་མ་དུང་ཕྱུར་སྟོང་ལ་སླེབས་ཐུབ་དགོས་ཞེས་གསུངས།
དེང་སང་འབྲུ་རིགས་ཐོན་ཁུལ་གཙོ་བོའི་ཞིང་ཆེན་གྱིས་ས་བོན་དང་རྨོ་ཞིང་། ཞིང་ལས་འཕྲུལ་ཆས་སྒྲིག་སྦྱོར་ཆུ་ཚད་ཐོག་ནས་ནུས་ཁུངས་གསར་འདོན་བྱེད་བཞིན་ཡོད་དེ། སི་ཁྲོན་མའེ་ཧྲན་ཡུང་ཧྥེང་གྲོང་སྡེར་ས་གནས་དེ་གས་དུས་ཚོད་དམ་འཛིན་བྱས་ནས་ས་ཆ་ཁོད་སྙོམས་པོ་བྱེད་ཅིང་། ས་ཞིང་ཆུང་ཆུང་རྒྱ་སྐྱེད་བཏང་ནས་འཕྲུལ་ཆས་ཅན་ལག་ལེན་སྟབས་བདེ་ལ། ས་ཞིང་གཤིན་པོ་ཇེ་མང་དུ་ཆགས་བཞིན་མཆིས། ༢༠༢༢ལོའི་ཟླ་བ་དྲུག་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནས་དེར་རྟོག་ཞིབ་གནང་སྐབས། ཚོད་ལྟའི་ས་ཞིང་ནང་ཕེབས་ཏེ་ཆུ་འབྲས་སྐྱེས་ཚུལ་ལ་གཟིགས་པ་རེད། ཁོང་གིས་དེང་རབས་ཞིང་ལས་ཚན་རྩལ་ཁྱབ་གདལ་བེད་སྤྱོད་དང་ལག་རྩལ་གསོ་སྦྱོང་ཇེ་དྲག་བཏང་ནས་འབྲུ་འདེབས་དུད་ཚང་ཆེན་མོ་རྩ་འཛུགས་བྱས་ནས། སྦགས་མེད་ཞིང་ལས་དང་སྐྱེ་ཁམས་ཞིང་ལས། ཆོད་མཐོ་ཞིང་ལས་འཕེལ་རྒྱས་ཆེན་པོ་གཏོང་དགོས་ཞེས་གསུངས་པ་རེད།

ཉེ་ཆར་མའེ་ཧྲན་གྲོང་ཁྱེར་གྱིས་ཡུང་ཧྥུང་ས་གནས་ཀྱི་ཐན་ཧྥུའི་འབྲུ་མཛོད་ལྟེ་ཁུལ་འཛུགས་སྐྲུན་ལ་ཆེད་དོན་འཆར་འགོད་ཁྱབ་བསྒྲགས་བྱས་ནས་ཚད་གཞི་སྔར་ལས་མཐོ་བའི་ས་ཞིང་འཛུགས་སྐྲུན་དང་སྲུང་སྐྱོང་། འབྲུ་རིགས་ཐོན་སྐྱེད་དང་སྤུས་ཀ་མཐོར་འདེགས་སོགས་བྱ་སྤྱོད་ཆེན་པོ་དྲུག་ལག་བསྟར་བྱ་དགོས་པ་བཏོན་པས། འདིས་ཡུང་ཧྥུང་གྲོང་སྡེའི་མི་སེར་ཚོས་འབྲུ་རིགས་འདེབས་པར་ཡིད་ཆེས་སྔ་ལས་མཆིས་སུ་བཅུག་ཡོད།
རྒྱལ་ཡོངས་སུ་ད་ལོར་རང་རྒྱལ་གྱིས་ཚད་གཞི་མཐོ་བའི་ས་ཞིང་མུའུ་བྱེ་བ་བཞི་ས་ཡ་ལྔ་གསར་འཛུགས་དང་། མུའུ་བྱེ་བ་གསུམ་ས་ཡ་ལྔ་ཇེ་ལེགས་གཏང་རྒྱུ་རེད། དེང་སང་ཚད་གཞི་མཐོ་བའི་ས་ཞིང་ཆུ་འདྲེན་སྒྲིག་ཆས་འཛུགས་སྐྲུན་བྱེད་པའི་ནང་དོན་གལ་ཆེན་ཏེ། ཆུ་འདྲེན་ཁུལ་ཆེ་འབྲིང་འཛུགས་སྐྲུན་དང་ལེགས་བཅོས་བྱེད་པ་དེ་རྒྱལ་ཡོངས་ས་གནས་ཁག་ལ་མདུན་སྤེལ་བྱེད་པའི་སྒང་ཡིན། ཅང་ཞི་ཨན་དབྱི་རྫོང་ཝན་ཁྲང་འདྲེན་ཁུལ་གྱི་ཨར་ལས་ཡུལ་དངོས་སུ་ཅིན་ཀང་ཆུ་སྒོའི་ལས་གཞི་གཙོ་བོ་ལས་ཚར་ནས། ལས་གཞི་མཇུག་བསྒྲིལ་གྱི་བྱ་ལས་བྱེད་བཞིན་ཡོད།
ད་ལོར་རང་རྒྱལ་གྱིས་རྒྱལ་ཡོངས་ས་ཞིང་ཆུ་འདྲེན་འཕེལ་རྒྱས་འཆར་འགོད་མགྱོགས་པར་བསྒྲིགས་ནས། བྱེད་ཐབས་མང་པོ་སྤྱད་ནས་འདྲེན་ཁུལ་འཛུགས་སྐྲུན་མ་དངུལ་དོན་འཁྱོལ་བྱེད་ཅིང་། ཨང་ཀིས་འདྲེན་ཁུལ་ཞེ་བརྒྱད་ལག་བསྟར་ཐོག་མར་བྱེད་པ་རེད།
ཆུ་བེད་པུའུ་ཡི་ཞིང་སྡེའི་ཆུ་བེད་ཆུ་གློག་སིའི་འགོ་འཛིན་གཞོན་པ་ཀྲང་ཏུན་ཆང་གིས་ད་ལོར་ང་ཚོས་འདྲེན་ཁུལ་ཆེན་མོ་དྲུག་གསར་དུ་འཛུགས་རྒྱུ་ཡིན། དེ་ཚོ་ལས་ཚར་རྗེས་ཆུ་འདྲེན་རྒྱ་ཁྱོན་མུའུ་བྱེ་བ་གཅིག་ས་ཡ་བརྒྱད་གསར་སྣོན་དང་ལེགས་བཅོས་ཐུབ་རྒྱུ་རེད་ཟེར།

ད་ལོར་སྲན་ཆེན་དང་སྣུམ་རྒྱུ་རྨོ་འདེབས་རྒྱ་ཁྱོན་མུའུ་དུང་ཕྱུར་གསུམ་བྱེ་བ་ལྔ་ཡན་ལ་ཟིན་ཐུབ་ལ། མུའུ་བྱེ་བ་གཅིག་ཡན་ཇེ་མང་གཏོང་གང་ཐུབ་དང་། རྩི་ཤིང་སྣུམ་གྱི་རང་འདོན་ཚད་བརྒྱ་ཆའི་གནས་གཅིག་མཐོར་འདེགས་གཏོང་གང་ཐུབ་བྱས་ནས་འབྲུ་རིགས་ཉེན་མེད་ཀྱི་རྨང་གཞི་ཁྱོན་ཡོངས་ནས་བརྟན་པོ་དང་ཀྲུང་གོ་བའི་ཁ་ཕོར་དམ་པོས་འཛིན་ཐུབ་ངེས་བྱེད་དགོས་ཞེས་ཟེར།
འཕྲིན་སྟེགས། weikangba